༧གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་དཔལ་གཤེན་བསྟན་སྨན་རིའི་གླིང་གི་བོད་ལྕགས་གླང་ལོའི་ལོ་ཐོ་པར་སྐྲུན་འགྲེམ་སྤེལ་བྱས་པ།


འདི་ག་སྨན་རིའི་གཡུང་དྲུང་བོན་གྱི་དཔེ་མཛོད་ཁང་ནས་གཤེན་གྱི་འབྱུང་ལྡན་ ༣༠༡ བོད་རྒྱལ་ལོ་ ༣༡༥༨ ལོ། བོད་རབ་བྱུང་བཅུ་བདུན་པའི་འཕར་བ་ཞེས་པ་ལྕགས་མོ་གླང་གི་ལོ་སྟེ། ཕྱི་ལོ་ ༢༠༢༡ ལོའི་སྟེགས་འཇོག་ལོ་ཐོ་དཔར་སྐྲུན་འགྲེམ་སྤེལ་བྱས་ཡོད།

ལོ་ཐོ་འདིར་སྤྱི་འགྲོས་ལྟར་བོད་ཚེས་དང་སྤྱི་ཚེས་གཉིས་སྤེལ་མར་བྱས་ནས་བཀོད་ཡོད་པ་དང་། དམིགས་བསལ་འདི་ག་གདན་ས་སྨན་རིའི་ལུགས་ཀྱི་གལ་ཆེའི་དུས་ཆེན་ཁག་དང་བྱེད་སྒོ་ཆེ་ཆུང་ཅི་ཡོད་རྣམས་ཟླ་རིམ་ངོས་སུ་གསལ་འཁོད་གཟིགས་བདེར་བྱས་ཡོད་པ་ལྟར་རོ། །

ལོ་ཐོ་དང་འབྲེལ་བའི་གདན་ས་སྨན་རིའི་ལུགས་ཀྱི་གལ་ཆེའི་དུས་ཆེན་དང་བྱེད་སྒོ་ཆེ་ཕྲ་ཁག་ནི།

༧རྗེ་བདག་ཉིད་ཆེན་པོའི་དགོངས་བཞེད་ལྟར་ལོ་གཅིག་གི་ཟླ་བ་བཅུ་གཉིས་ཀྱི་ཡར་ངོ་ཐམས་ཅད་ལ་འཆད་ཉན་དང་མར་ངོ་ཐམས་ཅད་ལ་སྒྲུབ་པ་བཅུ་གཉིས་ཞེས་གསུངས་པ་ལྟར། <<གཡུང་དྲུང་བོན་གྱི་བསྟན་འབྱུང་ཕྱོགས་བསྡུས་>>ལས། “བོན་སྐྱོང་ཁང་དུ་ལོ་རིམ་ཟླ་བཅུ་གཉིས། །སྒྲུབ་པ་བཅུ་གཉིས་ཚུགས་ཏེ་དང་པོ་ནས། །རིམ་བཞིན་དྲན་པ་གསང་སྒྲུབ་དབལ་གསས་ཚོགས། །བསྐང་འབུམ་རྒྱས་གསུང་མུན་སེལ་སྨྲ་སེང་སྒྲུབ། །བོན་སྐྱོང་སྒྲུབ་པ་རྣམ་རྒྱལ་སྒྲུབ་པ་དང་། །རྣམ་དག་སྒྲུབ་པ་སྤྱི་རིམ་ཁྲོ་ཕུར་དབལ། །གེ་ཁོད་སྒྲུབ་པ་ཕུར་པའི་སྒྲུབ་པ་དང་། །ཚེ་དབང་གཞུང་བཞི་མཁའ་ཀློང་སྒྲུབ་པ་དང་། །སྒྲུབ་ཆེན་ཁྲོ་བོའི་སྒྲུབ་པ་དང་བཅས་པ། །རྗེ་ཡི་ཞལ་གསུང་ཇི་བཞིན་གཏན་རྒྱུན་བཙུགས། །” ཞེས་གསུངས་པ་ལྟར། བོད་ཟླ་དང་པོར། ༡༤།༡༥རྣམ་མཁྱེན་སྟོན་པ་གཤེན་རབ་ཀྱི་འཁྲུངས་མཆོད་ཆེན་མོ་དང་། ༢༡།༢༢མ་རྒྱུད་གཤེན་ལུགས་ཀྱི་ཚོགས་མཆོད། ༢༤།༣༠ཤེས་རབ་སྨྲ་བའི་སེང་གེའི་སྒྲུབ་པ་ཆེན་མོ་བཅས་ཡོད།

བོད་ཟླ་གཉིས་པར། ༢༣།༢༩ཡི་དམ་དབལ་གསས་ཞི་དྲག་གཉིས་ཀྱི་སྒྲུབ་པ་བཅས་སོ། ། བོད་ཟླ་གསུམ་པར། ༢༡སྨན་རིའི་ཡོངས་འཛིན་སངས་རྒྱས་བསྟན་འཛིན་གྱི་འདས་མཆོད་དང་། ༢༣།༢༩རྩ་གསུམ་བོན་སྐྱོང་བཞི་སྦྲགས་ཀྱི་སྒྲུབ་པ་བཅས་སོ། ། བོད་ཟླ་བཞི་པར། ༡༤།༡༥རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ་ལྗགས་ཀློག་དང་། ༢༤།༢༩ཡི་དམ་རིག་འཛིན་འདུས་པའི་སྒྲུབ་པ་བཅས་སོ། ། བོད་ཟླ་ལྔ་པར། ༡༢།༡༦བོན་གཞིས་ཐོབ་རྒྱལ་གསར་པའི་སྤྱི་རིམ་ཆེན་མོ་མཁའ་ཀློང་གསང་བའི་མདོས་ཆེན་སོགས་དང་། ༢༣།༢༩ཀུན་གསལ་བྱམས་མ་ཆེན་མོའི་སྒྲུབ་པ་བཅས་སོ། ། བོད་ཟླ་དྲུག་པར། ༨རྗེ་མཉམ་མེད་བླ་མའི་འདས་མཆོད་དང་། ༡༠སྨན་རིའི་སྒྲུབ་ཁང་དབང་དྲག་ཕོ་བྲང་གི་དུས་ཆེན། ༡༤།༡༥ཞི་ཁྲོའི་ཚོགས་བརྒྱ་དང་ཉི་ཟེར་ཞགས་པའི་བྱང་ཆེན། ༢༣།༢༩གཤེན་རབ་རྣམ་པར་རྒྱལ་བའི་སྒྲུབ་པ་བཅས་སོ། །

བོད་ཟླ་བདུན་པར། གདན་ས་འོག་མ་རུ་ལེགས་གཡུང་དྲུང་གླིང་གི་མཁན་ཆེན་ཤེས་རབ་བསྟན་པའི་རྒྱལ་མཚན་གྱི་དུས་ཆེན་དང་། ༢༣།༢༤རྩ་བའི་བླ་མ་རྒྱལ་བ་སྨན་རིའི་ཁྲི་འཛིན་སོ་གསུམ་པ་ལུང་རྟོགས་བསྟན་པའི་ཉི་མ་རིན་པོ་ཆེ་མཆོག་གི་དུས་ཆེན། ༢༧སྐུ་མདུན་ཤེས་རབ་བློ་གྲོས་ཀྱི་འདས་མཆོད། ༢༣།༢༩རྣམ་དག་པད་མ་ཀློང་ཡངས་ཀྱི་སྒྲུབ་པ་བཅས་སོ། །བོད་ཟླ་བརྒྱད་པར། ༡།༨གཤེན་གྱི་བཀའ་ཐུབ་ཆེན་མོ་དང་། ༢༢།༢༩ཡི་དམ་གེ་ཁོད་གསང་བ་དྲག་ཆེན་གྱི་བསྙེན་སྒྲུབ་དང་སྲུང་ཟློག་བཅས་སོ། ། བོད་ཟླ་དགུ་པར། ཚེས་གཅིག་ནས་གཡས་རུའི་འཆད་རྩོད་ཆེན་མོ་དང་། ༢༣།༢༩ཡི་དམ་སྟག་ལ་མེ་འབར་གྱི་བསྙེན་སྒྲུབ་དང་སྲུང་ཟློག་བཅས་སོ། ། བོད་ཟླ་བཅུ་པར། ༢༢།༢༩ཡི་དམ་ཁྲོ་བོ་དབང་ཆེན་གྱི་བསྙེན་སྒྲུབ་དང་སྲུང་ཟློག ༣༠རྣམ་མཁྱེན་སྟོན་པ་གཤེན་རབ་ཀྱི་འདས་མཆོད་བཅས་སོ། ། བོད་ཟླ་བཅུ་གཅིག་པར། ༤མ་རྒྱུད་བྲུ་ལུགས་ཀྱི་ཚོགས་མཆོད་དང་། ༧།༨སྐྱབས་མགོན་ཟླ་བ་རྒྱལ་མཚན་གྱི་འདས་མཆོད། ༢༣།༢༩ཡི་དམ་དབལ་ཕུར་ནག་པོའི་སྒྲུབ་པ་བཅས་སོ། ། བོད་ཟླ་བཅུ་གཉིས་པར། ༢༧།༢༩ཡི་དམ་ཁྲོ་ཕུར་གཉིས་ཀྱི་དགུ་གཏོར་ཆེན་མོ་བཅས་སོ། །

སྨན་རིའི་ལོ་ཐོ་PDFཅན་དགོས་ན་འདི་ནས་ཕབ་ལེན་གནང་རོགས།

གཡུང་དྲུང་བོན་གྱི་སྒྲུབ་གནས་ཁག་གི་ངོ་སྤྲོད་དམར་མོའི་མཛུབ་ཁྲིད།
གཡུང་དྲུང་བོན་གྱི་སྒྲུབ་གནས་ཁག་གི་ངོ་སྤྲོད་དམར་མོའི་མཛུབ་ཁྲིད།
ཞང་ཞུང་སྙན་རྒྱུད་བཀའ་རྒྱུད་སྐོར་བཞིའི་གླེང་བརྗོད།
ཞང་ཞུང་སྙན་རྒྱུད་བཀའ་རྒྱུད་སྐོར་བཞིའི་གླེང་བརྗོད།
བརྡ་སྤྲོད་སྲིད་པའི་སྒྲོན་མེའི་རྩ་ཚིག
བརྡ་སྤྲོད་སྲིད་པའི་སྒྲོན་མེའི་རྩ་ཚིག
མེ་སྟོན་ཉི་མ་རྒྱལ་མཚན་མཆོག་གི་གསུང་འབུམ།
མེ་སྟོན་ཉི་མ་རྒྱལ་མཚན་མཆོག་གི་གསུང་འབུམ།
བོན་ཆོས་དཔྱད་བསྡུར།
བོན་ཆོས་དཔྱད་བསྡུར།
ལེགས་བཤད་རིན་པོ་ཆེའི་གཏེར་མཛོད།
ལེགས་བཤད་རིན་པོ་ཆེའི་གཏེར་མཛོད།
 རྗེ་མཉམ་མེད་ཤེས་རབ་རྒྱལ་མཚན་གྱི་གསུང་འབུམ་ཆ་ཚང་གི་གློག་རྡུལ་འཕྲུལ་དེབ།
 རྗེ་མཉམ་མེད་ཤེས་རབ་རྒྱལ་མཚན་གྱི་གསུང་འབུམ་ཆ་ཚང་གི་གློག་རྡུལ་འཕྲུལ་དེབ།
རྒྱུན་ཁྱེར་བོན་སྤྱོད་ཕྱོགས་བསྡུས་དད་ལྡན་ཐར་ལམ་འཛེགས་པའི་ཐེམ་སྐས་ཞེས་བྱ་བ་བཞུགས་སོ།
རྒྱུན་ཁྱེར་བོན་སྤྱོད་ཕྱོགས་བསྡུས་དད་ལྡན་ཐར་ལམ་འཛེགས་པའི་ཐེམ་སྐས་ཞེས་བྱ་བ་བཞུགས་སོ།
སྨན་རིའི་སྟེགས་འཇོག་ལོ་ཐོ།
སྨན་རིའི་སྟེགས་འཇོག་ལོ་ཐོ།
previous arrow
next arrow