འཕྲིན་གསར།
-
སྨན་རིའི་གླིང་གི་སྐབས་བཅུ་བདུན་པའི་དགེ་བཤེས་མཛད་སྒོ་ཆེན་མོ་དབུ་འཛུགས་གནང་བ།
དེ་ཡང་གཤེན་གྱི་འབྱུང་ལྡན་ ༣༠༡ གི་བོད་རྒྱལ་ལོ་༣༡༥༡བོད་ཤིང་རྟ་ལོའི་ཧོར་ཟླ་དང་པོའི་ཚེས་ལྔ་ཉིན་སྟེ། ཕྱི་ལོ་ ༢༠༡༤ ཟླ་ ༣ ཚེས་༥ཉིན་༧ཞྭ་དཀར་གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་སྙིགས་དུས་གཡུང་དྲུང་བསྟན་སྲོག་འཚོ་བའི་ཞིང་ས། འཕགས་ཡུལ་བྱང་ཕྱོགས་ཧི་མ་ཅལ་གྱི་མངའ་སྡེ། བོན་གཞིས་ཐོབ་རྒྱལ་གསར་པ་རུ་གནས་ཆགས་པའི་གཡུང་དྲུང་བོན་གྱི་བསྟན་པའི་རྩ་ལག་ཆེན་མོ་
-
རྗེ་རྒྱལ་བ་གཉིས་པ་མཉམ་མེད་ཆེན་པོའི་དུས་ཆེན།
གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་ཞེས་སྙན་པའི་གྲགས་པ་ས་གསུམ་ན་འབྲུག་བཞིན་ལྡིར་བའི་སྙིགས་དུས་གཡུང་དྲུང་བསྟན་སྲོག་འཚོ་བའི་ཞིང་ས། འཕགས་ཡུལ་བྱང་ཕྱོགས་ཧི་མ་ཅལ་གྱི་མངའ་སྡེ། བོན་གཞིས་ཐོབ་རྒྱལ་གསར་པའི་ལ་མགོ་རུ་གནས་ཆགས་པའི་གཡུང་དྲུང་བོན་གྱི་བསྟན་པའི་རྩ་ལག་ཆེན་མོ་༧དཔལ་གཤེན་བསྟན་སྨན་རིའི་གླིང་དུ་འབྱུང་ལྡན་ ༣༠༡ གི་བོད་རྒྱལ་ལོ་༣༡༥༡ཤིང་རྟ་ལོའི་ཧོར་ཟླ་དང་པོའི་ཚེས་གསུམ་དང་ལྔ། ཕྱི་ལོ་ ༢༠༡༤ ཟླ་ ༣ ཚེས་ ༤དང་༥ཉིན། གཡུང་དྲུང་བོན་གྱི་བསྟན་པའི་གསལ་བྱེད་ཆེན་མོ་༧རྣམ་འདྲེན་རྒྱལ་བ་གཉིས་པ་རྗེ་མཉམ་མེད་ཤེས་རབ་རྒྱལ་མཚན་མཆོག་སྐུ་བལྟམས་ནས་མི་ལོ་༦༥༨འཁོར་བའི་དུས་ཆེན་ཁྱད་པར་ཅན་དེ་འཆར་ཅན་ལྟར་ཚོགས་ཡོད་པ་རེད།
-
བོན་གྱི་དྲིས་ལན་དྲ་མཛོད་ཅེས་པ་གསར་དུ་སྒོ་འབྱེད་མཛད།
ཕྱི་ལོ་ ༢༠༡༤ ཟླ་ ༣ ཚེས་ ༥ ཉིན་ཏེ། བོད་རྒྱལ་ལོ་༣༡༥༡ཤིང་ཕོ་རྟ་ཡི་ལོར་ཧོར་ཟླ་ ༡ ཚེས་ ༥ ཉིན་༧རྗེ་རྒྱལ་བ་མཉམ་མེད་ཆེན་པོ་སྐུ་བལྟམས་ནས་མི་ལོ་ ༦༥༨ འཁོར་བའི་འཁྲུངས་མཆོད་དང་བསྟུན་བོན་གྱི་དྲིས་ལན་དྲ་མཛོད་ཅེས་པའི་བོན་གྱི་དྲ་རྒྱ་ཞིག་གསར་དུ་དབུ་འབྱེད་གནང་ཡོད་པ་རེད། དྲ་རྒྱའི་ཁ་བྱང་། www.askbon.net བོན་གྱི་དྲིས་ལན་དྲ་མཛོད་ཀྱི་དམིགས་ཡུལ། བོད་ཁ་བའི་ལྗོངས་འདིར་བོན་རྒྱལ་ཐོག་མ་གཉའ་ཁྲི་བཙན་པོས་དབང་བསྒྱུར་བ་ནས་བཟུང་བོད་མི་རྣམས་ཀྱི་ཤེས་རིག་གི་བློ་སྒོ་ཕྱེས་ཡོད་ཅེས་བཤད་ན་མི་འགྲིག་པ་གང་ཡང་མེད་སྙམ།
-
༧གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་དཔལ་གཤེན་བསྟན་སྨན་རིའི་གླིང་གི་ལོ་གསར།
དེ་ཡང་གངས་ཅན་ཁ་བའི་ལྗོངས་ཀྱི་ཡུལ་གྲུ། གཡུང་དྲུང་བསྟན་པ་རྒྱས་པའི་ས་གནས། མདོ་སྔགས་ཉི་ཟླ་ཤར་བའི་རི་རྩེ། ལེགས་བཤད་ལུང་རིགས་སྒྲོག་པའི་སྐྱེད་ཚལ། མང་ཐོས་མཁས་མང་འདུས་པའི་ལྟེ་གནས། རྣམ་དག་འདུལ་བ་འཛིན་པའི་དགོན་སྡེ། རྣམ་འདྲེན་རྒྱལ་བ་གཉིས་པའི་གདན་ས་ཏེ་གཙང་བཀྲ་ཤིས་སྨན་རིའི་གླིང་ནས་དཔག་ཚད་སྟོང་ཕྲག་དུ་མས་ཆོད་པ། སྙིགས་དུས་གཡུང་དྲུང་བོན་གྱི་བསྟན་སྲོག་འཚོ་བའི་ཞིང་ས། རྒྱ་གར་བྱང་ཕྱོགས་ཧི་མ་ཅལ་གྱི་མངལ་ཁུལ།
-
༧གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་དཔལ་གཤེན་བསྟན་སྨན་རིའི་གླིང་གི་དགུ་གཏོར་ཆེན་མོ།
དེ་ཡང་གྲུབ་མཐའི་རྒྱལ་པོ་འཕྲུལ་ངག་གཡུང་དྲུང་བོན་གྱི་བསྟན་པའི་སྲོལ་འབྱེད་ས་གསུམ་ན་འགྲན་པའི་ཟླ་མ་མཆིས་པ་༧རྣམ་འདྲེན་རྒྱལ་བ་གཉིས་པ་མཉམ་མེད་ཤེས་རབ་རྒྱལ་མཚན་ཞེས་གྲགས་པའི་སྙན་པ་དཀར་པོ་སྲིད་གསུམ་ལས་བརྒལ་བ། མགོན་པོ་གང་གི་རིང་ལུགས་འཁྲུལ་བ་མེད་པ་གཞིར་བཟུང་ལོ་བསྟར་རེ་བཞིན་བོད་ཕྱི་ནང་གི་གཡུང་དྲུང་བོན་གྱི་དགོན་སྡེ་ཁག་གང་སར་ཁྲོ་ཕུར་དགུ་གཏོར་ཆེན་མོ་ཚོགས་སྲོལ་ཡོད་པ་ལྟར།










