འཕྲིན་གསར།
-
༧གདན་ས་ཆེན་མོ་དཔལ་གཤེན་བསྟན་སྨན་རིའི་གླིང་གི་བོད་ཤིང་མོ་སྦྲུལ་ལོའི་ལོ་གསར།
༸ཞྭ་དཀར་གཡུང་དྲུང་བོན་གྱི་༸གདན་ས་ཆེན་མོ་དཔལ་གཤེན་བསྟན་སྨན་རིའི་གླིང་དུ་རབ་རྒྱན་ཞེས་པ་བོད་ཤིང་མོ་སྦྲུལ་གྱི་ལོ་སར་མཛད་སྒརོ་འཚོགས་གནང་ཡོད་པ་དང་། དེ་ཡང་
-
༧ སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེ་མཆོག་གི་སྐུ་ཡི་བརྒྱ་སྟོན་དང་དཔལ་ལྡན་ཁྲི་བརྟན་ནོར་རྩེའི་འདུལ་ཁང་གསར་པའི་དབུ་འབྱེད་མཛད་སྒོ།
བལ་ཡུལ་བོན་དགོན་༧དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེར་གསང་གསུམ་བོན་གྱི་མཛོད་འཛིན་༧སྐྱབས་རྗེ་རྒྱལ་བ་སྨན་རིའི་༧ཡོངས་འཛིན་སྨྲ་བའི་དབང་པོ་མཆོག་གི་སྐུ་ཡི་བརྒྱ་སྟོན་མཛད་སྒོ་ཆེན་མོ་དང་གཙུག་ལགབཁང་གསར་པའི་དབུ་འབྱེད་རབ་གནས་འཚོགས་གནང་ཤིང་དེ་ཡང་སྤྱི་ལོ་ ༢༠༢༥ ཟླ་ ༢ ཚེས་ ༡ ནས་ ༤ པའི་༧ སྐྱབས་རྗེ་མཆོག་གི་སྐུ་ཕྱྭའི་ཞབས་རིམ་དང་ཚེས་པ་ ༥ ཉིན་གཙུག་ལག་ཁང་གསར་པར་དབུ་འབྱེད་རབ་གནས། སྤྱི་ཚེ་ས ༦ ཉིན། ༧སྐྱབས་རྗེ་མཆོག་གི་སྐུ་ཡི་བླ་གཟའ་ཕུར་བུའི་ཉིན་བཀའ་དྲིན་རྗེས་དྲན་གྱི་བརྒྱ་སྟོན་མཛད་སྒོ་འཚོགས་གནང་སོང་།
-
ས་ཡོམ་གྱི་གོད་ཆགས་བྱུང་བར་༸གདན་ས་སྨན་རིའི་གླིང་ནས་སྨོན་ལམ་དང་བྱང་བུ་སོགས་གསུང་པ།
་ཆར་སྤྱི་ལོ་ ༢༠༢༥ ཟླ་ ༠༡ ཚེས ༧ ཉིན་མཐོ་སྒང་བོད་གངས་ཅན་ལྗོངས་གཞིས་རྩེ་ས་ཁུལ་ལ་སྟོད་དིང་རི་རྫོང་དང་། ལྷ་རྕེ་རྫོང་སོགས་ས་གནས་ཁག་མང་པོ་ཞིག་ལ་ས་ཡོམ་གྱི་རྐྱེན་པས་མི་རྒྱུ་ཟོག་གསུམ་ལ་གོད་ཆགས་ཆེན་པོ་བྱུང་བར་གདན་ས་སྨན་རིའི་གླིང་ནས་སྨོན་དང་བྱང་བུ་གསུང་གནང་ཡོད་པ་རེད།
-
ལ་སྟོད་དིང་རི་གཙོས་ས་ཁུལ་ཁག་ལ་ས་ཡོམ་བྱུང་བར་༸རྒྱལ་བ་སྨན་རི་བ་མཆོག་གིས་ཐུགས་གསོའི་གསུང་འཕྲིན།
ཉེ་ཆར་བོད་གངས་ཅན་ལྗོངས་ཀྱི་སའི་ཆར་ལ་སྟོད་དིང་རི་རྫོང་གཙོས་པའི་དེའི་ཉེ་འཁོར་གྱི་ས་གནས་མང་པོ་ཞིག་ལ་ཕྱི་ལོ་ ༢༠༢༥ ཟླ་༠༡ ཚེས ༧ ཉིན་ས་ཡོམ་གྱི་རྐྱེན་པས་གོད་ཆག་བྱུང་བར་རྒྱལ་བ་སྨན་རི་བ་མཆོག་གིས་ཐུགས་གསོའི་གསུང་འཕྲིན་བསྩལ་གནང་འདུག
-
༸སྨན་རིའི་དགེ་བཤེས་མཁའ་སྣ་དྲང་སྲོང་ཟླ་བ་རྣམ་རྒྱལ་མཆོག་བལ་ཡུལ་གཡུང་དྲུང་བདེ་ཆེན་གླིང་བོན་ཚོགས་ཀྱི་བླ་མར་ཁྲི་བཞེངས།
བལ་ཡུལ་གཡུང་དྲུང་བདེ་ཆེན་གླིང་བོན་ཚོགས་ནས་༧ རྒྱལ་བ་སྨན་རིའི་བླ་བྲང་ལ་སྨན་རིའི་དགེ་བཤེས་མཁའ་སྣ་དྲང་སྲོང་སྐལ་བཟང་ཟླ་བ་རྣམ་རྒྱལ་མཆོག་བླ་མ་ཁྲི་བཞེངས་གནང་རྒྱུའི་གསོལ་འདེབས་རེ་བསྐུལ་འབྱོར་བར་ཞལ་བཞེས
-
༄༅། །སྐྱབས་མགོན་ཟླ་བ་རྒྱལ་མཚན་གྱི་རྣམ་པར་ཐར་པ་ཁག་གཉིས་དང་གསོལ་འདེབས་ཀྱི་འགྲེལ་བ་བཅས།
རྣམ་ཀུན་ཐམས་ཅད་མཁྱེན་གཟིགས་རྒྱལ་དབང་སྨྲ་བའི་དབང་ཕྱུག་ཟླ་བ་རྒྱལ་མཚན་གྱི་རྣམ་པར་ཐར་པ་ཁག་གཉིས་དང་གསོལ་འདེབས་ཀྱི་འགྲེལ་བ་བཅས་བཞུགས་སོ།། མཛད་པ་པོ། སྐལ་བཟང་ཉི་མ་སོགས། ཡིག་རིགས། PDF ཕབས་ལེན།
-
གདན་ས་སྨན་རིའི་གླིང་དུ་བོད་ཤིང་འབྲུག་ལོའི་སྟོན་པའི་འདས་མཆོད་འཚོགས་པ།
༸གདན་ས་སྨན་རིའི་གླིང་དུ་བོད་ཤིང་འབྲུག་ལོའི་༸སྟོན་པའི་འདས་མཆོད་འཚོགས་པ་གནང་བ་དང་། དུས་ཚེས་ཁྱད་པར་ཅན་དང་འབྲེལ་༸སྐྱབས་རྗེ་རྒྱལ་བ་སྨན་རི་བ་མཆོག་ནས་གྲྭ་བཙུན་གསར་ཞུགས་པ་འགའ་ལ་ཚེ་རིག་སྐྲ་ཕུད་བཞེས་ཤིང་རྟེན་འབྲེལ་མིང་བཏགས་གནང་བ་
-
༄༅། །ཞུ་བཀྲ་ཤིས་བྱམས་མའི་ཉམས་མགུར་ཞེས་བྱ་བ་བཞུགས་སོ།
ཞུ་བཀྲ་ཤིས་བྱམས་མའི་ཉམས་མགུར་བཞུགས་སོ། མཛད་པ་པོ། ཞུ་བཀྲིས་བྱམས་མ། ཡིག་རིགས་ PDF སྤེལ་དུས། ༢༠༢༤། ༡༢། ༢༦ ཕབས་ལེན།
-
༧སྤྱི་ནོར་༧གོང་ས་སྐྱབས་མགོན་མཆོག་གི་སྐུའི་ཁྲུངས་སྐར་སྲུང་བརྩི་དང་འབྲེལ་མགོན་པོ་གོང་གི་ཞབས་པུས་དྲག་བསྐྱེད་ཆེད་བདུན་གཅིག་རིང་སྨན་སྦྱིན་གྱི་ལས་འགུལ་ཞིག་སྤེལ་འདུག
སོ་ལན་དུ་ཡོད་པའི་“གསོ་རིག་ཚང་”སྨན་ཁང་དང་། བོན་གཞིས་སུ་ཡོད་པའི་“གསོ་རིག་འབུམ་བཞིའི་མཐོ་སློབ་སྨན་རིའི་གླིང་”གཉིས་ཟུང་འབྲེལ་གྱིས། བདུན་ཕྲག་གཅིག་གི་རིང་། ༸གོང་ས་མཆོག་གི་འཁྲུངས་སྐར་སྲུང་བརྩི་དང་སྟབས་བསྟུན་དམིགས་བསལ་གྱི་བོད་ཀྱི་གསོ་བ་རིག་པའི་ངོ་སྤྲོད་དང་རིན་མེད་ཀྱི་སྨན་སྦྱིན་གནང་བ
-
དེབ་གསར་མཐོ་སྒང་ཇོ་མོའི་དཔྱད་གླེང་།
དེ་ཡང་བཙུན་དགོན་རཏྣ་སྨན་གླིང་གི་སྐབས་དང་པོའི་དགེ་བཤེས་མ་ཕུན་ཚོགས་ཚུལ་འཛིན་ལགས་ཀྱི་རྩོམ་དེབ་གཉིས་པ་“མཐོ་སྒོང་ཇོ་མོའི་དཔྱད་གླེང་”ཞེས་པ་ཞིག་བོད་ཀྱི་དཔེ་མཛོད་ཁང་ནས་པར་སྐྲུན་གནང་ཡོད་པ་དང་།