མཛད་འཕྲིན།
-
༸ཞྭ་དཀར་གཡུང་དྲུང་བོན་གྱི་བསྟན་པའི་གཙུག་རྒྱན་༸སྐྱབས་རྗེ་༸རྒྱལ་བ་སྨན་རིའི་ཁྲི་འཛིན་ ༣༤ པ་རིན་པོ་ཆེ་མཆོག་གི་སྐུ་ཡི་འཁྲུངས་སྐར།
དེ་རིང་སྤྱི་ལོ་ ༢༠༢༤ ཟླ་ ༡༡ པའི་ཚེས་ ༢༩ ༸རྒྱལ་བ་སྨན་རིའི་ཁྲི་འཛིན་ ༣༤ པ་རིན་པོ་ཆེ་མཆོག་གི་སྐུ་ཡི་འཁྲུངས་སྐར་གྱི་ཉིན་མོ་ཡིན་སྟབས་དབུས་གཡུང་དྲུང་བོན་འཛིན་སྐྱོངས་ལྷན་ཚོགས་ཀྱི་བཀོད་སྒྲིག་འོག་བོན་གཞིས་སེར་སྐྱ་མི་མང་ཡོངས་ནས་རིན་པོ་ཆེ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས་གནང་སོང་།
-
ཞྭ་དཀར་བསྟན་པའི་གཙུག་རྒྱན་༧སྐྱབས་རྗེ་༧རྒྱལ་བ་སྨན་རིའི་ཁྲི་འཛིན་ ༣༤ པ་རིན་པོ་ཆེ་མཆོག་ཨེ་ཤི་ཡའི་ནང་པའི་ལྷན་ཚོགས་ཐེངས་དང་པོར་ཆེད་ཕེབས་གནང་བ།
སྤྱི་ལོ་ ༢༠༢༤ ཟླ་བ ༡༡ པའི་ཚེས་ ༤ དང་ ༥ སྟེ་ཉིན་གྲངས་གཉིས་ཀྱི་རིང་རྒྱ་གར་དབུས་གཞུང་གི་རིག་གཞུང་བློན་ཆེན་ལས་ཁུངས་དང་རྒྱལ་སྤྱིའི་ནང་པའི་མཐུན་ཚོགས་གཉིས་ཀྱིས་གོ་སྒྲིག་འོག་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ Ashok མགྲོན་ཁང་དུ་ཨེ་ཤི་ཡའི་ནང་པའི་ལྷན་ཚོགས་ཀྱི་ཚོགས་ཆེན་ཞིག་སྐོང་འཚོགས་གནང་ཡོད་པ་དང་སྐབས་དེར་༧གཡུང་དྲུང་བོན་གྱི་བླ་ཆེན་༧སྐྱབས་རྗེ་རྒྱལ་བ་སྨན་རི་བ་མཆོག་ཆེད་ཕེབས་ཡོང་བའི་མགྲོན་བརྡ་ཕུལ་འབྱོར་བྱུང་བ་བཞིན། ༧སྐྱབས་རྗེ་རྒྱལ་བ་སྨན་རིའི་ཁྲི་འཛིན་རིན་པོ་ཆེ་མཆོག་ཚོགས་ཆེན་དེའི་དབུ་འབྱེད་དང་མཇུག་སྡོམ་མཛད་སྒོར་ཆེད་ཕེབས་གནང་འདུག
-
གསང་གསུམ་བོན་གྱི་མཛོད་འཛིན་༧སྐྱབས་རྗེ་སྨན་རིའི་དཔོན་སློབ་ཡང་སྟོན་འཕྲིན་ལས་ཉི་མ་རིན་པོ་ཆེ་མཆོག་དོལ་པོ་སྟོད་སྨད་གཉིས་དང་གློ་ཡུལ་ཕྱོགས་སུ་ཕེབས་པའི་སྐོར།
༸སྐྱབས་རྗེ་སྨན་རིའི་དཔོན་སློབ་རིན་པོ་ཆེ་མཆོག་གློ་དོལ་མང་གསུམ་གྱི་དད་ལྡན་མང་པོས་ཡང་ཡང་བསྐུལ་ངོར་མགོན་པོ་མཆོག་ནས་ཞལ་བཞེས་ཀྱི་ས་ཕྱི་ལོ་༢༠༢༤/༠༧/༢༨ ནས་་ཟླ་བ་གཉིས་ལྷག་རིང་ཕྱོགས་བསྐྱོད་ཀྱིས་བསྟན་དོན་མཛད་པའི་གནས་ཚུལ་གཤམ་གསལ་
-
ཞྭ་དཀར་བསྟན་པའི་གཙུག་རྒྱན་༸སྐྱབས་རྗེ་༸རྒྱལ་བ་སྨན་རིའི་ཁྲི་འཛིན་ ༣༤ པ་རིན་པོ་ཆེ་མཆོག་ ༢༠༢༥ ལོར་ཡུབ་རུབ་ཁུལ་དུ་ཕེབས་རྒྱུའི་མཛད་འཆར།
ཞྭ་དཀར་བསྟན་པའི་གཙུག་རྒྱན་༸སྐྱབས་རྗེ་༸རྒྱལ་བ་སྨན་རིའི་ཁྲི་འཛིན་ ༣༤ པ་རིན་པོ་ཆེ་མཆོག་སྤྱི་ལོ་ ༢༠༢༥ ཟླ་ ༤ པའི་མཇུག་ནས་ནས་ ༦ པའི་ཟླ་མཇུག་བར་དབྱིན་ཡུལ་དང་ཡུ་རུབ་ཁུལ་དུ་བསྟན་དོན་མཛད་འཕྲིན་བསྐྱང་གནང་རྒྱུའི་མཛད་རིམ་
-
༸སྐྱབས་རྗེ་རྒྱལ་བ་སྨན་རིའི་དཔོན་སློབ་རིན་པོ་ཆེ་མཆོག་ ༢༠༢༤ ཟླ་ ༧ ཚེས་ ༢༩ ནས་ ཟླ་ ༡༠ ཚེས་ ༡ བར་བལ་ཡུལ་གློ་དོལ་མང་གསུམ་གཙོས་པའི་ཡུལ་གྲུ་ཁག་ལ་བསྟན་དོན་མཛད་འཕྲིན་བསྐྱངས་ཏེ་དེ་རིང་རང་དགོན་དུ་ཞབས་སོར་བཀོད་གནང་བ།
༧སྐྱབས་རྗེ་རྒྱལ་བ་སྨན་རིའི་དཔོན་སློབ་རིན་པོ་ཆེ་མཆོག་བལ་ཡུལ་གློ་དོལ་མང་གསུམ་གྱི་ས་གཙོས་གནས་ཁག་དུ་མར་ཕེབས་ཏེ་དད་ལྡན་མི་མང་ལ་དབང་ལུང་ཁྲིད་གསུམ་དང་། དགོན་སྡེ་དང་སློབ་གྲྭ་གནས་རི་མཚོ་གསུམ་མང་དག་ལ་རབ་གནས་དང་གཟིགས་ཞིབ་གནང་ཞིང་། སྤྱི་ལོ་ ༢༠༢༤ ཟླ་༡༠ ཚེས་ ༥ཉིན་ཕྱིར་རང་དགོན་དུ་ཞབས་བཀོད་
-
༸སྐྱབས་རྗེ་༸རྒྱལ་བ་སྨན་རིའི་མཁན་སློབ་རྣམ་གཉིས་དམུ་བསུ་སྟངས་༧དཔལ་གཤེན་བསྟན་མཐའ་རྒྱས་གླིང་དགོན་པའི་དབུ་འབྱེད་ཀྱི་མཛད་སྒོར་ཆིབས་བསྒྱུར་གནང་བ།
༸སྐྱབས་རྗེ་༸རྒྱལ་བ་སྨན་རིའི་མཁན་སློབ་རྣམ་གཉིས་དམུ་བསུ་སྟངས་རིག་གཞུང་དང་ཤེས་ཡོན་ཚོགས་པའི་ཚོགས་གཙོ་དགེ་བཤེས་བསོད་ནམས་རྒྱལ་མཚན་མཆོག་ནས་ཕྱག་བཏབས་གནང་བའི་༸དཔལ་གཤེན་བསྟན་མཐའ་རྒྱས་གླིང་དགོན་པའི་དབུ་འབྱེད་ཀྱི་མཛད་སྒོར་ཆིབས་བསྒྱུར་གནང་ཡོད་པ་དང་
-
ལ་དྭགས་གཡུང་དྲུང་ལྷ་རྩེ་དགོན་གྱི་རབ་གནས་དབུ་འབྱེད་མཛད་སྒོ།
སྤྱི་ལོ་༢༠༢༤ཟླ་༩ཚེས་༣ཉིན་ལ་དྭགས་གཡུང་དྲུང་ལྷ་རྩེ་དགོན་གྱི་དབུ་འབྱེད་མཛད་སྒོ་སྤེལ་བ།
-
ཉེ་ཆར་༸སྐྱབས་རྗེ་༸རྒྱལ་བ་སྨན་རིའི་ཁྲི་འཛིན་རིན་པོ་ཆེ་མཆོག་དང་རྒྱ་གར་གཞུང་གི་གྲོས་ཚོགས་ལས་དོན་དང་གྲངས་ཉུང་མི་རིགས་ལས་དོན་བློན་ཆེན་ཀི་རེན་རཱ་ཇུ་(Kiren Rijiju) མཆོག་རྣམ་གཉིས་རྒྱ་གར་རྒྱལ་ས་ལྡི་ལིར་མཇལ་འཕྲད་གནང་འདུག
ཉེ་ཆར་༸སྐྱབས་རྗེ་༸རྒྱལ་བ་སྨན་རིའི་ཁྲི་འཛིན་རིན་པོ་ཆེ་མཆོག་དང་རྒྱ་གར་གཞུང་གི་གྲོས་ཚོགས་ལས་དོན་དང་གྲངས་ཉུང་མི་རིགས་ལས་དོན་གྱི་བློན་ཆེན་སྐུ་ཞབས་(Kiren Rijiju)མཆོག་དང་། སྐུ་ཞབས་(Pafam lal negi)ལགས་ ལྕམ་སྐུ་རཱ་མ་ཌེ་ཝན་(RAMA Dhawan)བཅས་མཇལ་འཕྲད་གནང་ཡོད་པ་དང་།
-
༸སྐྱབས་རྗེ་རྒྱལ་བ་སྨན་རིའི་དཔོན་སློབ་རིན་པོ་ཆེ་མཆོག་གིས་ཨ་རི་ USA དང་Costa Ricaརུ་མཛད་འཕྲིན་བསྐྱངས་པའི་གནས་བསྡུས།
༸སྐྱབས་རྗེ་༸རྒྱལ་བ་སྨན་རིའི་དཔོན་སློབ་རིན་པོ་ཆེ་མཆོག་ཕྱི་ལོ་ ༢༠༢༤ ཟླ་ ༦ ཚེས་ ༡ ནས་ཕྱི་ཟླ་ ༧ ཚེས་ ༧ བར་ཨ་རི་ USA དང་Costa Rica སོགས་བྱང་ཨ་རི་དང་དཀྱིལ་ཨ་རིའི་ཕྱོགས་ཀྱི་ས་ཁུལ་འགར་ཆིབས་སྒྱུར་གྱིས་མཛད་འཕྲིན་བསྐྱངས་གནང་
-
༧ཞྭ་དཀར་བསྟན་པའི་གཙུག་རྒྱན་སྐྱབས་རྗེ་རྒྱལ་བ་སྨན་རིའི་ཁྲི་འཛིན་ ༣༤ པ་མཆོག་༧སྤྱི་ནོར་གོང་ས་སྐྱབས་མགོན་རིན་པོ་ཆེ་མཆོག་ལ་མཇལ་བཅར་ཞུས་པ།
༧སྐྱབས་རྗེ་རྒྱལ་བ་སྨན་རིའི་ཁྲི་འཛིན་ ༣༤ པ་མཆོག་གིས་༧སྤྱི་ནོར་གོང་ས་སྐྱབས་མགོན་རིན་པོ་ཆེ་མཆོག་ལ་མཇལ་བཅར་ཞུས་པ།