གཡུང་དྲུང་བོན་གྱི་དྲྭ་རྒྱ།

མདའ་འཕང་པོད་གསུམ་པའི་བོད་ཡིག་དཀར་ཆག

10155609_564911093607084_368424191_nདེ་ཡང་རྒྱལ་སྤྱིའི་བོད་རིག་པའི་མཁས་དབང་མཁར་རྨེའུ་བསམ་གཏན་རྒྱལ་མཚན་ལགས་ཀྱི་༼མདའ་དང་འཕང་༽གླེགས་བམ་གསུམ་པ་ The Arrow and the Spindle, Studies in History, Myths, Rituals and Beliefs in Tibet,Vol.III.དེ་ཉེ་ཆར་ཕྱི་ལོ་༢༠༡༤ལོའི་ལོ་སྟོད་ལ་བལ་ཡུལ་གྱི་རྒྱལ་སའི་དཔེ་སྐྲུན་ཁང་གྲགས་ཅན་Mandala bookpoint  Kathmandu, ཞེས་པར་དཔར་བསྐྲུན་ལེགས་གྲུབ་ཞུས་ནས་ད་ལྟ་འགྲེམ་སྤེལ་ཞུ་བཞིན་ཡོད་འདུག དེབ་འདིའི་ནང་དུ་བོད་རིག་པའི་སྐོར་གྱི་དཔྱད་རྩོམ་གསར་པའི་དཀར་ཆག་བོད་ཡིག་སྟེང་བསྒྱུར་ཡོད་པ་གཤམ་གསལ་ལྟར་ཡིན།
༡ ལྷ་བླ་མ་ཡེ་ཤེས་འོད་ཀྱི་བཀའ་ཤོག་ཅིག་ལ་དཔྱད་པ།
༢ ཉེ་ཆར་གསར་རྙེད་བྱུང་བའི་ལྷ་བླ་མ་ཡེ་ཤེས་འོད་ཀྱི་བཀའ་ཤོག་ཅིག་ཏུ་བོན་གྱི་སྐོར་གླེང་མོལ་གནང་ཡོད་པ།
༣ གསར་དུ་རྙེད་པའི་ལྷ་བླ་མ་ཡེ་ཤེས་འོད་ཀྱི་རྣམ་ཐར་ལ་དཔྱད་པ།
༤ རྒྱལ་པོ་གཉའ་ཁྲི་བཙན་པོ་དང་དེའི་བྱུང་ཁུངས་ཀྱི་གཏམ་རྒྱུད་།
༥ གཡུང་དྲུང་བོན་གྱི་ལོ་རྒྱུས་སྤྱི་དོན་ཙམ་བཀོད་པ།
༦ བོད་དུ་ཐུབ་པའི་ཆོས་ལུགས་ཀྱི་མཆོད་རྟེན་ཞིག་ནས་བྱུང་བའི་བོན་དཔེ་ལག་བྲིས་རྙིང་པ།
༧ གདོད་མའི་བོད་ཀྱི་གཏམ་རྒྱུད་དང་ཆོ་གའི་འདུ་ཤེས།
༨ སྲིད་པ་རྒྱལ་མོ་དང་མོའི་བུ་མོ་ཉེར་བདུན་གྱི་འབྱུང་ཁུངས།
༩ དུས་རབས་བཅུ་བཞི་པར་བྲིས་པའི་བོན་དང་ཐུབ་པའི་ཆོས་ལུགས་ཀྱི་གྲུབ་མཐའི་སྐོར་ཀྱི་བོན་གྱི་དཔེ་རྙིང་ལག་བྲིས་མ་ཞིག
༡༠ སྲི་གསས་བུང་བ་སྟག་ཆུང་གི་གཏམ་རྒྱུད་།
༡༡ འབྲུག་པ་ཞབས་དྲུང་ངག་དབང་རྣམ་རྒྱལ་གྱིས་གཙང་སྡེ་སྲིད་ལ་གནང་བའི་བཀའ་ཤོག
༡༢ ༼རྒྱུ་རྐྱེན་གང་གི་ཆ་ནས་བཅིང་གྲོལ་མག་མི་བོད་དུ་བསྐྱོད་དམ།༽
༡༣ བོད་ཀྱི་ཆོས་སྲིད་ཟུང་འབྲེལ་གྱི་ལྟ་བ་ལ་དཔྱད་པ།