གཡུང་དྲུང་བོན་གྱི་དྲྭ་རྒྱ།

སློབ་གཉེར་བ་ཕུར་པ་རྒྱལ། ཨང་གསུམ་པ། བོན་ཕྲུག་བདེ་དོན་ཁང་།

IMG_0133སྤྱིར་བགྲོ་གླེང་ཞེས་པ་དེ་ནི་ང་ཚོའི་སློབ་ཕྲུག་རྣམས་ཀྱི་ཤེས་ཡོན་གོང་མཐོར་གཏོང་རྒྱུའི་ཐབས་ལམ་གལ་ཆེན་ཞིག་ཡིན་པས་དབུས་གཡུང་དྲུང་བོན་གྱིས་སྟངས་འཛིན་གནང་ནས་ལོ་རེར་ཐེངས་གཅིག་ལ་༧གཡུང་དྲུང་བོན་གྱི་བགྲོ་གླེང་ཆེན་མོ་འཚོགས་དང་ཚོགས་མུས་ཡིན་པས་ད་བར་རྒྱུན་མ་ཆད་པར་ཚོགས་ནས་ད་ལོ་སྐབས་བཅུ་བཞི་པ་དེ་འགྲོ་བཞིན་ཡོད་པས་དེ་དག་གི་དགེ་ཕན་གང་ཡོད་པ་རྣམས་གུས་པ་བདག་གིས་ཁྱེད་རྣམས་པའི་སྙན་ལམ་དུ་འབུལ་རྒྱུ་ཡིན། བདག་མ་འོངས་བོན་གྱི་སོན་རྩ་ཡིན་པས་དུས་རྒྱུན་གཡུང་དྲུང་བོན་གྱི་བགྲོ་གླེང་དེ་ལ་གལ་འགངས་ཆེན་པོ་བརྩིས་ནས་འོང་པ་དང། དེ་ནི་ཧ་ཅང་གི་ཕན་ཐོག་ཆེན་པོ་ཡིན་པར་མངོན་གསལ་དོད་པོ་ཡིན།

ད་ལྟ་ང་ཚོ་ཚང་མས་ནང་པའི་ཆོས་ཀྱི་གནས་ཚུལ་སྐོར། ལས་རྒྱུ་འབྲས་སྐོར། བོན་གྱི་བསྟན་པའི་བྱུང་ཁུངས། ཞང་ཞུང་སྒོ་ཕུག་བར་གསུམ་གྱི་སྐོར། མ་འོངས་མདུན་ལམ་གྱི་སྐོར་སོགས་འདྲ་མིན་སྣ་ཚོགས་གོ་རྟོགས་སྤེལ་ཐུབ་པ་རྣམས་བགྲོ་གླེང་དེའི་དགེ་ཕན་ཡིན་པ་མ་ཟད།ད་རུང་སྔ་རབས་བོན་གྱི་ལོ་རྒྱུས་དང། འབྱུང་རབས་དར་ཁྱབ་གང་བྱུང་བ་དང། བསྟན་པ་སྔ་དར་ཕྱི་དར་སྐོར། བོན་གྱི་གདན་ས་ཆེན་པོ་༧དཔལ་གཤེན་བསྟན་སྨན་རི་གླིང་ལ་སོགས་པའི་གཞན་གདན་ས་བར་མ་དང་འོག་མ་སོགས་ཀྱི་སྐོར་ལ་ཤེས་རྟོགས་ཡོང་བའི་ཕན་ནུས་ཤིན་ཏུ་ཆེའོ།

ཡང་ཕྱོགས་གཞན་ཞིག་ནས་བཤད་ན་བགྲོ་གླེང་སྐབས་ལས་རྒྱུ་འབྲས་སྐོར་གོ་བསྡུར་བྱས་ནས་སློབ་ཕྲུག་རྣམས་ཀྱི་སྤྱོད་པ་དང།དུས་རྒྱུན་སྤྱོད་པ་ངན་པ་གཞན་ལ་མི་ཕན་པའི་བསམ་པ། ཕྲག་དོག ང་རྒྱལ། མངན་སེམས།ལོག་ལྟ་སོགས་མི་དགེ་བའི་ལས་བྱེད་ཀྱི་ཡོད་པ་རྣམས་ལ་ཞི་བའི་ལམ་ལ་འཕྲད་ནས་ལེགས་བཅོས་བྱེད་ཐུབ་པ་དང། དེ་དང་མཉམ་དུ་སློབ་ཕྲུག་རྣམ་པའི་སྤྱིར་བཏང་ཤེས་བྱ་གོང་མཐོར་གཏོང་ཐུབ་པ་མ་ཟད། མ་འོངས་སྤྱི་ཚོགས་གཞན་ཞིག་ལ་འགྲོ་ན་ཡང་སྐད་ཆ་འདྲ་མཉམ་བཤད་ཐུབ་པ་མ་ཟད།

སྤྱི་ཚོགས་ནང་ཡང་ལང་ནས་མི་གཞན་ལ་རང་ཉིད་ཀྱི་ཤེས་ཡོན་དང་ནང་པའི་ཆོས་ཀྱི་ཕན་ནུས་སྐོར་བཤད་ཐུབ་པ་སོགས་ཧ་ཅང་གི་ཕན་ཐོག་ཡོང་ངེས་རེད། དེ་དང་མཉམ་དུ་བགྲོ་གླེང་སྐབས་སློབ་ཕྲུག་ཚོས་ཡང་ལང་ནས་དྲི་བ་བསྐུལ་བ་དང་ལན་རྒྱག་པ་སོགས་བྱས་ན། མ་འོངས་པ་སྤྱི་ཚོགས་ནང་མི་མང་པོའི་དཀྱིལ་ལ་ངོ་ཚ་མེད་པར་སྤོབ་པའི་ངང་གང་སྤྱིའི་ཐད་ལ་བཤད་ཐུབ་པ་སོགས་ལ་ཕན་ཐོག་ཡོང་བ་མ་ཟད་རང་གི་སྐད་ཆ་བཤད་སྟངས་གྱི་གནས་ཚད་གོང་མཐོར་གཏོང་ཐུབ་པ་ཡོང་བའི་དགེ་ཕན་ཚད་ལས་འདས་པ་ཡོད།

མཐའ་དོན་དུ་གཡུང་དྲུང་བོན་གྱི་བགྲོ་གླེང་འདི་ནི་ཧ་ཅང་གི་གལ་ཆེན་པོ་དང། དོན་དང་ལྡན་པ་ཞིག་དང། བོན་འབངས་དང་བོན་ཕྲུག་རྣམས་ཀྱི་ཆེད་དུ་ཧ་ཅང་ཕན་ཐོག་ཡོང་བ་དང། དེ་ནི་ང་ཚོའི་ཤེས་ཡོན་གོང་མཐོར་གཏོང་བའི་ཆེད་དུ་འགོ་འཛུགས་གནང་པ་ཡིན་པས། ང་ཚོ་ཚང་མས་དགའ་སྤྲོ་གཉིས་ལྡན་ངང་ཤེས་ཡོན་གང་ལེན་ཐུབ་པ་རྣམས་ལེན་དགོས་པ་དང། བགྲོ་གླེང་འདི་ལ་སླེབས་ནས་དུས་ཚོད་འཐུས་ཤོར་མི་གཏོང་བར་ཡོན་ཏན་གང་མང་ལེན་རྒྱུའི་འབད་བརྩོན་བྱ་དགོས།
བོན་རྒྱལ་ལོ།།