གཡུང་དྲུང་བོན་གྱི་དྲྭ་རྒྱ།

ཀུན་གྲོལ་ནམ་མཁའ་འཕྲིན་ལས་དབང་རྒྱལ་རིན་པོ་ཆེ་མཆོག་གིས་སྨན་རིའི་མཁན་སློབ་རྣམས་ལ་ཞབས་རིམ་བསྒྲུབས་པ།

IMG_5507དེ་ཡང་ཀུན་གྲོལ་སྐུ་འཕྲེང་བདུན་པ་ཀུན་གྲོལ་ནམ་མཁའ་འཕྲིན་ལས་དབང་རྒྱལ་རིན་པོ་ཆེ་མཆོག་ནས་ཕྱི་ལོ་༢༠༡༥ཟླ་༨་ཚེས་༡ནས་༢༥་བར། སྤྱིར་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་འདི་ཉིད་མཁའ་ཁྱབ་འགྲོ་བའི་མགོན་དུ་ཡུན་ནས་ཡུན་དུ་གནས་ཞིང་འགྲོ་ཀུན་སེམས་ཅན་ཐམས་ཅད་འཚེ་མེད་ཞི་བའི་བདེ་སྐྱིད་ཀྱི་དཔལ་ལ་རོལ་པ་དང་། སྒོས་༧སྐྱབས་རྗེ་རྒྱལ་བ་སྨན་རི་བ་མཆོག་གི་དབུས་པའི་གང་ན་སུ་བཞུགས་པའི་བླ་སྤྲུལ་སྐྱེས་ཆེན་དང་དགེ་བའི་བཤེས་གཉེན་རྣམ་པའི་སྐུ་ཚེ་བསྐལ་བརྒྱར་བརྟན་ཞིང་ཐུགས་ཀྱི་བཞེད་དགོངས་མཐའ་དག་གེགས་མེད་ལྷུན་གྱིས་འགྲུབ་ཆེད།

IMG_5501IMG_5500

ཀུན་གསལ་བྱམས་མ་ཆེན་མོའི་བསྔགས་བསྟོད་དང་སྒྲོལ་བསྟོད་ཚར་གྲངས་འབུམ་རེ་རེ་གཞིའི་ཐོག་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་འཕྲུལ་པར་བཏབ་ནས་ཐེ་ལེན་ཌིའི་རྒྱལ་ཁང་དུ་གནས་ཆགས་པའི་ཀུན་སྒྲོལ་གླིང་དུ་འགྲེམས་སྤེལ་དང་གནས་མཆོག་རྡོ་རྗེ་གདན་གྱི་མཆོད་རྟེན་རིན་པོ་ཆེའི་དྲུང་དུ་མཆོད་མེ་འབུམ་ཐེར་གཉིས་ཀྱི་མཆོད་སྤྲིན་དང་དེ་གའི་ཉམས་ཐག་གི་མི་མང་རྣམས་ལ་ཟས་སྐོམ་གྱི་སྦྱིན་པ་བཏང་བ་སོགས་མདོར་ན་མཆོད་སྦྱིན་རྒྱ་ཆེར་གནངས་པའི་སྐོར་པར་རིས་དང་བསྒྲགས་གནས་ཚུལ་ངོ་སྤྲོད་ཉུང་ཙམ་ཞིག་གླིང་འགྱུར་མེད་ནས།

IMG_5498IMG_5499