གཡུང་དྲུང་བོན་གྱི་དྲྭ་རྒྱ།

རྫ་ཁྲོ་ཚང་དགོན་པའི་དགེ་བཤེས་གཙུག་ཕུད་ཚུལ་ཁྲིམས་མཆོག་གིས་ལུགས་གཉིས་ཀྱི་བཀའ་སློབ་ལམ་སྟོན་ཟབ་རྒྱས་གནང་བ།

12030928_1053233354710163_1477168928_nཕྱི་ལོ་༢༠༡༥ཟླ་བ་༠༩ཚེས་༡༧ཉིན་སི་ཁྲོན་ཞིང་ཆེན་ཁོངས་ཀྱི་སྡེ་དགེ་རྫོང་གི་ཁོངས་གཏོགས་མདོ་ཁམས་གླིང་ཚང་ལྷ་སྡེའི་ནང་ཚན་གྱི་གླིང་ལེ་མདའི་ཡུལ་དུ་གསེར་རྟ་བླ་རུང་གི་མཁན་ཆེན་གླིང་ཚང་བ་བརྩོན་འགྲུས་མཐའ་ཕྱིན་མཆོག་གིས་ཐུགས་འགན་གོ་སྒྲིག་འོག་༼གླིང་རྫ་རྒྱུད་རིས་མེད་བདེ་ཆེན་ཞིང་བགྲོད་ཆེན་མོ་༽ཞེས་པ་ཞིག་འཚོགས་གནང་བ།
ཞིང་བགྲོད་ཆེན་མོའི་སྐབས་སུ་༧གཡུང་དྲུང་བོན་དང་ཆོས་རྒྱུད་ཆེན་པོ་བཞི་བཅས་yungཀྱི་དད་ལྡན་སྐྱ་སེར་ཁྲི་ཕྲག་འགའ་མཉམ་ཞུས་མཛད་གནང་བ་མ་ཚད་སྐབས་དེར་ས་ཐག་ཉེ་རིང་གང་ས་ནས་ཆེད་དུ་གདན་ཞུས་མཛད་གནང་བའི་བླ་མ་དང་སྤྲུལ་སྐུ་མཁན་པོ་དང་དགེ་བཤེས་སོགས་ཀྱིས་དད་ལྡན་གྱི་སྐྱ་སེར་ཕོ་མོ་ཀུན་ལ་ལེགས་ཉེས་བླང་དོར་གྱི་སྐོར་ཤིན་ཏུ་བཀའ་སློབ་ལམ་སྟོན་ཟབ་རྒྱས་ཞིག་ཉིན་དགུ་ཙམ་ལ་མཛད་གནང་བ་དང12033510_1053233634710135_1908390133_n་། སྐབས་དེའི་ཉིན་བདུན་པ་ལ་མདོ་ཁམས་གླིང་ཚང་ཡུལ་གྱི་དུང་མདའ་ལྷ་སྡེའི་ནང་ནས་སྐུ་འཁྲུངས་བའི་བོན་དགོན་རྫ་ཁྲོ་ཚང་དགོན་གྱི་ཁྲོ་དགོན་ནང་བསྟན་ལྔ་རིག་སློབ་གླིང་གི་མཁན་པོ་མཁས་པའི་དབང་པོ་དགེ་བཤེས་ཁྲོ་གཙུག་ཕུད་ཚུལ་ཁྲིམས་མཆོག་གིས་ལུགས་གཉིས་ཀྱི་བཀའ་སློབ་ལམ་སྟོན་ཟབ་རྒྱས་གནང་བ་མ་ཚད། འདི་ནས་ཡར་རྩིས་པའི་མི་ལོ་གཅིག་ཁྲི་བརྒྱད་སྟོང་ལྷག་གི་གོང་ནས་སྡིག་བཅུ་སྤངས་ཐབས་དང་དགེ་བཅུར་དང་དུ་ལེན་ཐབས་སོགས་ཀྱི་ལུགས་སྲོལ་བཟང་པོ་དེ་ཉིད་ནི་རྣམ་འདྲེན་བརྒྱད་པ་རྒྱལ་བ་གཤེན་རབ་མི་བོ་ཆེས་གསུང་གནང་བའི་སྐོར་དང་།གྲུབ་མཐའི་རྒྱལ་པོ་གཡུང་དྲུང་བོན་འདི་ཉིད་བོད་གངས་ཅན་ལྗོངས་ཀྱི་གྲུབ་མཐའ་ཐམས་ཅད་ཀྱི་འབྱུང་ཁུངས་གཡུང་དྲུང་བོན་གྱི་ལོ་རྒྱུས་སྐོར་སོགས་གསུང་གནང་ཡོད་པའི་གནས་ཚུལ་མདོར་བསྡུས་ཙམ་དུ།

གླིང་འགྱུར་མེད་ནས།