གཡུང་དྲུང་བོན་གྱི་དྲྭ་རྒྱ།

གཡུང་དྲུང་བོན་གྱི་སྐོར་བགྲོ་གླེང་ཐེངས་བཅོ་ལྔ་པ་དངོས་སུ་དབུ་འཛུགས་གནང་བ།

IMG_0034ཁྱབ་བསྒྲགས་སྔོན་སོང་ལྟར་ཕྱི་ལོ་ ༢༠༡༦ ཟླ་ ༦ ཚེས་ ༡༤ ཉིན་ནས་དབུ་འཛུགས་གནང་སྟེ་བདུན་ཕྲག་གཅིག་རིང་གཡུང་དྲུང་བོན་གྱི་སྐོར་བགྲོ་གླེང་ཚོགས་རྒྱུ་ཡིན་པ་དང་། ས་གནས་འཕགས་ཡུལ་གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་༧དཔལ་གཤེན་བསྟན་སྨན་རིའི་གླིང་གི་དཔེ་མཛོད་ཁང་དུ་ཚོགས་གནང་ཡོད་པ་རེད།ཐེངས་འདིའི་སྔོན་འགྲོའི་མཛད་སྒོའི་སྐུ་མགྲོན་གཙོ་བོ་༧སྐྱབས་རྗེ་སྨན་རིའི་དཔོན་སློབ་རིན་པོ་ཆེ་མཆོག་བཀའ་དྲིན་ཆིབས་བསྒྱུར་བསྐྱངས་ཡོད་པ་དང་། དེ་མིན་༧དབུས་གཡུང་དྲུང་བོན་འཛིན་སྐྱོང་ལྷན་ཚོགས་ཀྱི་དྲུང་ཆེ། སྨན་རིའི་གྲྭ་ཚང་གི་གཉེར་པ། བཤད་སྒྲུབ་སློབ་གླིང་གི་རྒྱུན་ལས་རྣམས་དང་དཔེ་ཁྲིད་དགེ་རྒན་རྣམ་པ་བཅས་ཆེད་དུ་མཛད་སྒོ་ལ་གདན་འདྲེན་ཞུས་ཡོད་པ་མ་ཟད། ཕྱོགས་མཐའ་ཁག་ནས་ཕེབས་པའི་སློབ་ཕྲུག་རྣམས་ཀྱང་ཚང་འཛོམས་ཐོག

IMG_0037སྔོན་འགྲོའི་མཛད་སྒོའི་སྐབས་༡༥པའི་གཡུང་དྲུང་བོན་གྱི་བགྲོ་གླེང་གོ་སྒྲིག་ཚོགས་གཙོ་མཆོག་ནས་བགྲོ་གླེང་གི་ངོ་སྤྲོད་གཏམ་བཤད་གནང་བ་དང་། དེ་རྗེས་༧དབུས་གཡུང་དྲུང་བོན་འཛིན་སྐྱོང་ལྷན་ཚོགས་ཀྱི་དྲུང་ཆེ་ནས་ཐེངས་འདིའི་བགྲོ་གླེང་དང་འབྲེལ་བའི་གཏམ་བཤད་ཟབ་རྒྱས་གནང་། དེ་༧སྐྱབས་རྗེ་སྨན་རིའི་དཔོན་སློབ་ཡང་སྟོན་འཕྲིན་ལས་ཉི་མ་རིན་པོ་ཆེ་མཆོག་ནས་གཡུང་དྲུང་བོན་གྱི་སྐོར་བགྲོ་གླེང་གནང་ཕྱོགས་ཐད་འདས་མ་ད་གསུམ་དང་འབྲེལ་བའི་བཀའ་སློབ་གནད་དུ་སྨིན་པའི་བཀའ་དྲིན་བསྩལ།

ཕྱི་དྲོའི་ཆུ་ཚོད་བཞི་དང་ཕྱེད་ཀའི་ཐོག་ནས་དངོས་གཞིའི་མཛད་རིམ་ཁག་དབུ་འཛུགས་ཀྱིས་ཉིན་རིམ་བཞིན་མཁས་དབང་རྣམས་ཀྱིས་གནའ་བོའི་བོན་དང་འབྲེལ་བའི་བརྗོད་གཞི་འདྲ་མིན་སྟེང་བགྲོ་གླེང་གནང་དང་གནང་འཆར་ཡོད་པ་རེད། དེ་ཡང་བགྲོ་གླེང་གི་སྐབས་སུ་གསུང་བཤད་མཁན་པོ་དག་གིས་སྐར་མ་ཞེ་ལྔའི་རིང་རང་རང་གི་བརྗོད་བྱའི་སྐོར་གསུང་བཤད་གནང་རྒྱུ་དང་། དེ་རྗེས་སྐར་མ་སུམ་ཅུའི་རིང་བགྲོ་གླེང་ཚོགས་ཞུགས་པ་དག་གིས་དྲི་བ་དྲིས་ལན་གནང་རྒྱུ། ཉིན་རེའི་བགྲོ་གླེང་གསུང་བཤད་དང་དྲི་བ་དྲིས་ལན་ཚར་རྗེས། ཡང་བསྐྱར་སྐར་མ་སུམ་ཅུའི་རིང་༼ རིག་རྩལ་འགྲན་པའི་གར་སྟེགས་ ༽ལེ་ཚན་ཞིག་དམིགས་བསལ་གྱིས་གོ་སྒྲིག་གནང་འཆར་དང་། ལེ་ཚན་འདི་ཉིད་ཀྱི་ནང་དུ་བགྲོ་གླེང་གོ་སྒྲིག་ཚོགས་པས་གཡུང་དྲུང་བོན་གྱི་རྒྱུན་ཤེས་སྐོར་ནས་བགྲོ་གླེང་ཚོགས་ཞུགས་པ་ཡོངས་ལ་དྲི་བ་དྲིས་ལན་གྱིས་ནམ་རྒྱུན་གྱི་འཚོ་བའི་ཁྲོད་གནས་པའི་བོན་གྱི་སྐོར་ནས་སློབ་ཕྲུག་ཚོགས་ཞུགས་པ་ཡོངས་ལ་གོ་རྟོགས་སྤེལ་གྱིན་ཡོད་པ་རེད།

IMG_0041གཞན་ཡང་བགྲོ་གླེང་དང་སྐབས་བསྟུན་གྱིས་སང་ཉིན་ནས་ཞང་ཞུང་སྨར་ཡིག་ལ་སོགས་པའི་ཡིག་གཟུགས་དང་རྩོམ་ཡིག་འགྲན་བསྡུར་ཀྱང་གོ་སྒྲིག་གནང་འཆར་ཡོད། སྐབས་འདིའི་གཡུང་དྲུང་བོན་གྱི་སྐོར་བགྲོ་གླེང་ཐེངས་༡༥་པར་ཝཱ་ཎཱ་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་དང་། ལྡི་ལི་མཐོ་སློབ། ཅན་ལྡི་སྒར་མཐོ་སློབ། མ་སུ་རི་བོད་ཁྱིམ། ས་གནས་ཉིན་སློབ་གྱི་འཛིན་རིམ་བཅུ་པ་ནས་བཅུ་གཉིས་བར་གྱི་སློབ་ཕྲུག་བཅས་ཁྱོན་བསྡོམས་མི་གྲངས་༢༠༠ལྷག་ཙམ་མཉམ་ཞུགས་ཀྱིས་གཡུང་དྲུང་བོན་གྱི་སྐོར་ལ་བགྲོ་གླེང་དང་བསམ་ཚུལ་བརྗེ་རེས་ཟབ་རྒྱས་གནང་འཆར་དང་།

ཟླ་བ་འདིའི་ཕྱི་ཚེས་༢༠ཉིན་གྱི་སྔ་དྲོར་སྐབས་༡༥པའི་བགྲོ་གླེང་མཇུག་བསྡོམས་མཛད་སྒོ་གནང་འཆར་ཡོད་པ་དང་། མཇུག་བསྡོམས་མཛད་སྒོའི་སྟེང་དུ་ཡང་ཐོག་མར་༧སྐྱབས་རྗེ་སྨན་རིའི་དཔོན་སློབ་རིན་པོ་ཆེ་མཆོག་ནས་ཐེངས་འདིའི་གསུང་བཤད་སློབ་དཔོན་རྣམ་པར་དར་ཁ་བསྒྲོན་འབུལ་དང་ཡིག་གཟུགས་སྒྱུ་རྩལ་པ་དང་རྩོམ་པ་ལེགས་གྲས་རྣམས་ལ་བྱ་དགའ་གསོལ་བསྩལ་གནང་རྒྱུ་དང་།

IMG_0074དེ་རྗེས་བགྲོ་གླེང་ཚོགས་ཞུགས་པ་ཁག་གཅིག་ནས་ཐེངས་འདིའི་བགྲོ་གླེང་སྐབས་ཀྱི་དགེ་ཕན་མྱོང་ཚོར་ཅི་བྱུང་དང་མ་འོངས་ཡར་རྒྱས་གཏོང་ཕྱོགས་སྐོར་ལ་རང་མོས་ཀྱིས་གཏམ་བཤད་སྣ་ཚོགས་སྤེལ་རྒྱུ། དེ་རྗེས་༧དབུས་གཡུང་དྲུང་བོན་འཛིན་སྐྱོང་ལྷན་ཚོགས་ཀྱི་ཟུང་དྲུང་ལགས་དང་། བཤད་སྒྲུབ་མཁན་པོ་བཅས་ཀྱིས་རིམ་བཞིན་དུ་བགྲོ་གླེང་གོ་སྒྲིག་གི་སྐོར་དང་། དགེ་ཕན་སྐོར། བགྲོ་གླེང་བྱུང་འཕེལ་གྱི་སྐོར་བཅས་ལ་བཀའ་སློབ་གཏམ་བཤད་གནང་འཆར་དང་། དེ་མུར་༧སྐྱབས་རྗེ་སྨན་རིའི་དཔོན་སློབ་རིན་པོ་ཆེ་མཆོག་ལ་མ་འོངས་ལམ་སྟོན་སོགས་ཀྱི་བཀའ་སློབ་ཞུ་རྒྱུ་དང་། མཇུག་མཐར་སྐབས་༡༥པའི་བགྲོ་གླེང་ཚོགས་གཙོ་མཆོག་ནས་མཇུག་བསྡོམས་གཏམ་བཤད་སྤེལ་རྒྱུ་དང་ཆབས་གཅིག་བགྲོ་གླེང་ཚོགས་ཞུགས་སྟོན་འཁོར་ལྷན་རྒྱས་ནས་གཡུང་དྲུང་བསྟན་པ་རྒྱས་པའི་སྨོན་ལམ་གསུང་སྟེ་བགྲོ་གླེང་སྐབས་༡༥པ་གཟབ་རྒྱས་ངང་མཇུག་བསྡུ་ཞུ་རྒྱུ་ཡིན་པ་བཅས་ཀྱི་གནས་བསྡུས་ཙམ་དུ་གཡུང་དྲུང་བོན་གྱི་དྲ་ཚིགས་རྒྱུན་ལས་ཁང་ནས།།

གཡུང་དྲུང་བོན་གྱི་བགྲོ་གླེང་སྐབས་བཅོ་ལྔ་པའི་དངོས་གཞིའི་མཛད་རིམ་ཁག་གཤམ་གསལ།

ཉིན་དང་པོ།

ཕྱི་ཟླ་ཚེས།

ཕྱག་ཚོད།

བརྗོད་བྱ་དང་གསུང་བཤད་སློབ་དཔོན་།

༢༠༡༦།༠༦།༡༤

ཕྱི་དྲོ།

༤་༣༠།༥་༡༠

བོན་གྱི་བརྡ་སྤྲོད་སྐོར།

ཁྲི་གཡུང་དྲུང།

༥་༡༠།༥་༣༠

གསོལ་ཆབ་དང་བར་གསེང་།

༥་༣༠།

གོང་གསལ་བརྗོད་བྱའི་སྐོར་ལ་དོགས་དྲི།

ཉིན་གཉིས་པ།

༢༠༡༦།༠༦།༡༥

ཕྱི་དྲོ།

༤་༠༠།༤་༤༥

བོན་སྐྱོང་སྲུང་མ་རྣམས་ཀྱི་ངོ་སྤྲོད་དང་བྱུང་རབས།

ཨ་ཀྲོང་རིན་ཆེན་རྒྱལ་མཚན།

༤་༤༥།༥་༠༠

གསོལ་ཆབ་དང་བར་གསེང་།

༥་༠༠།༥་༣༠

གོང་གསལ་བརྗོད་བྱའི་སྐོར་ལ་དོགས་དྲི།

༥་༣༠།༦་༠༠

རིག་རྩལ་འགྲན་པའི་གར་སྟེགས།

ཉིན་གསུམ་པ་།

༢༠༡༦།༠༦།༡༦

སྔ་དྲོ།

༡༠ ནས་ ༡༢

ཞང་བོད་ཡིག་གཟུགས་འགྲན་བསྡུར།

༢༠༡༦།༠༦།༡༦

ཕྱི་དྲོ།

༤་༠༠།༤་༤༥

སྟོན་པ་གཤེན་རབ་མི་བོའི་མཚན་གྱི་འབྲུ་བཤད་

དང་འབྲེལ་བའི་སྐོར།

འབུམ་རམས་པ་གཟི་གཡང།

༤་༤༥།༥་༠༠

གསོལ་ཆབ་དང་བར་གསེང་།

༥་༠༠།༥་༣༠

གོང་གསལ་བརྗོད་བྱའི་སྐོར་ལ་དོགས་དྲི།

༥་༣༠།༦་༠༠

རིག་རྩལ་འགྲན་པའི་གར་སྟེགས།

ཉིན་བཞི་པ་།

༢༠༡༦།༠༦།༡༧

སྔ་དྲོ།

༡༠-༡༢

ཞང་བོད་རྩོམ་རིག་འགྲན་བསྡུར།

༢༠༡༦།༠༦།༡༧

ཕྱི་དྲོ།

༤་༠༠།༤་༤༥

གཡུང་དྲུང་བོན་གྱི་སྐྱབས་འགྲོའི་ངོ་སྤྲོད།

དགེ་བཤེས་གཡུང་དྲུང་དབང་གྲགས།

༤་༤༥།༥་༠༠

གསོལ་ཆབ་དང་བར་གསེང་།

༥་༠༠།༥་༣༠

གོང་གསལ་བརྗོད་བྱའི་སྐོར་ལ་དོགས་དྲི།

༥་༣༠།༦་༠༠

རིག་རྩལ་འགྲན་པའི་གར་སྟེགས།

ཉིན་ལྔ་པ་།

༢༠༡༦།༠༦།༡༨

ཕྱི་དྲོ།

༤་༠༠།༤་༤༥

བཤེས་གཉེན་བླ་མ་བསྟེན་ཚུལ།

བཤད་སྒྲུབ་མཁན་པོ་དགེ་བཤེས་ཉི་མ་དོན་གྲུབ་རིན་པོ་ཆེ།

༤་༤༥།༥་༠༠

གསོལ་ཆབ་དང་བར་གསེང་།

༥་༠༠།༥་༣༠

གོང་གསལ་བརྗོད་བྱའི་སྐོར་ལ་དོགས་དྲི།

༥་༣༠།༦་༠༠

རིག་རྩལ་འགྲན་པའི་གར་སྟེགས།

ཉིན་དྲུག་པ།

༢༠༡༦།༠༦།༡༩

ཕྱི་དྲོ།

༤་༠༠།༤་༤༥

རླུང་རྟ་དང་དར་ལྕོག་སྐོར།

ཚ་རོང་སྐལ་བཟང་ཕུན་ཚོགས།

༤་༤༥།༥་༠༠

གསོལ་ཆབ་དང་བར་གསེང་།

༥་༠༠།༥་༣༠

གོང་གསལ་བརྗོད་བྱའི་སྐོར་ལ་དོགས་དྲི།

༥་༣༠།༦་༠༠

རིག་རྩལ་འགྲན་པའི་གར་སྟེགས།