གཡུང་དྲུང་བོན་གྱི་དྲྭ་རྒྱ།

རྒྱལ་བ་སྨན་རི་བའི་བརྟན་བཞུགས་དངོས་གཞིའི་ཉིན་གཉིས་པ།

img_1170

བོད་ཟླ་བ་དགུ་པའི་ཚེས་གཉིས་ཕྱི་ལོ་༢༠༡༦ཟླ་བ་༡༡ཚེས་༡ཉིན་ཏེ་སྐུའི་བླ་གཟའ་མིག་དམར་ཉིན་འཛམ་གླིང་བོན་གྱི་གཙུག་རྒྱན་༧སྐྱབས་རྗེ་༧རྒྱལ་བ་སྨན་རིའི་ཁྲི་འཛིན་རིན་པོ་ཆེ་མཆོག་ལ་བརྟན་བཞུགས་རྒྱས་འབུལ་གྱི་ཉིན་གཉིས་པའི་སྐབས།

img_1121img_1115

ཕྱི་ཟླ་བ་༡༡ཚེས་༡བླ་གཟའ་མིག་དམར་ཉིན་གྱི་ཞོགས་པར་དད་ལྡན་བླ་སྤྲུལ་རྣམས་དབུ་བཞུགས་ཐོག་འཛམ་གླིང་ཤར་ནུབ་ཁག་ནས་ཕེབས་པའི་སྐྱ་སེར་སྟོང་ཕྲག་ལས་བརྒལ་བས་སྨན་རིའི་ལྷ་རྒྱལ་རི་ལ་བསང་གསོལ་གཏོང་བཞིན་པ།

img_1124img_1125

བརྟན་བཞུགས་དངོས་གཞིའི་མཛད་རིམ་ཉིན་མོར་སེར་སྐྱ་སྟོང་ཕྲག་གིས་སྨན་རིའི་ལྷ་རྒྱལ་རི་ལ་བསང་གསོལ་གཏོང་བཞིན་པ།

img_1171img_1178

༧རྒྱལ་བ་སྨན་རི་བ་མཆོག་ལ་བརྟན་བཞུགས་རྒྱས་འབུལ་སྐབས་༧སྨན་རིའི་དཔོན་སློབ་རིན་པོ་ཆེ་མཆོག་དང་ཁྲི་བརྟན་ནོར་རྩེའི་མཁན་རིན་པོ་ཆེ་རྣམ་གཉིས་དབུ་བཞུགས།

img_1154img_1155

རིན་པོ་ཆེ་མཆོག་སྨན་རིའི་བླ་བྲང་ཉི་འོད་འཁྱིལ་བ་ནས་སྨན་རིའི་ཚོགས་ཁང་དུ་སེར་འཕྲེང་བསྒྲིག་ནས་ཕེབས་བསུ་ཞུ་བཞིན་པ།

img_1191img_1193

༧སྨན་རིའི་དཔོན་སློབ་རིན་པོ་ཆེ་མཆོག་དང་ཁྲི་བརྟན་ནོར་རྩེའི་མཁན་རིན་པོ་ཆེ་རྣམ་གཉིས་ནས་མཎྚལ་ཚིག་བཤད་འབུལ་བཞིན་པའི་སྐབས།

img_1181img_1194

བརྟན་བཞུགས་སློབ་སྟོན་ཚོགས་མི་བྱ་འཕུར་དགེ་བཤེས་ལྷུན་གྲུབ་རྒྱ་མཚོ་ལགས་དང་བརྟན་བཞུགས་རྒྱས་འབུལ་གོ་སྒྲིག་ཚོགས་པའི་ཚོགས་གཙོ་ཀུན་གསལ་ཟླ་བ་ལགས་རྣམ་གཉིས་ནས་མཎྚལ་འདེགས་འབུལ་ཞུ་བཞིན་པ།

img_1159img_1162

༧སྨན་རིའི་དཔོན་སློབ་རིན་པོ་ཆེ་མཆོག་དང་ཁྲི་བརྟན་ནོར་རྩེའི་མཁན་རིན་པོ་ཆེ་རྣམ་གཉིས་དང་སྨན་རིའི་བཤད་སྒྲུབ་མཁན་སློབ་རྣམ་གཉིས་དང་ཁྲི་བརྟན་ནོར་རྩེའི་མཁན་སློབ་རྣམ་གཉིས་བཅས་ཀྱི་དགེ་འདུན་མང་ཚོགས།

img_1218img_1222

༧སྐྱབས་རྗེ་༧རྒྱལ་བ་སྨན་རི་བ་མཆོག་གིས་དད་ལྡན་སེར་སྐྱ་ཡོངས་ལ་བཀའ་སློབ་ལམ་སྟོན་བསྩལ་བཞིན་པ།

img_1157img_1165

སྨན་རིའི་གྲྭ་ཚང་དང་ཁྲི་བརྟན་ནོར་རྩེའི་གྲྭ་ཚང་དེ་བཞིན་རྫ་སྨོན་རྒྱལ་དགོན་དང་ཞུ་རི་ཞང་དགོན་བཅས་ཀྱི་དགེ་འདུན་མང་ཚོགས་རྣམས།

img_1134img_1147

ཕྱི་ཚེས་གཅིག་ཉིན་གྱི་ཞོགས་པར་སྨན་རིའི་ཚོགས་ཁང་མདུན་ཐང་དུ་བརྟན་བཞུགས་འབུལ་མཁན་རྣམས་ཀྱི་བསྟར་འཕྲེང་བསྒྲིག་ཡོད་པ།

img_1145img_1149

ཕྱི་ཚེས་གཅིག་ཉིན་གྱི་ཞོགས་པར་སྨན་རིའི་ཚོགས་ཁང་མདུན་ཐང་དུ་བརྟན་བཞུགས་འབུལ་མཁན་རྣམས་ཀྱི་བསྟར་འཕྲེང་བསྒྲིག་ཡོད་པ།

img_1205img_1229

ཉིན་གཉིས་པའི་མཎྚལ་བརྟན་བཞུགས་ཡོངས་སུ་གྲུབ་ནས་༧སྐྱབས་རྗེ་༧རྒྱལ་བ་སྨན་རི་བ་མཆོག་བླ་བྲང་གཟིམ་ཆུང་ལ་གདན་འདྲེན་ཞུ་བཞིན་པ།

img_5241img_5251

ཕྱི་དྲོར་བརྟན་བཞུགས་གོ་སྒྲིག་ཚོགས་མི་ལྷན་རྒྱས་༧དཔལ་ལྡན་སྨན་རིའི་བླ་བྲང་དུ་༧སྐྱབས་རྗེ་རྒྱལ་བ་སྨན་རི་བ་མཆོག་མཇལ་བཅར་དང་འབྲེལ་རིན་པོ་ཆེ་མཆོག་ནས་བཀའ་སློབ་གསུང་བཤད་དང་། ཐུགས་རྗེ་ལེགས་གསོལ་དུ་སྐུ་པར་མཐོང་གྲོལ་རིན་པོ་ཆེ་དང་དམ་རྫས་བྱིན་མདུད་བཅས་གསོལ་རས་བསྩལ་གནང་བ།

བརྟན་བཞུགས་མཛད་སྒོ་ལ་ཆེད་དུ་ཕེབས་པའི་སྐུ་མགྲོན་མི་སྣ་གཙོ་ཁག་ནི།

༧དཔལ་ཁྲི་བརྟན་ནོར་རྩེའི་༧མཁན་རིན་པོ་ཆེ་ལུང་རྟོགས་བསྟན་པ་གཡུང་དྲུང་རིན་པོ་ཆེ་མཆོག་དང་། ༧དཔལ་ཁྲི་བརྟན་ནོར་རྩེ་བཤད་སྒྲུབ་མཁན་སློབ་རྣམ་པ་གཉིས་གཙོས་བཤད་སྒྲུབ་གྲྭ་ཚང་གི་དགེ་སློབ་གྲངས་བརྒྱ་ལྷག་དང་། རྡུ་ར་ཊུན་རྫ་སྨོན་རྒྱལ་དགོན་པའི་དགེ་བཤེས་གཡུང་དྲུང་བསྟན་འཛིན་ལགས་གཙོས་དགེ་སློབ་རྣམ་པ། ཞུ་རི་ཞང་གཡུང་དྲུང་ཀུན་གྲགས་གླིང་གི་དགེ་སློབ་རྣམ་པ། ལ་དྭགས་བོན་དགོན་གྱི་དབུ་འཛིན་དགེ་བཤེས་ལུང་རིག་ཉི་མ་ལགས། བལ་ཡུལ་བསམ་གླིང་དགོན་པའི་བླ་མ་དགེ་བཤེས་གཙུག་ཕུད་རྣམ་རྒྱལ་ལགས། བརྟན་བཞུགས་གོ་སྒྲིག་ཚོགས་པའི་སློབ་སྟོན་ཚོགས་མི་བྱ་འཕུར་དགེ་བཤེས་ལྷུན་གྲུབ་རྒྱ་མཚོ་ལགས། བརྟན་བཞུགས་གོ་སྒྲིག་ཚོགས་པའི་ཚོགས་གཙོ་ཀུན་གསལ་ཟླ་བ་ལགས་དང་། ༧དཔལ་ཁྲི་བརྟན་ནོར་བུ་རྩེའི་མཁན་ཟུར་དགེ་བཤེས་ཉི་མ་དབང་རྒྱལ་རིན་པོ་ཆེ། དབྱིན་ཇིར་གནས་བཞུགས་ཁྱིམ་གསར་བླ་མ་ཕུན་ཚོགས་བཀྲ་ཤིས་རིན་པོ་ཆེ་དང་། སྐུ་ངོ་བྱ་དུར་བསོད་ནམས་བཟང་པོ་ལགས། བོད་མི་མང་སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་ལགས། སྤྱི་འཐུས་བ་ར་ཚེ་དབང་བཀྲ་ཤིས་ལགས། སྤྱི་འཐུས་དབྲ་ཙ་བསོད་ནམས་ནོར་བུ་ལགས། ལྡི་ལིའི་སྐུ་ཚབ་དོན་གཅོད་ཁང་གི་སྐུ་ངོ་དྲུང་ཆེ་ཚེ་དབང་རྒྱལ་པོ་ལགས། དབུས་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་འབྱོར་དྲུང་ཆེ་འཕྲིན་ལས་འོད་ཟེར་ལགས། དབུས་མདོ་སྨད་སྤྱི་ཁྱབ་རྒྱུན་ལས་ཁང་གི་ཚོགས་གཙོ་གངས་རི་ལགས། བོན་གཞིས་ས་གནས་འགོ་འཛིན་བློ་ལྡན་ཉི་མ་ལགས་དང་། ཝཱ་ཎཱ་དབུས་བོད་ཀྱི་གཙུག་ལག་སློབ་ཆེན་གྱི་གཡུང་དྲུང་བོན་དགེ་སློབ་ཁང་གི་དགེ་སློབ་རྣམ་པ། ས་གནས་ཉིན་སློབ་ཁང་གི་དགེ་སློབ་རྣམ་པ། བོན་གཞིས་བཙུན་དགོན་གྱི་དགེ་སློབ་རྣམ་པ། དེ་བཞིན་བོད་ཕྱི་ནང་གཉིས་དང་ཤར་ནུབ་རྒྱལ་ཁབ་ཡུལ་གྲུ་ཁག་ནས་ཕེབས་པའི་བོན་འབངས་དད་ལྡན་སེར་སྐྱ་སྟོང་ཕྲག་ལས་བརྒལ་བར་འཛོམས་ཡོད་པ་བཅས་ཀྱི་གནས་བསྡུས་ཙམ་དུ་གཡུང་དྲུང་བོན་དྲྭ་རྒྱ་རྒྱུན་ལས་ཁང་ནས་འཕྲལ་དུ་སྤེལ་བ་དགེ་གྱུར་ཅིག །