གཡུང་དྲུང་བོན་གྱི་དྲྭ་རྒྱ།

སྨན་རིའི་བཤད་སྒྲུབ་སློབ་དཔོན་དགེ་བཤེས་དགེ་ལེགས་རྒྱ་མཚོའི་མཛད་པ།

IMG_9514IMG_9516

༸སྨན་རིའི་བཤད་སྒྲུབ་སློབ་དཔོན་དགེ་བཤེས་དགེ་ལེགས་རྒྱ་མཚོ་མཆོག་གིས་ཨུ་རུ་སུའི་དད་ལྡན་ཁག་ཅིག་ལ་རྫོགས་ཆེན་ཐོད་བརྒལ་སྣང་བཞིའི་སྐོར་ལ་ཞལ་ཁྲིད་ཟབ་རྒྱས་གནང་ཡོད་པ་དང་ཚེ་དབང་བོད་ཡུལ་མའི་བཀའ་དབང་བསྩལ་གནང་བ།

IMG_9508IMG_9509
ཕྱི་ལོ་༢༠༡༧ཟླ་བ་༥པའི་ཚེས་༨ནས་ཚེས་༡༥བར་དུ་ཉིན་གྲངས་བརྒྱད་ཀྱི་རིང་ཨུ་རུ་སུའི་ཆར་གཏོགས་ཉམས་དགའ་བའི་དབེན་གནས་ཀྱི་རི་ཁྲོད་ཀུན་བཟང་སྒར་དུ་རྫོགས་ཆེན་ཐོད་བརྒལ་སྣང་བཞིའི་སྐོར་ལ་ཟབ་ཁྲིད་རྒྱས་པར་གནང་ཡོད་པ་མ་ཚད་དེའི་སྒོར་ཞུགས་པའི་དད་ལྡན་རྣམས་ཀྱིས་ཀྱང་ཐུགས་སྣང་ཆེན་པོའི་དྲི་བ་དྲིས་ལན་སོགས་ཟབ་རྒྱས་ཞུས་ཡོད།

IMG_9510
ཚེས་༡༦ཉིན་དད་ལྡན་རྣམས་ལ་སྙན་རྒྱུད་ཀྱི་དབང་བཀའ་རབ་འབྱམས་ཡེ་ཤེས་སྤྱི་བླུགས་ཀྱི་བཀའ་དབང་ཟབ་རྒྱས་བསྩལ་བཞིན་པ།

IMG_9520IMG_9507
ཚེས་༡༧ཉིན་གྱི་ཞོགས་པར་བསང་གསོལ་ལྷ་རྒྱལ་དང་ཀི་བསྭོ་སྒྲོག་ཅིང་བླ་སློབ་ཡོངས་ནས་རྫོགས་པ་ཆེན་པོའི་གཞུང་ཡང་ཟབ་ཚོགས་ཀྱི་འཁོར་ལོ་རྣལ་འབྱོར་དགོངས་པའི་རྒྱན་གྱི་ཚོགས་འཁོར་ཟབ་རྒྱས་བཏང་གནང་བ་དང་།

IMG_9518IMG_9519
ཀུན་བཟང་སྒར་ཆོས་ཚོགས་ཀྱི་བུ་སློབ་ཁག་ཅིག་གིས་མ་བསྐུལ་དང་བླངས་ཀྱི་བྲོ་གར་གླུ་ལེན་དང་གཏང་རག་གི་དགའ་སྟོན་སོགས་ཀྱིས་བཀྲ་ཤིས་མཐར་བརྒྱན་གྱིས་མཇུག་བསྡུས་ཡོད་པ་བཅས་ཀྱི་གནས་བསྡུས་ཙམ་དུ།

ཁྱུང་ཁྲི་རྒྱལ་ནས་མཁོ་སྤྲོད་གནང་།