གཡུང་དྲུང་བོན་གྱི་དྲྭ་རྒྱ།

སྨན་རིའི་བཤད་སྒྲུབ་སློབ་དཔོན་དགེ་བཤེས་དགེ་ལེགས་རྒྱ་མཚོའི་མཛད་འཕྲིན།

12

༧སྨན་རིའི་བཤད་སྒྲུབ་སློབ་དཔོན་དགེ་བཤེས་དགེ་ལེགས་རྒྱ་མཚོ་རིན་པོ་ཆེ་མཆོག་གིས་ཨུ་རུ་སུའི་རྒྱལ་ཁབ་དང་ཡུ་རོབ་ལ་ཏ་ཝ་(LATVIA)རྒྱལ་ཁབ་རྣམས་སུ་བོན་ཁྲིད་སོགས་ཀྱི་མཛད་འཕྲིན་བསྐྱངས་པའི་གནས་བསྡུས།

IMG_9513IMG_9509

ཕྱི་ལོ་༢༠༡༧ཟླ་བ་༥པའི་ཚེས་༨ནས་ཚེས་༡༥བར་དུ་ཉིན་གྲངས་བརྒྱད་ཀྱི་རིང་ཨུ་རུ་སུའི་ཆར་གཏོགས་ཉམས་དགའ་བའི་དབེན་གནས་ཀྱི་རི་ཁྲོད་ཀུན་བཟང་སྒར་དུ་རྫོགས་ཆེན་ཐོད་བརྒལ་སྣང་བཞིའི་སྐོར་ལ་ཟབ་ཁྲིད་རྒྱས་པར་གནང་ཡོད་པ་མ་ཚད་དེའི་སྒོར་ཞུགས་པའི་དད་ལྡན་རྣམས་ཀྱིས་ཀྱང་ཐུགས་སྣང་ཆེན་པོའི་དྲི་བ་དྲིས་ལན་སོགས་ཟབ་རྒྱས་ཞུས་ཡོད།

DSC04105DSC04095

ཕྱི་ལོ་༢༠༡༧ལོའི་ཕྱི་ཟླ་བ་༦པའི་ཚེས་༢༦ཉིན་ནས་བོན་ཐེག་པ་རིམ་དགུ་ལས་གཙོ་བོ་རྒྱུ་ཐེག་སྐོར་གྱི་བཀའ་ཁྲིད་གནང་།

DSC08917DSC04280

ཕྱི་ལོ་༢༠༡༧ལོའི་ཕྱི་ཟླ་བ་༧པའི་ཚེས་༠༨བར་སློབ་ཚོགས་རྒན་པ་རྣམས་ལ་ཀུན་གཞི་ཞལ་ཤེས་ཀྱི་གདམས་པ་དང་ལོ་སྔར་སྔོན་འགྲོ་སྦྱོང་མཁན་རྣམས་ལ་ཞི་གནས་ཀྱི་ཁྲིད་སོགས་བསྩལ་གནང་ནས་ཕྱི་ཚེས་༡༢ཉིན་ཨུ་རུ་སུ་རྒྱལ་ས་ནས་མཁའ་ལམ་བརྒྱུད་ནས་ཕྱིར་རང་དགོན་སྨན་རིའི་གླིང་དུ་ཕེབས་གནང་ཡོད་པ་བཅས་ཀྱི་གནས་བསྡུས་ཙམ་དུ།