གཡུང་དྲུང་བོན་གྱི་དྲྭ་རྒྱ།

༧སྐྱབས་རྗེ་༧རྒྱལ་བ་སྨན་རི་བ་མཆོག་དགུང་གྲངས་༨༩ཕེབས་པའི་འཁྲུངས་སྐར་མཛད་སྒོ།

8382792372006271644
གཤེན་གྱི་འབྱུང་ལྡན་སུམ་བརྒྱ་དང་གཅིག་བོད་མེ་བྱ་ལོ་སྟེ་ཧོར་ཟླ་༥པའི་ཚེས་༡༥ཉིན་ནི་གཡུང་དྲུང་བོན་གྱི་བླ་ཆེན་༧སྐྱབས་རྗེ་༧རྒྱལ་བ་སྨན་རིའི་ཁྲི་འཛིན་རིན་པོ་ཆེ་མཆོག་གིས་གདུལ་བྱའི་ཁམས་ལ་རླབས་ཆེན་གྱི་ཐེག་དགུའི་བོན་འཁོར་བསྐོར་ནས་བོད་ལུགས་ལྟར་དགུང་གྲངས་༨༩ཧྲིལ་པོར་བཞེས་པའི་འཁྲུངས་མཆོད་ཁྱད་པར་ཅན་གྱི་ཉིན་མོ་རེད།

IMG_2094IMG_2082
གོང་ཚེས་ཉིན་གྱི་ཞོགས་པར་བོན་གཞིས་ཐོབ་རྒྱལ་གསར་པའི་གཞིས་དགོན་གཉིས་ཀྱི་མི་མང་ཀུན་འཛོམས་གྱིས་ཐོབ་རྒྱལ་གསར་པའི་རྒྱབ་རི་ལྷ་རྒྱལ་རི་ལ་འཛམ་གླིང་སྤྱི་བསང་ཆེན་མོ་བཏང་ནས་རླུང་རྟ་དང་དར་ལྕོག་སྒྲོན་འཛུགས་གནང་བ་སོགས་ཀྱི་ཞབས་བརྟན་རིམ་གྲོ་ཞུས་ཡོད།
453536364261716296
དེ་ནས་༧དབུས་གཡུང་དྲུང་བོན་འཛིན་སྐྱོང་ལྷན་ཚོགས་ནས་གོ་སྒྲིག་འོག་བོན་ཕྲུག་བདེ་དོན་གྱི་འགན་འཛིན་རྣམས་ཀྱིས་“འཁྲུངས་སྐར་ལྷན་འཛོམས་སྟེགས་བུ་”བོན་ཕྲུག་བདེ་དོན་ཐང་ཆེན་དུ་བཟོ་བཀོད་གནང་ཡོད་པ་ལྟར། སྐུ་མགྲོན་གཙོ་བོ་༧རྒྱལ་བ་སྨན་རིའི་དཔོན་སློབ་ཡང་སྟོན་འཕྲིན་ལས་ཉི་མ་རིན་པོ་ཆེ་གདན་འདྲེན་ཞུས་ཡོད་པ་དང་། དེ་མིན་བཤད་སྒྲུབ་འདུས་སྡེའི་མཁན་པོ་དགེ་བཤེས་ཉི་མ་དོན་འགྲུབ་དང་སྨན་རིའི་དགེ་བཤེས་རྣམ་པ་བཅས་ཆེད་ཕེབས་གནང་ཡོད་པ་དང་། དེ་བཞིན་བོན་གཞིས་སེར་སྐྱ་སློབ་ཕྲུག་ཕོ་མོ་བཅས་མི་གྲངས་ཆིག་སྟོང་ལྷག་འདུ་འཛོམས་གནང་ཡོད། ཐོག་མར་༧རྒྱལ་བ་སྨན་རིའི་དཔོན་སློབ་རིན་པོ་ཆེ་ནས་སྣང་གསལ་སྒྲོན་མེ་ཞལ་འབྱེད་ཀྱིས་འཁྲུངས་མཆོད་ཀྱི་མཛད་སྒོ་དབུ་འཛུགས་གནང་།
1882330548498653497
དེ་ནས་དབུས་གཡུང་དྲུང་བོན་འཛིན་སྐྱོང་ལྷན་ཚོགས་ཀྱི་ཟུར་དྲུང་ངག་དབང་ཤེས་རབ་ཀྱིས་མདོ་འཛིན་འོག སྨན་རིའི་གྲྭ་ཚང་དང་སློབ་ཕྲུག་ཡོངས་ནས་༧སྐྱབས་རྗེ་༧རྒྱལ་བ་སྨན་རི་བའི་ཞབས་བརྟན་གསོལ་འདེབས་སོགས་དབྱངས་སུ་གྱེར་ཞིང་གཡུང་དྲུང་བསྟན་པ་རྒྱས་པའི་སྨོན་ལམ་སོགས་གསུངས་གནང་།
2087732160
དེ་རྗེས་༧རྒྱལ་བ་སྨན་རིའི་དཔོན་སློབ་རིན་པོ་ཆེ་མཆོག་ནས་༧སྐྱབས་རྗེ་༧རྒྱལ་བ་སྨན་རིའི་ཁྲི་འཛིན་རིན་པོ་ཆེ་དགུང་གྲངས་༨༩བཞེས་པའི་རྟེན་འབྲེལ་གྱི་འོ་མའི་སྤྲི་ཀོར་(Cake)གྱི་ཕུད་མཆོད་བཤམས་ནས་སེར་སྐྱ་མང་ཚོགས་ཡོངས་ལ་དངོས་གྲུབ་ཀྱི་བྱིན་རླབས་བསྩལ་གནང་།
IMG_5963IMG_5951
དེ་བཞིན་གསོ་རིག་འབུམ་བཞིའི་མཐོ་སློབ་ཁང་དང་ཝཱཎཱ་གཡུང་དྲུང་བོན་གྱི་དགེ་སློབ་ཁང་། བོན་ཕྲུག་བདེ་དོན་གྱི་སློབ་ཕྲུག་རྣམས། བོན་བུ་ཁྱིམ་ཁང་གི་སློབ་ཕྲུག་ཕོ་མོ་རྣམས་བཅས་ནས་གཞས་སྣ་བཅུ་ཕྲག་ལྷག་གིས་༧སྐྱབས་རྗེ་༧རྒྱལ་བ་སྨན་རི་བའི་འཁྲུངས་སྐར་ལ་མཆོད་འབུལ་དང་དགའ་སྟོན་ཞུས་ཡོད་པ་བཅས་ཀྱི་གནས་བསྡུས་ཙམ་དུ་གཡུང་དྲུང་བོན་དྲ་ཚིགས་རྒྱུན་ལས་ཁང་ནས།