གཡུང་དྲུང་བོན་གྱི་དྲྭ་རྒྱ།

༧དཔལ་གཤེན་བསྟན་སྨན་རིའི་གླིང་དུ་གདུང་མཆོད་སྐོར་གྱི་གནས་ཚུལ།

IMG_2191IMG_2198

༧རྒྱལ་བ་གཤེན་གྱི་འབྱུང་ལྡན་ ༣༠༡ བོད་མེ་བྱ་ལོའི་ཧོར་ཟླ་བདུན་པའི་ཚེས་ཉེར་བཞི་ཉིན་སྟེ། ཕྱི་ལོ་ ༢༠༡༧ ཟླ་བ་ ༩་ཚེས་ ༡༤ ཉིན་༧སྐྱབས་རྗེ་༧རྒྱལ་བ་སྨན་རིའི་ཁྲི་འཛིན་སོ་གསུམ་པ་ལུང་རྟོགས་བསྟན་པའི་ཉི་མ་རིན་པོ་ཆེ་མཆོག་དགོངས་པ་བོན་དབྱིངས་སུ་ཐིམ་པ་ནས་བཟུང་། སྐུ་གདུང་མཐོང་གྲོལ་རིན་པོ་ཆེའི་ཞལ་སྔར་༧སྐྱབས་རྗེ་སྨན་རིའི་དཔོན་སློབ་རིན་པོ་ཆེ་མཆོག་དང་། ༧དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེའི་མཁན་རིན་པོ་ཆེ་མཆོག སྨན་རིའི་བཤད་སྒྲུབ་མཁན་སློབ་རྣམ་གཉིས། ཁྲི་བརྟན་ནོར་བུའི་རྩེའི་བཤད་སྒྲུབ་མཁན་སློབ་རྣམ་གཉིས་ཀྱིས་དབུས་བླ་སྤྲུལ་དགེ་བའི་བཤེས་གཉེན་རྣམས་རེས་མོས་ཀྱིས་བླ་མེད་རྫོགས་པ་ཆེན་པོ་ཞང་ཞུང་སྙན་རྒྱུད་བཀའ་རྒྱུད་སྐོར་བཞི་དང་། ཨ་སྙན་རྫོགས་གསུམ་བཅས་རྒྱུན་ཆད་མེད་པར་གསུང་མུས་དང་། ༧དཔལ་གཤེན་བསྟན་སྨན་རིའི་གླིང་གི་གཙུག་ལག་ཁང་ཆེན་མོར་དགེ་འདུན་འདུས་པ་རྒྱ་མཚོས་རྒྱལ་བ་ཞི་ཁྲོའི་ཚོགས་འཁོར་རྒྱས་འབུལ་དང་། ༧སྨན་རིའི་བླ་བྲང་དུ་བླ་སྤྲུལ་དགེ་བའི་བཤེས་གཉེན་རྣམས་ཀྱིས་རིག་འཛིན་འདུས་པའི་ཚོགས་འཁོར་གསུང་བཞིན་པ།

IMG_2221IMG_2205

༧དཔལ་ལྡན་སྨན་རིའི་བླ་བྲང་དུ་མཆོད་སྤྲིན་རྒྱས་བཤམས་རྒྱུན་ཆད་མེད་པར་སྔ་དགོང་གཉིས་སུ་སེར་སྐྱ་མང་ཚོགས་ཡོངས་ནས་བླ་མ་མཆོད་པའི་གསུང་འདོན་དང་། དད་ལྡན་མང་ཚོགས་རྣམས་ཀྱིས་ཉིན་མཚན་དུས་དྲུག་ཀུན་ཏུ་ཕྱག་སྐོར་མཆོད་འབུལ་ཆད་མེད་ཞུས་དང་ཞུ་བཞིན་པ་དང་། ཕྱི་ལོ་ ༢༠༡༧ ཟླ་ ༩ ཚེས་ ༡༨ ཉིན་གྱི་སྔ་དྲོར་སྐུ་ཡི་ཐུགས་དམ་གྲོལ་ནས་སྐུ་གདུང་ལ་ཁྲུས་འབུལ་སོགས་ཞུས།

IMG_2208IMG_2224

ཕྱི་རྒྱལ་ཡུལ་གྲུ་ཁག་དང་བོད་ཕྱི་ནང་གཉིས་ནས་ཆོས་ལུགས་དང་ཆོལ་ཁ་རིས་སུ་མ་ཆད་པའི་དགོན་སྡེ་དང་ཆོས་སྡེ་ཁག གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག གྲགས་ཅན་དང་གནད་ཡོད་ཀྱི་མི་སྒེར་པ་བཅས་ནས་གདུང་སེམས་མཉམ་བསྐྱེད་དང་ཐུགས་གསོའི་ཕྱག་བྲིས་དུ་མ་འབྱོར་བཞིན་པ་དང་། དེ་བཞིན་བོད་ཕྱི་ནང་གཉིས་ཀྱི་བོན་བན་གྱི་དགོན་སྡེ་དང་ཚོགས་པ་དང་སྡེ་བ་ཁག་ནས་དགོངས་རྫོགས་མཆོད་འབུལ་རྒྱ་ཆེན་ཞུ་མུས་ཡོད་པ། དེ་མིན་རྒྱལ་ཁབ་ཕྱི་ནང་དང་ཕྱོགས་མཐའ་ཁག་ནས་གནད་ཡོད་མི་སྣ་མང་པོ་ཆེད་བཅར་གནང་དང་གནང་བཞིན་ཡོད་པ་རེེད།

IMG_2215IMG_2217

ཕྱི་ལོ་༢༠༡༧ ཟླ་བ་ ༡༠ ཚེས་ ༢ ཉིན་ཀུན་རིག་ལས་བཞི་རྒྱུན་ལྔའི་མཆོད་སྤྲིན་རྒྱས་པའི་སྒོ་ནས་སྐུ་གདུང་ཞུགས་འབུལ་ཞུ་འཆར་ཡོད་པ་བཅས་ཀྱི་གནས་ཚུལ་སྙིང་བསྡུས་སུ།