གཡུང་དྲུང་བོན་གྱི་དྲྭ་རྒྱ།

༧རྒྱལ་བ་སྨན་རིའི་མཁན་ཆེན་ཁྲི་འཛིན་༣༣པ་མཆོག་གི་སྐུ་གདུང་མཐོང་གྲོལ་རིན་པོ་ཆེ་བཞེངས་བསྐྲུན་མཛད་པ།

༧གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་དཔལ་ལྡན་གཙང་བཀྲ་ཤིས་སྨན་རི་དགོན་དུ་༧སྐྱབས་རྗེ་ཞིང་གཤེགས་དམ་པ་༧རྒྱལ་བ་སྨན་རིའི་མཁན་ཆེན་ཁྲི་འཛིན་༣༣པ་དཔལ་བཟང་པོ་མཆོག་གི་སྐུ་གདུང་མཐོང་གྲོལ་རིན་པོ་ཆེ་བཞེངས་བསྐྲུན་མཛད་པ།

༧གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ནས་༧སྐྱབས་རྗེ་དམ་པ་མཆོག་གི་དགོངས་རྫོགས་ཞེ་དགུའི་ནང་དུ་སྐུ་གདུང་རིན་པོ་ཆེ་བཞེངས་བསྐྲུན་གྲུབ་པར་མཛད་ནས་གཞིས་ཀྱི་གདན་ས་ཆེན་མོ་བཀྲ་ཤིས་སྨན་རི་དགོན་ལ་གདན་འདྲེན་ཞུས་ཡོད་པ།

༧གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་གཙོ་ལས་ཐོགས་པ་རྩེ་ཞིག་ཨ་ལགས་ཟླ་བ་རིན་པོ་ཆེ་མཆོག་དང་། དྲུང་ཆེ་སྨན་རིའི་དགེ་བཤེས་འགོ་བ་བསྟན་འཛིན་འབྲུག་གྲགས་རྣམས་ཀྱིས་སྣེ་ཁྲིད་འོག་བོད་མདོ་དབུས་ཁམས་གསུམ་ནས་ཆེད་དུ་ཕེབས་པའི་དགེ་བཤེས་བླ་སྤྲུལ་རྣམས་ཀྱིས་སྐུ་གདུང་རིན་པོ་ཆེར་གཟུང་གཞུག་དང་རབ་གནས་ཞུས་པ།

དེ་བཞིན་ཕྱོགས་མཐའ་ཁག་ནས་ཕེབས་པའི་བླ་སྤྲུལ་དགེ་བཤེས་དང་གནད་ཡོད་མི་སྐྱ་མང་པོ་༧གདན་ས་ཆེན་པོ་བཀྲ་ཤིས་སྨན་རི་དགོན་དུ་འདུ་འཛོམས་ཀྱིས་སྐུ་གདུང་རིན་པོ་ཆེ་ལ་བྱིན་རླབས་དང་མཇལ་ཕྱག་ཞུས་ཡོད་པའི་གནས་བསྡུས།