གཡུང་དྲུང་བོན་གྱི་དྲྭ་རྒྱ།

༧སྐྱབས་རྗེ་སྨན་རིའི་ཡོངས་འཛིན་རིན་པོ་ཆེ་མཆོག་ནས་བཀའ་ལུང་བསྩལ་གནང་བ།

ཕྱི་ལོ་ ༢༠༡༨ ཟླ་བ་ ༠༣ ཚེས་ ༢༣ རེས་གཟའ་པ་སངས་ཉིན་༧གསང་གསུམ་བོན་གྱི་མཛོད་འཛིན་སྐྱབས་རྗེ་སྨན་རིའི་ཡོངས་འཛིན་རིན་པོ་ཆེ་མཆོག་ལ་ཇི་ལྟར་གསོལ་བ་བཏབས་དོན་བཞིན་༧ཞྭ་དཀར་བསྟན་པའི་གཙུག་རྒྱན་༧སྐྱབས་རྗེ་༧རྒྱལ་བ་སྨན་རིའི་ཁྲི་འཛིན་སོ་བཞི་པ་རིན་པོ་ཆེ་མཆོག་དང་། ༧སྨན་རིའི་དཔོན་སློབ་ཡང་སྟོན་འཕྲིན་ལས་ཉི་མ་རིན་པོ་ཆེ། ༧མཁན་རིན་པོ་ཆེ་ལུང་རྟོགས་བསྟན་པ་གཡུང་དྲུང་རིན་པོ་ཆེ། ༧དཔོན་སློབ་རིན་པོ་ཆེ་ཚངས་པ་བསྟན་འཛིན། སྒྲུབ་གྲྭ་མཁན་རིན་པོ་ཆེ་སོགས་བླ་སྤྲུལ་དགེ་བཤེས་རྣམས་དང་གྲྭ་ཚང་འདུས་མང་ཡོངས་ལ་སྨན་རིའི་ལུགས་ཀྱི་འདུལ་བའི་གསོ་སྦྱོང་དང་འདུལ་ཆོག་རིན་ཆེན་འཕྲེང་བ་སོགས་ཀྱི་ལུང་རྒྱུད་བསྩལ་བ།

སྔ་དྲོའི་ཆུ་ཚོད་དགུ་པ་ཙམ་ནས་༧སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེ་གཟིམ་ཁང་ནས་གདན་འདྲེན་ཞུས་ཏེ་

༧དཔལ་ཁྲི་བརྟན་ནོར་བུ་རྩེའི་གཙུག་ལག་ཁང་གི་ཡང་སྟེང་གསས་མཁར་མཆོག་ལྔའི་ལྷ་ཁང་དུ་ལྗགས་ལུང་དབུ་འཛུགས་གནང་ཡོད་པའི་གནས་བསྡུས་ཙམ་མོ།

༧སྨན་རིའི་མཁན་སློབ་རྣམ་གཉིས་ཀྱིས་༧དཔལ་ཁྲི་བརྟན་ནོར་བུ་རྩེ་གཙུག་ལག་ཁང་གི་ཡང་སྟེང་དུ་བཞུགས་པའི་ཀུན་བཟང་ཞི་བ་ཨ་གསལ་གྱི་དཀྱིལ་འཁོར་ལ་མཇལ་སྐོར་དུ་ཕེབས་པ།

པར་པ། གྱེར་ནག་ཚང་།