གཡུང་དྲུང་བོན་གྱི་དྲྭ་རྒྱ།

༄༅།། འཛམ་གླིང་ས་ཕྱོགས་གང་ན་བཞུགས་པའི་དད་ལྡན་བོན་འབངས་ཡོངས་ལ་གསལ་བསྒྲགས་ཞུ་རྒྱུར།

མཁྱེན་གསལ་བཞིན་ཕྱི་ལོ་༢༠༡༨ ཕྱི་ཟླ ༩ ཕྱི་ཚེས་ ༣ དང་ ༤ བོད་ཟླ་བདུན་པའི་ཚེས་ ༢༣ དང་ ༢༤ བཅས་ཉིན་གཉིས་རིང་འདི་ག་གཡུང་དྲུང་བོན་གྱི་༸གདན་ས་ཆེན་མོ་དཔལ་གཤེན་བསྟན་སྨན་རིའི་གླིང་དུ་རང་ཅག་རྣམས་ཀྱི་འདྲེན་པ་ཆེན་པོ་ཚེ་རབས་གཏན་གྱི་སྐྱབས་གནས་དམ་པ་༸སྐྱབས་རྗེ་༸རྒྱལ་བ་སྨན་རིའི་ཁྲི་འཛིན་སོ་གསུམ་པ་མཆོག་དགོངས་པ་བོན་དབྱིངས་སུ་ཐིམས་ནས་ལོ་ངོ་ཧྲིལ་པོ་གཅིག་འཁོར་བའི་ལོ་འཁོར་གྱི་འདས་མཆོད་ཆེན་མོ་ཞིག་ཟབ་རྒྱས་ཞུ་འཆར་ལགས་ཤིང། དེས་ན་སྐྱབས་འོག་དད་ལྡན་པ་རྣམས་ནས་ཀྱང་གལ་ཆེར་དོན་ཆེར་དགོངས་ནས་དུས་ཐོག་ཏུ་འདི་གའི་༸གདན་སར་ངེས་ཕེབས་ཡོང་བའི་རེ་འདུན་བཅས།

༸དབུས་གཡུང་དྲུང་བོན་འཛིན་སྐྱོང་ལྷན་ཚོགས་ནས།

ཕྱི་ལོ་ ༢༠༡༨ ཟླ་ ༥ ཚེས་ ༣ ཉིན།