གཡུང་དྲུང་བོན་གྱི་རྒྱུན་སྤྱོད་ཕྱོགས་བསྡུས།

རྒྱལ་བ་གཉིས་པའི་གསོལ་འདེབས།

བདེ་ཆེན་རྒྱལ་པོ་ཀུན་བཟང་རྒྱལ་བ་འདུས། །མི་བརྗེད་གཟུངས་ལྡན་ཤེས་རབ་སྨྲ་བའི་སེང༌། །འཛམ་གླིང་བོན་གྱི་གཙུག་རྒྱན་མཉམ་མེད་པ། །ཤེས་རབ་རྒྱལ་མཚན་ཞབས་ལ་གསོལ་བ་འདེབས།། །།ལན་གསུམ་བརྗོད།
སྐྱབས་འགྲོ།བདག་དང་འགྲོ་བ་སེམས་ཅན་ཐམས་ཅད་ཀྱི། །སྐྱབས་ཀྱི་དང་པོ་བླ་མ་དམ་པ་རྣམས་ལ་སྐྱབས་སུ་མཆིའོ། །སངས་རྒྱས་ལ་སྐྱབས་སུ་མཆིའོ། །བོན་ལ་སྐྱབས་སུ་མཆིའོ། །གཤེན་རབས་གཡུང་དྲུང་སེམས་དཔའི་ཚོགས་རྣམས་ལ་སྐྱབས་སུ་མཆིའོ། །བཀའ་སྐྱོང་ཡེ་ཤེས་ཀྱི་དབལ་མོ་ལ་སོགས་བསྟན་སྲུང་ཡེ་ཤེས་པའི་ལྷ་ཚོགས་རྣམས་ལ་སྐྱབས་སུ་མཆིའོ།།  །།
སེམས་སྐྱེད། བླ་མ་སངས་རྒྱས་བོན་དང་གཤེན་རབས་ལ། །བྱང་ཆུབ་མ་ཐོབ་བར་དུ་བདག་སྐྱབས་མཆི།  །མར་གྱུར་འགྲོ་རྣམས་སྲིད་མཚོ་ལས་སྒྲོལ་ཕྱིར།   །བདག་ནི་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ།  །མཁའ་མཉམ་སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག  སེམས་ཅན་ཐམས་ཅད་སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་དང་བྲལ་བར་གྱུར་ཅིག སེམས་ཅན་ཐམས་ཅད་སྡུག་བསྔལ་མེད་པའི་བདེ་བ་དང་ལྡན་པར་གྱུར་ཅིག  སེམས་ཅན་ཐམས་ཅད་བདེ་སྡུག་གཉིས་དང་བྲལ་བའི་བཏང་སྙོམས་ཚད་མེད་པ་ལ་སེམས་གནས་པར་གྱུར་ཅིག། །།
རྒྱལ་བ་གཉིས་པ་མཉམ་མེད་ཤེས་རབ་རྒྱལ་མཚན་མཆོག་གི་བསྟོད་ཕྱག་སྐུ་གསུམ་ལྷུན་གྲུབ།
ཨེ་མ་ཧོ། བདེ་ཆེན་ལྷུན་གྲུབ་བོན་སྐུའི་ངང་ཉིད་ལས། །མ་འགགས་རོལ་པ་ལོངས་སྐུའི་འོད་ཟེར་གསལ། །ཅི་མཛད་ཐབས་མཁས་སྤྲུལ་སྐུའི་ཕྲིན་ལས་ཅན། །སྐུ་གསུམ་ངོ་བོ་མཉམ་མེད་རིན་པོ་ཆེ། །ཚད་མེད་ཐུགས་རྗེས་འགྲོ་བ་སྐྱོབས་པའི་ཕྱིར། །མོས་པས་སྤྱན་འདྲེན་བརྩེ་བས་འདིར་གཤེགས་ཤིང༌། །ཉི་ཟླ་པདྨ་བརྩེགས་པའི་གདན་སྟེངས་སུ། །དགྱེས་པའི་ཚུལ་གྱིས་བརྟན་པར་བཞུགས་སུ་གསོལ། །ལུས་ཀྱི་ཕྱག་བགྱིས་སྣ་ཚོགས་རྒྱན་དང་བཅས། །ངག་གི་ཕྱག་བགྱིས་སྤྲོ་དགའི་དབྱངས་དང་བཅས། །ཡིད་ཀྱི་ཕྱག་བགྱིས་བརྩེ་བའི་མཆོག་བསྐྱེད་པའི། །སྒོ་གསུམ་རྣམ་དག་སྦྱར་ལ་གུས་ཕྱག་འཚལ། །བདག་སོགས་མཁའ་མཉམ་སེམས་ཅན་ཐམས་ཅད་ཀྱིས། །མི་དགེ་བཅུ་སོགས་འགལ་བ་ཅི་བགྱིས་པ། །མཁྱེན་ལྡན་བརྩེ་བའི་སྤྱན་སྔར་མཐོལ་ཞིང་བཤགས། །ལས་སྒྲིབ་མ་ལུས་ཐུགས་རྗེ་བྱང་བར་མཛོད། །ཕྱི་ནང་གསང་གསུམ་མཆོད་སྤྲིན་རྣམ་དག་ཚོགས། །སྒྲིབ་གཉིས་རྣམ་བྱང་ཚོགས་གཉིས་རབ་རྫོགས་ཕྱིར། །རྩེ་གཅིག་མོས་པའི་སྟོབས་ཀྱིས་མཆོད་པ་འབུལ། །ཐུགས་རྗེས་ཆེན་པོའི་དབྱིངས་སུ་བཞེས་སུ་གསོལ། །སྔོན་སྦྱང་ལས་གྲུབ་དལ་འབྱོར་ཕུན་སུམ་ཚོགས། །ཐར་པའི་ལམ་མཆོག་ཕ་རོལ་ཕྱིན་བཅུར་སྤྱོད། །རྒྱུ་འབྲས་ལས་ལ་བློ་ཡི་ཐེ་ཚོམ་བྲལ། །བསྟན་འཛིན་སྐྱེས་བུའི་ཞབས་ལ་གུས་ཕྱག་འཚལ། །ལྷུན་པོའི་སྐུ་ལ་བསླབ་གསུམ་འོད་སྟོང་འབར། །ཚངས་པའི་མགུར་ལས་བརྒྱད་ཁྲི་བཞི་སྟོང་སྤྲོས། །མཉམ་པའི་ཐུགས་ལ་ཇི་ལྟ་ཇི་སྙེད་གསལ། །རྗེ་འགྲན་ཟླ་བྲལ་ལ་གུས་ཕྱག་འཚལ། །ཚད་མེད་ཐུགས་རྗེས་འགྲོ་ལ་བུ་བཞིན་སྐྱོབས། །དབང་བཞི་ཡོངས་རྫོགས་སྐུ་བཞིའི་ལྷ་ཞལ་ཁུམས། །ཉིས་བརྒྱ་ལྔ་བཅུ་བསྟན་པའི་སྲོག་ཤིང་འཛུག བསླབ་གསུམ་དབང་ཕྱུག་ཞབས་ལ་གུས་ཕྱག་འཚལ། །བརྒྱད་ཁྲི་བཞི་སྟོང་རྒྱ་མཚོའི་ཀློང་ཡངས་ནས། །རྣམ་གསུམ་ཤེས་རབ་རིག་པའི་གློག་འཕྲེང་འཁྱུག ཚད་གསུམ་ཟུང་འབྲེལ་ལུང་རིག་འབྲུག་ལྟར་སྒྲོག ལུང་རིག་མངའ་བདག་ཞབས་ལ་གུས་ཕྱག་འཚལ། །སྦྱངས་པའི་སྟོབས་ལས་ཤེས་བྱའི་དཀྱིལ་འཁོར་གསལ། །བརྩེ་བའི་སྟོབས་ཀྱིས་འགྲོ་ལ་མ་ལྟར་བྱམས། །དགེ་ལེགས་ཀུན་འབྱུང་ཡོན་ཏན་ཀུན་གྱི་གཏེར། །མཁྱེན་བརྩེའི་བདག་ཉིད་ཞབས་ལ་གུས་ཕྱག་འཚལ། །མཐའ་བྲལ་ལྟ་བས་སྤྱི་རྒྱ་རླབས་ཀྱིས་གཅོད། །ཤུགས་ཆེན་སྤྱོད་པས་ཉོན་མོངས་གདར་ཤ་གཅོད། །གཡོ་མེད་སྒོམ་པས་སེམས་ཉིད་གདེངས་མདངས་གསལ། །རྗེ་བཀའ་དྲིན་ཅན་ལ་གུས་ཕྱག་འཚལ། །རྣམ་དག་ཡེ་སྲུང་ཀུན་བཟང་རང་ས་ཟིན། །རྣམ་བཞིའི་ཕྲིན་ལས་རྩལ་མེད་ལྷུན་གྱིས་གྲུབ། །མཆོག་མཐུན་དངོས་གྲུབ་རེ་དྭོགས་མེད་པར་ཐོབ། །རྗེ་ཐུགས་རྗེ་ཅན་ལ་གུས་ཕྱག་འཚལ། །བྱིན་རླབས་བརྒྱུད་པའི་སྤྲིན་དཔུང་མཁའ་ལ་འཁྲིགས། །འགག་མེད་རོལ་པའི་གྲུ་ཆར་ཀློང་དུ་འཁྱིལ། །སྡུག་བསྔལ་ཉོན་མོངས་ཚ་གདུང་བསིལ་མཛད་པ། །བརྒྱུད་གསུམ་འཛིན་པའི་ཞབས་ལ་གུས་ཕྱག་འཚལ། །འཆད་པའི་ངག་གིས་གདུལ་བྱ་སྤྲོ་ཞིང་དྭངས། །རྩོམ་པའི་སྟོབས་ཀྱིས་ཐེག་དགུ་རབ་གསལ་ཞིང༌། །རྩོད་པའི་ཤུགས་ཀྱིས་ལོག་རྟོག་བྲག་རི་གཞོམ། །བསྟན་པ་གསལ་བྱེད་མཛད་ལ་གུས་ཕྱག་འཚལ། །འདིས་བསྟོད་དགེ་དང་དུས་གསུམ་བསགས་པའི་མཐུས། །བདག་འཛིན་ཉོན་མོངས་སྡུག་བསྔལ་གྲོལ་ནས་ཀྱང༌། །བདེ་ཆེན་བྱང་ཆུབ་མཆོག་གི་ལམ་ཕྱེད་ནས། །མཁའ་ཁྱབ་འགྲོ་བ་ཀུན་མཁྱེན་མྱུར་ཐོབ་ཤོག བདག་ཀྱང་འདི་ནས་བླ་མེད་མ་ཐོབ་བར། །ལམ་གྱི་བར་ཆད་ཞི་དང་མཐུན་རྐྱེན་ཚོགས། །ཐེག་ཆེན་ལམ་བསྒྲོད་དོན་གཉིས་ལྷུན་གྲུབ་ནས། །སྐུ་གསུམ་སྤྲུལ་པ་འགྲོ་བའི་དོན་བྱེད་ཤོག། །།

ཤེས་རབ་ལྷ་མཆོག་སྨྲ་བའི་སེང་གེའི་མཆོད་བསྟོད་ཨུདྤལ་ལའི་འཕྲེང་བ།
ཨེ་མ་ཧོ། ཀུན་སྐྱོབས་མཐུ་ལྡན་བློ་གྲོས་གཏེར་འཛིན་སྨྲ་བའི་སེང་གེ་ཐུགས་རྗེ་ཅན། །མཚན་དཔེ་རབ་རྫོགས་གུར་གུམ་མདོག་དམར་ཞལ་གཅིག་ཕྱག་གཉིས་འཛུམ་མདངས་ལྡན། །སྟོང་གསུམ་ཀུན་གྲགས་སྒྲ་རྒྱལ་འབྲུག་གི་ཁྲི་ལ་རོལ་པའི་འགྱིང་བག་ཅན། །འཕྲུལ་ཆེན་ཡི་གེ་བཞི་བཅུས་རབ་སྤྲས་བཀྲ་གསལ་ན་བཟའ་ལེགས་པར་བགོས། །རྒྱུད་ལུང་མན་ངག་སྡེ་སྣོད་ཀུན་འབྱུང་གཏོ་ཡི་བཀའ་སྒྲོམ་རབ་ཏུ་འགེལ། །ཕྱག་གཡས་སྔོན་དམར་ཤེས་རབ་རལ་གྲིས་འཁྲུལ་རྟོག་བདག་འཛིན་རྩད་ནས་གཅོད། །གཡོན་པས་གསལ་བའི་སྒྲོན་མེས་འགྲོ་བ་མ་རིག་བློ་མུན་སེལ་བར་མཛད། །གཡས་གཡོན་ཕྲག་གཉིས་འབར་བའི་ཉི་ཟླ་ཐབས་ཤེས་ཟུང་འབྲེལ་ཚུལ་དུ་བརྗིད། །གཡུ་ཡི་ཟུར་ཕུད་རིགས་ཀྱི་རྟགས་སོགས་ཞི་རྒྱན་མཛེས་པའི་རྒྱན་གྱིས་བརྒྱན། །ལེགས་པ་ཀུན་འབྱུང་རྒྱལ་དང་རྒྱལ་སྲས་ཐམས་ཅད་འདུས་པའི་ངོ་བོ་ཉིད། །མཐའ་རིང་འཁོར་བའི་རྒྱ་མཚོ་འདི་ལས་ཉེ་བར་སྒྲོལ་མཛད་ཕྲིན་ལས་ཅན། །ལུས་ངག་ཡིད་གསུམ་སྒོ་ནས་དྭངས་བས་ཁྱེད་ལ་རབ་ཏུ་ཕྱག་བགྱིས་པས། །མི་ཕམ་རྒྱལ་མཛད་དགྱེས་པའི་ཞབས་པད་བདག་གི་སྤྱི་བོར་མྱུར་དུ་ཞོག །དམ་པར་སྨད་པའི་ལས་རྣམས་གང་བགྱིས་སྤྱན་སྔར་བཤགས་སོ་བཟོད་པར་གསོལ། །ཕུན་ཚོགས་ལྡན་ཀྱང་དངོས་འབྱོར་ཡིད་སྤྲུལ་མཆོད་ཚོགས་འབུལ་ལོ་ཐུགས་རྗེ་བཞེས། །ཉིན་མཚན་ཀུན་ཏུ་འདུན་པས་བསམ་ཀྱང་ད་རུང་ཁྱེད་ཀྱི་ཐུགས་རྗེའི་ཤུགས། །ཅུང་ཟད་མེད་སྙམ་འོན་ཀྱང་བདག་གི་ཉེས་པའི་སྐྱོན་གྱི་སྒྲིབ་པར་ཟད། །རབ་འབྱམས་ཤེས་བྱའི་ཚོགས་ཀུན་ཀུན་གསལ་བློ་གྲོས་བདག་ལ་མྱུར་དུ་སྩོལ། །བདག་ལ་མགོན་བྱེད་རེ་ས་ཁྱེད་ལས་ལྷག་པའི་གཞན་ན་སུ་མེད་པས། །དུས་རྣམ་ཀུན་ཏུ་མི་འབྲལ་ཁྱེད་ཀྱི་ཐུགས་རྗེས་བདག་ལ་ཟུངས་དུ་གསོལ། །བདག་གིས་གཞན་ཕྱིར་བཀའ་ཡི་འཁོར་ལོ་བསྐོར་ཞིང་འགྲོ་རྣམས་མྱུར་སྒྲོལ་ཤོག། །།

གསོལ་འདེབས་མ་རིག་མུན་སེལ།
ཨེ་མ་ཧོ། རྒྱལ་བ་ཀུན་འདུས་སྟོན་མཆོག་བརྒྱ་བའི་མགོན། །བླ་མ་སངས་རྒྱས་བོན་དང་སེམས་དཔའ་དང༌། །ཡི་དམ་རིག་འཛིན་མཁའ་འགྲོ་བོན་སྐྱོང་ལ། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །ཁྱད་པར་བདེར་གཤེགས་བྱེ་བྲག་དངོས་མེད་དང༌། །ཤེས་རབ་ལྷ་མདུན་སྨྲ་བའི་སེང་གེ་དང༌། །ཀེང་ཙེ་ལེན་མེད་ཀུ་བྱི་མང་ཀེ་སོགས། །གསུང་དབྱངས་ཤེས་རབ་ལྷ་མཆོག་ཐམས་ཅད་ལ། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །གདུང་སོབ་སྟོན་པ་འཛམ་གླིང་རྒྱན་དྲུག་དང༌། །མཁས་པ་མི་བཞི་བླ་ཆེན་ཡབ་སྲས་སོགས། །སྟག་གཟིག་ཞང་བོད་ལོ་པཎ་ཚོགས་རྣམས་དང༌། །གཏེར་སྟོན་བརྒྱ་རྩ་བྲུ་ཞུ་སྤ་རྨེའུ་གཤེན། །ཤིང་རྟའི་སྲོལ་འབྱེད་བླ་མ་བྲུ་ཆེན་དང༌། །མེ་སྟོན་ཤེར་འོད་མེ་གཉོས་རྣམ་གཉིས་དང༌། །འགྲོ་མགོན་ཁུ་དབོན་མཁས་གྲུབ་རིན་བློ་དང༌། །བསྟན་པའི་མངའ་བདག་མཉམ་མེད་ཤེས་རབ་རྒྱལ། །སྒ་སྟོན་ཚུལ་རྒྱལ་མཁས་མཆོག་སྐྱབས་སྟོན་པ། །རྒྱལ་ཚབ་རིན་རྒྱལ་བརྒྱུད་འཛིན་རིམ་བྱོན་དང༌། །མདོ་སྔགས་བསྟན་པའི་མངའ་བདག་ཟླ་བ་རྒྱལ། །བཀའ་དྲིན་མཚུངས་མེད་རྩ་བའི་བླ་མ་སོགས། །རྒྱུད་གསུམ་དཔོན་གསས་མཁས་པའི་ཚོགས་རྣམས་ལ། །སྒོ་གསུམ་རྩེ་གཅིག་མོས་པས་གསོལ་བ་འདེབས། །ཚད་མེད་མཁྱེན་བརྩེའི་ཡེ་ཤེས་འོད་སྤྲོས་ལ། །བདག་གི་བློ་གྲོས་པདྨོ་ཁ་ཕྱེ་སྟེ། །སངས་རྒྱས་བསྟན་པའི་གཞུང་ལུགས་ཐ་དག་རྣམས། །ལེགས་པར་རྟོགས་ཤིང་ཁོང་དུ་ཆུད་པར་མཛོད། །མ་རིག་རྨོངས་ཤིང་མུན་པའི་ཚོགས་རྣམས་སེལ། །ཡེ་ཤེས་སྤྱན་དང་ཚངས་དབྱངས་དྲུག་ཅུ་དང༌། །མི་བརྗེད་གཟུངས་དང་མི་འཇིགས་སྤོབས་པ་དང༌། །ཤེས་རབ་ཡེ་ཤེས་མེ་ལྟར་འབར་བ་ཡིས། །བཤད་སྒྲུབ་བསྟན་པ་འཛིན་སྐྱོང་སྤེལ་ནུས་ཤོག། །།

མཛད་པ་བཅུ་གཉིས་ཀྱི་སྒོ་ནས་བསྟོད་ཕྱག
ཞང་ཞུང་སྐད་དུ། དམུ་ར་ཝེར་རོ་སྤུངས་སོ་པ་ཏ་ཡ། བོད་སྐད་དུ། གཤེན་རྒྱལ་སྟོན་པ་ལ་ཕྱག་འཚལ་ལོ། །བོན་རྣམ་པ་ཐམས་ཅད་མཁྱེན་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བསྟན་པའི་གཙོ་བོ་སྟོན་པ་གཤེན་རབ་མི་བོ་ལ་ཕྱག་འཚལ་ལོ། །ན་མོ་སད་གྱེར་སྨར་ལ་སྤུངས་སོ་པ་ཏ་ཡ། །སྔོན་ཚེ་སྤྲུལ་སྐུ་བསོད་ནམས་དབང་དྲུང་དུ། །ཐུགས་མཆོག་བསྐྱེད་ནས་སྨོན་ལམ་ཆེན་པོར་བཏབ། །བསྐལ་པ་གྲངས་མེད་གསུམ་དུ་ཚོགས་གཉིས་བསགས། །ཐམས་ཅད་མཁྱེན་གྱུར་སྟོན་པ་བླ་ན་མེད། །སྤངས་རྟོགས་མཐར་ཕྱིན་མངོན་པར་སངས་རྒྱས་ཀྱང༌། །འགྲོ་ལ་རྣམ་བརྩེས་གཟིགས་ཚད་ལྔ་དགོངས་ནས། །སེམས་ཅན་འདྲེན་ཕྱིར་དམུ་རྒྱལ་ཐོད་དཀར་སྲས། །སྐྱེ་བ་བཞེས་པར་མཛད་ལ་ཕྱག་འཚལ་ལོ། །སུམ་ཅུའི་མཚནབཟང་བརྒྱད་ཅུའི་དཔེ་བྱད་ལྡན། །འོད་ཟེར་མཐའ་ཡས་མངའ་བའི་ཞལ་བསྟན་ནས། །གདུལ་བྱ་དང་པོའི་འཁོར་བ་བཀྲིད་དྲང་ཕྱིར། །བསྟན་པ་སྤེལ་བར་མཛད་ལ་ཕྱག་འཚལ་ལོ། །སྡིག་ཅན་གཏོ་བུ་དོད་དེ་དམྱལ་བར་ལྟུང༌། །སྔཽན་བཤད་རྗེས་དྲན་བོན་བསྟན་སྐད་ཅིག་མར། །བྱང་ཆུབ་སེམས་དཔར་བསྒྱུར་ནས་ཐར་པར་དྲངས། །དམྱལ་ཁམས་བདེ་བར་མཛད་ལ་ཕྱག་འཚལ་ལོ། །ཆགས་པའི་རྒྱ་མཚོར་བྱིང་བའི་འགུ་ལིང་མས། །སློབ་དཔོན་སྨད་པའི་སྐྱོན་གྱིས་མཛེ་ཡིས་གདུང༌། །ཐུགས་རྗེའི་ཉི་མས་སྡུག་བསྔལ་མཚོ་བསྐམ་ནས། །ལྷ་མོར་བསྒྱུར་བར་མཛད་ལ་ཕྱག་འཚལ་ལོ། །འཁོར་བའི་སྐྱོན་གྱིས་མ་གོས་པདྨོ་ལྟར། །རྣམ་པར་དག་ཀྱང་གདུལ་བྱའི་སྣང་ངོ་རུ། །ཐབས་ཤེས་གཉིས་མེད་གཞོན་ནུའི་རོལ་རྩེད་མཛད། །ཡེ་ཤེས་རྒྱས་པར་མཛད་ལ་ཕྱག་འཚལ་ལོ། །འགྲོ་བ་ནད་གདོན་དུག་ལྔས་གཟིར་གྱུར་པ། །རྣམ་པར་བསལ་ནས་བདེ་ཆེན་སར་འགོད་ཕྱིར། །སྐུ་གསུང་ཐུགས་ཀྱི་འོད་ཟེར་སྲས་སྤྲུལ་ནས། །དུས་ཀུན་འགྲོ་དོན་མཛད་ལ་ཕྱག་འཚལ་ལོ། །ལོག་ཚོགས་འབྲེལ་བའི་མི་དགུ་སུམ་སྟོང་དམག ངན་སོང་ལྟུང་ནས་སྡུག་བསྔལ་ཚས་གདུང་ཚེ། །ཐུགས་རྗེའི་སྤྲིན་ལས་བྱིན་རླབས་ཆར་རྒྱུན་ཕབ། །བདེ་ཆེན་བསིལ་སྦྱིན་མཛད་ལ་ཕྱག་འཚལ་ལོ། །ཁྱབ་པས་བདུད་དམག་དུང་ཕྱུར་དོས་འཛུག་ཚེ། །བཟོད་པའི་གོ་གྱོན་སྙིང་རྗེའི་དམག་དཔུང་བསྐྱེད། །བདུད་གླིང་ཕམ་མཛད་ལོག་ལྟའི་གཡུལ་ངོ་བཟློག བདེ་ཆེན་སར་འགོད་མཛད་ལ་ཕྱག་འཚལ་ལོ། །རྣམ་པར་རྒྱལ་མཛད་རྒྱལ་པོའི་བསམ་པ་བསྒྲུབས། །དཔལ་མགོན་བྱེ་བ་དབང་བསྡུད་སྲུང་མར་བསྐོས། །འགྲོ་ཀུན་འདྲེན་ཕྱིར་བརྒྱད་ཁྲི་བཞི་སྟོང་བོན། །བསྟན་པ་རྗེ་བཞག་མཛད་ལ་ཕྱག་འཚལ་ལོ། །རྗེ་འཇུག་བྱང་ཆུབ་བདེ་ལམ་བསྙེགས་མཛད་ཕྱིར། །འཁོར་དང་རྒྱལ་སྲིད་ལོངས་སྤྱོད་ཀུན་སྤངས་ནས། །རྣམ་དག་མཆོད་རྟེན་རང་འབྱུང་བཞི་ཡི་དྲུང༌། །རབ་དུ་བྱུང་བར་མཛད་ལ་ཕྱག་འཚལ་ལོ། །དག་པ་དྲང་སྲོང་ཕོ་མོའི་འཁོར་སྡེ་ཡང༌། །སྤངས་ནས་གཅིག་པུར་མི་དང་བྱ་སྤྲེལ་གྱིས། །འཚོ་བ་ཆ་ཤས་ཙམ་ཡང་ལོ་དགུ་རུ། །དཀའ་བ་ཐུབ་པར་མཛད་ལ་ཕྱག་འཚལ་ལོ། །རྒྱལ་བའི་མཆོག་ལ་སྐྱེ་འཆི་མི་མངའ་ཡང༌། །རྟག་པར་འཛིན་རྣམས་སུན་ཕྱུང་དགེ་བསྐུལ་ཕྱིར། །མི་རྟག་ཚུལ་བསྟན་དགོངས་པ་མྱ་ངན་འདས། །བདེ་ཆེན་དབྱིངས་གཤེགས་མཛད་ལ་ཕྱག་འཚལ་ལོ། །དེ་ལྟར་བསྟན་པའི་བདག་པོ་གཤེན་རྒྱལ་ལ། །མཛད་པ་བཅུ་གཉིས་ཚུལ་དུ་མདོ་ཙམ་བསྟོད། །དེ་ཡི་དགེ་བས་བདག་སོགས་འགྲོ་བ་ཀུན། །རྒྱལ་བ་ཁྱེད་དང་དབྱེར་མེད་མྱུར་ཐོབ་ཤོག །རྒྱལ་བ་གཤེན་རབ་ཁྱེད་སྐུ་ཅི་འདྲ་བ། །འཁོར་དང་སྐུ་ཚེའི་ཚད་དང་ཞིང་ཁམས་སོགས། །ཁྱེད་ཀྱི་མཚན་མཆོག་བཟང་པོ་ཅི་འདྲ་བ། །དེ་འདྲ་ཁོ་ནར་བདག་སོགས་འགྱུར་བར་ཤོག ཁྱེད་ལ་བསྟོད་ཅིང་གསོལ་བ་བཏབ་པའི་མཐུས། །བདག་སོགས་གང་དུ་གནས་པའི་ས་ཕྱོགས་སུ། །ནད་དང་དབུལ་འཕོངས་འཐབ་རྩོད་ཞི་བ་དང༌། །བོན་དང་བཀྲ་ཤིས་འཕེལ་བར་མཛད་དུ་གསོལ།། །།
དཔོན་གསས་བླ་མ་རྣམས་ཀྱི་སྤྱི་བསྟོད།
དངོས་རྣམས་མ་ལུས་ཇི་བཞིན་དངོས་སུ་མཁྱེན། །ཚད་མེད་ཐུགས་རྗེས་འགྲོ་བ་ཡོངས་ལ་ཁྱབ། །མཐའ་ཡས་འགྲོ་བ་ཀུན་གྱི་སྐྱོབས་པའི་མགོན། །ལྷ་མའི་སྟོན་པ་དེ་ལ་ཕྱག་འཚལ་ལོ། །ཆེ་བའི་ཡོན་ཏན་དཔལ་གྱིས་མངོན་མཐོ་ཞིང༌། །ཕ་རོལ་ཕྱིན་དྲུག་སྤྱོད་པ་རྣམ་པར་དག །འགྲོ་དྲུག་འདྲེན་མཛད་ཕྲིན་ལས་བླ་ན་མེད། །གོང་མ་ཆེ་དྲུག་ཞབས་ལ་ཕྱག་འཚལ་ལོ། །བཅུ་གསུམ་སྟོབས་ཀྱིས་བདུད་བཞིའི་དཔུང་ཚོགས་འཇོམས། །བཅུ་གསུམ་རིག་འཛིན་ས་ཡི་མཐར་ཐུག་བརྙེས། །རྫུ་འཕྲུལ་སྟོབས་ཀྱིས་ཞིང་ཁམས་མཐའ་ཡས་བགྲོད། །གདུང་རྒྱུད་བཅུ་གསུམ་ཞབས་ལ་ཕྱག་འཚལ་ལོ། །འཛམ་གླིང་མཁས་པ་ཀུན་གྱི་གཙུག་གི་རྒྱན། །རིག་གནས་ཀུན་ལ་མི་འཇིགས་སྤོབ་པ་ཐོབ། །ཤེས་བྱའི་མཁའ་ལ་བློ་གྲོས་ཐོག་མེད་འཁྱུགས། །མཁས་པ་མི་བཞིའི་ཞབས་ལ་ཕྱག་འཚལ་ལོ། །སྐད་གཉིས་སྨྲ་བ་འཇིག་རྟེན་ཀུན་གྱི་མིག །སྒྲ་སྐད་ཀུན་ལ་མཁས་པ་ཕུལ་དུ་ཕྱིན། །ལེགས་བཤད་ངག་གི་ཟློས་གར་བསྒྱུར་མཛད་པའི། །ལོ་པཎ་གཤེན་བརྒྱད་ཞབས་ལ་ཕྱག་འཚལ་ལོ། །སྲིད་པའི་གནས་སུ་བརྩེ་བའི་གར་བསྒྱུར་ཞིང༌། །བསྟན་པ་སྐྱོངས་ཤིང་འགྲོ་བའི་དོན་མཛད་པ། །དགེ་ལེགས་ཡོན་ཏན་ཐམས་ཅད་འབྱུང་བའི་གནས། །མ་མཆོག་སྲིད་རྒྱལ་ཞབས་ལ་ཕྱག་འཚལ་ལོ། །གསུང་རབ་རིན་ཆེན་གཏེར་སྒོ་འབྱེད་པའི་གཤེན། །རྒྱལ་བསྟན་ནོར་བུ་སྤེལ་མཛད་ཀླུ་དབང་མཚན། །སྐལ་ལྡན་རྣམས་ལ་མདོ་རྒྱུད་དགའ་སྟོན་འགྱེད། །གཤེན་ཆེན་ཀླུ་དགའི་ཞབས་ལ་ཕྱག་འཚལ་ལོ། །བསྟན་པ་མི་ནུབ་བོན་གྱི་རྒྱལ་མཚན་འཛུག །རྗེས་འཇུག་གདུལ་བྱ་ཡོངས་སུ་སྨིན་པར་མཛད། །བྱིན་རླབས་བདུད་རྩིའི་ཆར་རྒྱུན་འབེབས་མཛད་པའི། །བྲུ་ཞུ་སྤ་རྨེའི་ཞབས་ལ་ཕྱག་འཚལ་ལོ། །དམ་པ་རྣམས་ལ་གུས་པས་བསྟོད་པ་ཡིས། །བསྟོད་ཚིག་མེ་ཏོག་འཕྲེང་བ་རབ་སྤེལ་བའི། །དགེ་ཚོགས་དྲི་མེད་གང་ཞིག་ཐོབ་པ་དེས། །འགྲོ་ཀུན་སྲིད་པའི་མཚོ་ལས་སྒྲོལ་བར་ཤོག། །།

ཀུན་གསལ་བྱམས་མ་ཆེན་མོ།
ཡུམ་ཆེན་ཤེས་རབ་བྱམས་མ་ལ་ཕྱག་འཚལ་ལོ། །འདིར་བྱམས་མ་ཆེན་མོ་རྩ་བའི་འབུམ་བཞི་ལས། འཇུག་པའི་ཆོ་ག་ལ་བཞི་སྟེ། སྐྱབས་སུ་འགྲོ་བ་དང༌། གསོ་སྦྱོང་དང༌། སེམས་བཟུང་བ་དང༌། སེམས་བསྐྱེད་པའོ། །དང་པོ་སྐྱབས་སུ་འགྲོ་བ་ནི། དགེ་རྒྱས་ཆེན་པོ་བདག་ལ་དགོངས་སུ་གསོལ། །བདག་དང་མཐའ་ཡས་པའི་སེམས་ཅན་ཐམས་ཅད་ཀྱིས། དགེ་བཅུའི་རྒྱལ་བ་རྣམས་ཀྱིས་མཛད་པ་ཇི་བཞིན་དུ། དུས་འདི་ནས་བཟུང་སྟེ་འབྲས་བུ་སངས་རྒྱས་ཀྱི་བར། སྐུ་ལྔ་ཡེ་ཤེས་ལྔ་ཡི་མངའ་བདག་སངས་རྒྱས་ལ་སྐྱབས་སུ་མཆིའོ། །ཚད་གསུམ་བདེན་པ་གཉིས་ཀྱི་རང་བཞིན་བོན་ལ་སྐྱབས་སུ་མཆིའོ། །ས་གསུམ་སྤངས་རྟོགས་ལམ་གྱི་སྣ་འདྲེན་སེམས་དཔའ་ལ་སྐྱབས་སུ་མཆིའོ། ། གཉིས་པ་གསོ་སྦྱོང་ནི། དྲང་སྲོང་ཆེན་པོ་བདག་ལ་དགོངས་སུ་གསོལ། །བདག་ནི་བསྐལ་པ་འབུམ་ཕྲག་གྲངས་མེད་པའི་དུས་ནས། ད་ལྟ་འདི་ལ་ཐུག་གི་བར་དུ་སྡིག་པ་མི་དགེ་བའི་ལས་ཅི་བགྱིས་པ་ཐམས་ཅད་འབྱང་བའི་ཐབས་ཤིག་འཚལ་ལོ། །རྩ་ལག་གི་ཉམས་ཞིག་སྔར་བྱས་པ་ལ་གནོང་ཞིང་བཤགས་པར་འཚལ་ལོ། །ད་ལྟ་བགྱིས་པ་ལ་མི་འཆབ་ཅིང་འགྱོད་པར་འཚལ་ལོ། །སླད་ཆད་ཀྱང་མི་བགྱིད་དེ་སྡོམ་པར་འཚལ་ལོ། ། གསུམ་པ་སེམས་བཟུང་བ་ནི། སེམས་དཔའ་ཆེན་པོ་བདག་ལ་དགོངས་སུ་གསོལ། གཡུང་དྲུང་གི་ས་ཆེན་པོ་ལ་རབ་ཏུ་ཞུགས་པའི་སེམས་དཔའ་རྣམས་ཀྱིས་བགྲོད་པ་ཇི་བཞིན་དུ། བདག་དང་མཐའ་ཡས་པའི་སེམས་ཅན་ཐམས་ཅད་ཀྱིས། རིན་པོ་ཆེའི་སེམས་འདི་ཡོངས་སུ་བཟུང་ནས། ཐེག་པ་གོང་མ་ལ་སྤྱོད་ཅིང་ཁྲི་འཕང་དང་པོ་ལ་རྟོགས་ཏེ་གཤེན་རབ་ཀྱི་ལམ་བགྲོད་པར་བྱའོ། །དཀར་པོ་བག་ཆགས་མེད་པ་དང༌། །ཐུགས་རྗེ་རྒྱུན་དུ་ཞུགས་པ་དང༌། །དྲང་པོ་འཁོར་བ་མེད་པ་དང༌། །དབུ་མ་བླ་རུ་ཕྱིན་པ་སྟེ། །གཤེན་རབ་ཀྱི་ལམ་བགྲོད་ཅིང་ངེས་དོན་བསྒོམ་པར་འཚལ་ལོ། ། བཞི་པ་སེམས་བསྐྱེད་པ་ནི། ཡེ་གཤེན་ཆེན་པོ་བདག་ལ་དགོངས་སུ་གསོལ། །བདག་དང་མཐའ་ཡས་པའི་སེམས་ཅན་ཐམས་ཅད་ཀྱིས། །རྫོགས་པའི་སངས་རྒྱས་རྣམས་ཀྱི་མཛད་པ་ཇི་བཞིན་དུ། །གཡུང་དྲུང་སེམས་དཔའི་སྤྱོད་པ་ཟབ་མོ་ལ་བསླབས་པར་བྱའོ། །འཁོར་བའི་བོན་རྣམས་འཁོར་བ་ལ་གནས་པར་མི་བྱའོ། །འཁོར་བའི་བོན་རྣམས་ལ་འཁོར་བ་ལ་གནས་པར་མི་བྱའོ། །འཁོར་བའི་བོན་རྣམས་ཀྱིས་ཀྱང་འཁོར་བ་ལ་གནས་པར་མི་བྱའོ། །རྣམ་པར་བྱང་བ་མྱ་ངན་ལས་འདས་པ་ཡང་དག་པའི་དོན་ལ་སྤྱོད་ཅིང་སྤྱད་པར་བགྱིའོ། ། འབུམ་ལྔ་ལས་འཇུག་པའི་ཆོ་ག་རྫོགས་སོ། །ཡུམ་ཆེན་ཤེས་རབ་བྱམས་མའི་སྔགས་བསྟོད་ཀྱི་ཀླད་དོན་དང་གཞུང་དོན་ནོ། །དང་པོ་ནི། མ་མཆོག་དུས་གསུམ་རྒྱལ་བའི་ཡུམ་ཆེན་མོ་བདེ་བར་གཤེགས་པ་བླ་ན་མེད་པ་ཡང་དག་མངོན་པར་རྫོགས་པའི་སངས་རྒྱས་བྱམས་མ་ཆེན་མོ་ཡུམ་ལ་ཕྱག་འཚལ་ལོ། ། གཞུང་དོན་ནི། །ཨོའ་མ་བ་མ་དེ་མ་ཧི་མོ་ཧ་ཨེ་མ་ཧོ་མ་ཡེ་རུ་པ་ཡེ་ཏ་འདུ་འདུ་སྭཱཧཱ། ཨོའ་ནི་ཀུན་གསལ་བྱམས་མ་ཆེན་མོ། །ཐབས་ཆེན་སྨོན་ལམ་ཐུགས་རྗེའི་ཉི་མ། །སྟོབས་ཀྱི་བྱམས་མ་སྐུ་ལྔ་མཆོག་གི རྒྱས་པ་འབུམ་བདག་ཡུམ་ལ་ཕྱག་འཚལ། །མ་ནི་སྐྱེ་མེད་གདོད་དག་བོན་སྐུ། །དྲན་པས་དགྲ་ཡི་འཇིགས་པར་སྐྱོབ་མ། །ཀུན་ཁྱབ་སངས་རྒྱས་སྐྱེད་བྱེད་བདག་ཉིད། །འབུམ་གཟུངས་མདོ་གསུམ་ཡུམ་ལ་ཕྱག་འཚལ། །བ་ནི་འགག་མེད་བོན་སྐུའི་རྩལ་མཆོག བརྩེ་བའི་བྱད་དང་རིགས་སྔགས་གཅོད་མ། །ཀུན་ལྡན་ཡུམ་ཆེན་ཐར་པའི་ལམ་འདྲེན། །སྐུ་གསུམ་དོན་ལྡན་ཡུམ་ལ་ཕྱག་འཚལ། །མ་མཆོག་ཚད་མེད་རྫོགས་སྐུ་ཆེན་མོ། །བུ་འདོད་འགྲོ་ལ་རྒྱལ་རིགས་སྟེར་མ། །ཀུན་ཁྱབ་སེམས་ཅན་དོན་ལ་བརྩེ་མཛད། །དོན་གསུམ་མངའ་བདག་ཡུམ་ལ་ཕྱག་འཚལ། །དེ་དོན་རྫོགས་སྐུ་རྟོགས་པའི་ཡེ་ཤེས། །མཛེ་དང་སུར་ཡ་ཀླུ་དོན་འདུལ་མ། །ཀུན་སྒྲོལ་འཁོར་བའི་སྡུག་བསྔལ་ཞི་བྱེད། །རྣམ་གསུམ་གདོན་འདུལ་ཡུམ་ལ་ཕྱག་འཚལ། །མ་ཅིག་སྤྲུལ་སྐུའི་ལམ་འབྲས་ཉིད་ནི། །མུ་སྟེགས་ཕ་རོལ་རྒོལ་བའི་གཤེད་མ། །ཀུན་མཁྱེན་ཐམས་ཅད་ཡུམ་གྱུར་ཇོ་མོ། །རྟགས་གསུམ་སྟོན་མཛད་ཡུམ་ལ་ཕྱག་འཚལ། །ཧི་ནི་སྤྲུལ་སྐུ་རིག་པའི་ཁམས་ཉིད། །མི་གཙང་སྐྱོན་རྣམས་འཇོམས་པར་མཛད་མ། །ཀུན་སྐྱོབ་གཟི་བརྗིད་ཆེ་བའི་ལྷ་མོ། །དག་པ་གསུམ་ལྡན་ཡུམ་ལ་ཕྱག་འཚལ། །མོ་ནི་གཡོ་མེད་ངོ་བོ་ཉིད་སྐུ། །འཆི་བའི་འཇིགས་ལ་ཚེ་མཆོག་སྦྱིན་མ། །ཀུན་རིག་མཚམས་སྦྱོར་ཐུགས་རྗེ་ཐབས་མཁས། །མངོན་སུམ་སྣང་མཛད་ཡུམ་ལ་ཕྱག་འཚལ། །ཧ་ནི་ངོ་བོ་ཉིད་ཀྱི་ཆེ་བ། །གཟའ་སྐར་སྡེ་བརྒྱད་མ་ལུས་འདུལ་མ། །ཀུན་འདུལ་མ་བྱོན་སངས་རྒྱས་སྐྱེད་བྱེད། །གནས་གསུམ་དག་པའི་ཡུམ་ལ་ཕྱག་འཚལ། །ཨེ་ནི་ཞི་རྒྱས་དབང་དྲག་རྩ་བ། །འཕྲིན་ལས་རྣམ་བཞི་རྒྱས་མཛད་ཉིད་མ། །ལྷ་སྨན་མཁའ་འགྲོ་མ་མོའི་ཚོགས་བཅས། །སྟོབས་བཞི་ལྷུན་གྲུབ་ཡུམ་ལ་ཕྱག་འཚལ། །མ་ཞེས་བླ་མེད་སྲིད་པའི་བྱམས་ཆེན། །ཡེ་ཤེས་བཀྲ་ཤིས་སྣ་ཚོགས་སྟོན་མ། །རྣམ་དག་པད་མ་གཡུང་དྲུང་ཀློང་གི། །སྡེ་བཞི་རྒྱས་མཛད་ཡུམ་ལ་ཕྱག་འཚལ། །ཧོ་ལས་ཕྱི་ནང་གསང་བ་ཡང་གསང༌། །མངོན་རྟོགས་ཐབས་དང་གནས་དག་ལམ་འབྱེད། །བཅུ་དྲུག་ལམ་འབྱེད་མངོན་ཞུགས་ཆེན་མོ། །སྒོ་བཞི་སྲུང་མཛད་ཡུམ་ལ་ཕྱག་འཚལ། །མ་ཆེན་བྱམས་ཆེན་བརྒྱ་དང་རྩ་བརྒྱད། །འབུམ་དང་ལུང་དང་རིག་པའི་གནས་མ། །མདོ་སྡེའི་མདའ་བདག་རྒྱུད་ཀྱི་དབང་འབུམ། །མཛོད་དོན་མཆོག་བཞིའི་ཡུམ་ལ་ཕྱག་འཚལ། །ཡེ་ནི་བྱམས་ཆེན་སུམ་བརྒྱ་དྲུག་བཅུ། ཁམས་དང་གནས་དང་རིག་པའི་ཡུལ་ལ། །ལྟོས་མཛད་འགྲོ་བའི་དོན་དུ་བཞེངས་མ། །ཡུལ་བཞི་སངས་རྒྱས་ཡུམ་ལ་ཕྱག་འཚལ། །རུ་ནི་བྱམས་སྲས་ལྔ་སྟོང་ལྔ་བརྒྱ། །ཡེ་གཤེན་གཡུང་དྲུང་སེམས་དཔའི་ཡུམ་མ། །གནམ་ས་སྲིད་པའི་བོན་གཤེན་རྔ་ཐོག མུ་བཞི་སྲས་བསྐྱེད་ཡུམ་ལ་ཕྱག་འཚལ། །པ་ནི་བྱམས་ཕྲན་འབུམ་ཕྲག་མཐའ་ཡས། །ལྷ་མོ་སྨན་མོ་མཁའ་འགྲོ་མ་མོ། །སྣ་ཚོགས་སྤྲུལ་སྐུ་འགྲོ་དོན་མངོན་ཞུགས། །ཚོགས་བཞི་དཔག་མེད་ཡུམ་ལ་ཕྱག་འཚལ། །ཡེ་ནི་རྒྱས་པ་རྒྱ་ཆེའི་ཡུམ་རྣམས། །ཐུགས་ཀྱི་ཡང་སྙིང་བྱམས་མར་འདུས་མ། །རྩ་བའི་སྔགས་བསྟོད་འདི་ཡིས་འགྲུབ་མ། །གསང་གསུམ་མཛོད་འཛིན་ཡུམ་ལ་ཕྱག་འཚལ། །ཏ་ནི་འཇིག་རྟེན་གསུམ་གྱི་དཔལ་མགོན། །ལྷ་ཀླུ་གནོད་སྦྱིན་ཕྱོགས་སྐྱོང་འདུལ་མ། །སྡེ་བརྒྱད་ཀུན་ལ་མངའ་མཛད་ཆེན་མོ། །འགྲོ་དྲུག་སྒྲོལ་མཛད་ཡུམ་ལ་ཕྱག་འཚལ། །འདུ་འདུ་འཁོར་འདས་གཉིས་ལ་གནས་ཀྱི། །ས་བཅུའི་སེམས་དཔའ་རྣམས་ཀྱིས་བསྟོད་མ། །སངས་རྒྱས་མ་ལུས་ཀུན་གྱི་ཡུམ་གཅིག །ས་གསུམ་འདུལ་མཛད་ཡུམ་ལ་ཕྱག་འཚལ། །སྭ་ཡི་ཡི་གེ་རྫོགས་པའི་བར་དེར། །ཀུན་གསལ་འབུམ་ལྔ་ཁམས་བརྒྱད་བྱམས་མ། །ཤེས་དང་ཤེས་བྱ་མ་ལུས་ཉིད་དོན། །མཐའ་གསུམ་བྲལ་གྱུར་ཡུམ་ལ་ཕྱག་འཚལ། །ཧྭ་ནི་མདོ་ཡི་སངས་རྒྱས་ཡུམ་སྟེ། །བདེ་བར་གཤེགས་པ་བླ་ན་མེད་པ། །ཡང་དག་མངོན་པར་རྫོགས་པའི་སངས་རྒྱས། །བྱམས་མ་ཆེན་མོ་ཡུམ་ལ་ཕྱག་འཚལ། །ཨོའ་མ་བ་མ་དེ་མ་ཧི་མོ་ཧ་ཨེ་མ་ཧོ་མ་ཡེ་རུ་པ་ཡེ་ཏ་འདུ་འདུ་སྭཧཱ། དེ་ནས་ཕན་ཡོན་ནི། སྔགས་ཀྱི་རྒྱལ་པོ་ཉི་ཤུ་རྩ་གཅིག །བོན་གྱི་རྒྱལ་པོ་བྱམས་མའི་བསྟོད་པ། །ལུང་གི་རྒྱལ་པོ་ཀུན་གསལ་ཆེན་མོ། །བཀའ་ཡི་རྒྱལ་པོ་སྟོན་པས་གསུངས་པ། །ཉེར་གཅིག་ལེའུ་འཁོར་འདས་མ་ལུས། །མཁྱེན་སྤྱོད་ཐམས་ཅད་ཚངས་པ་ཉིད་དོ། །འདི་བཀླག་བོན་རྣམས་རྫོགས་པར་འགྱུར་ཏེ། །ཕན་ཡོན་བསམ་མཐའ་ཡས་པ་འཐོབ་བོ། །རྩ་བའི་སྔགས་བསྟོད་ཉི་ཤུ་རྩ་གཅིག །སྟོན་པས་གསུང་པ་ལ་མངོན་པར་བསྟོད་དོ། ། འཛབ་བསྟོད་ནི། སྐུ་ལྔ་སྐྱོབས་པ་མ་བརྒྱད་དང༌། །བཅུ་དྲུག་སོ་གཉིས་ལྔ་བཅུའི་ཚོགས། །སྐྱེ་རྒ་ན་འཆི་འདུལ་མཛད་མ། །བྱམས་ཆེན་རྒྱལ་བ་སྲས་བཅས་ཀྱིས། །དགྲ་དང་བྱད་དང་རིགས་དང་ཀླུ། །མུ་སྟེགས་སྐྱོན་གྲིབ་ཚེ་སྲོག་གཟའ། །འཇིགས་པ་བརྒྱད་ལས་སྐྱོབས་པ་དང༌། །དཔལ་དང་འབྱོར་བའི་དངོས་གྲུབ་སྩོལ། །རྫོགས་སངས་རྒྱས་པར་མཛད་དུ་གསོལ། ། ཞེས་ཡང་སྙིང་གཟུངས་ལས་གསུངས་སོ། ། ཐམས་ཅད་བསྟོད་པའི་རྒྱལ་པོ་འདི་བརྗོད་པས། །ཤེས་རབ་བྱམས་མ་ཡུམ་གྱི་དབྱིངས་ཉིད་དུ། །སྤྲོས་བྲལ་བདེ་ཆེན་བོན་སྐུར་སངས་རྒྱས་ཤོག། །། ཅེས་འབུམ་ལྔ་ལས་བསྟོད་པ་གསུངས་པ་རྫོགས་སོ། །ཀུན་གསལ་བྱམས་མ་ཆེན་མོ་འབུམ་ལྔ་ཁམས་བརྒྱད་བསྟོད་པ་རྗེ་བཙུན་ཁྲོ་ཚང་འབྲུག་ལྷས་ཟར་གྱི་སྟག་ནས་གཏེར་ལ་སགདན་དྲངས་པ་དགེའོ།། །།

མཁའ་འགྲོ་ཤེས་རབ་བློ་འཕེལ་གྱི་ཞལ་ལུང་བར་ཆད་ལམ་སེལ་བསམ་པ་ལྷུན་གྲུབ།
ཨེ་མ་ཧོ། སྔོན་བྱོན་དྲང་ངེས་ཕྱོགས་བཅུའི་སངས་རྒྱས་དང༌། །ད་བྱོན་དྲང་ངེས་ཕྱོགས་བཅུའི་སངས་རྒྱས་དང༌། །སླད་འབྱོན་དྲང་ངེས་ཕྱོགས་བཅུའི་སངས་རྒྱས་སོགས། །དུས་གསུམ་སངས་རྒྱས་ཀུན་འདུས་བླ་མའི་ཐུགས། །སྐྱབས་གནས་ཀུན་འདུས་རྩ་བའི་བླ་མ་ལ། །ཕྱག་འཚལ་སྡིག་བཤགས་མཆོད་འབུལ་གསོལ་བ་འདེབས། །བར་ཆད་ཀུན་ཞི་ཐར་པའི་ལམ་སྣ་འདྲེན། །བསམ་པ་ལྷུན་གྱིས་གྲུབ་པར་བྱིན་གྱིས་རློབས། །རྒྱལ་བ་ཀུན་གྱི་དགོངས་པ་མངོན་ཤར་བཀའ། །མ་ལུས་ཀུན་མཁྱེན་འཕགས་པ་ཀུན་གྱི་ལུང༌། །བཀའ་ལུང་ཀུན་ཤོང་དྲི་མེད་རང་རིགས་སྣོད། །ཚད་གསུམ་བོན་མཆོག་ཀུན་འདུས་བླ་མའི་གསུང༌། །སྐྱབས་གནས་ཀུན་འདུས་རྩ་བའི་བླ་མ་ལ། །ཕྱག་འཚལ་སྡིག་བཤགས་མཆོད་འབུལ་གསོལ་བ་འདེབས། །བར་ཆད་ཀུན་ཞི་ཐར་པའི་ལམ་སྣ་འདྲེན། །བསམ་པ་ལྷུན་གྱིས་གྲུབ་པར་བྱིན་གྱིས་རློབས། །བསླབ་པ་ཚུལ་ཁྲིམས་ལྡན་པའི་དགེ་འདུན་དང༌། །བསླབ་པ་ཏིང་འཛིན་ལྡན་པའི་དགེ་འདུན་དང༌། །བསླབ་པ་ཤེས་རབ་ལྡན་པའི་དགེ་འདུན་སོགས། །བསླབ་གསུམ་དགེ་འདུན་ཀུན་འདུས་བླ་མའི་སྐུ། །སྐྱབས་གནས་ཀུན་འདུས་རྩ་བའི་བླ་མ་ལ། །ཕྱག་འཚལ་སྡིག་བཤགས་མཆོད་འབུལ་གསོལ་བ་འདེབས། །བར་ཆད་ཀུན་ཞི་ཐར་པའི་ལམ་སྣ་འདྲེན། །བསམ་པ་ལྷུན་གྱིས་གྲུབ་པར་བྱིན་གྱིས་རློབས། །དུས་གསུམ་ཕྱོགས་བཅུའི་སངས་རྒྱས་བྱིན་རླབས་དང༌། །ཚད་གསུམ་ལུང་རྟོགས་བོན་གྱི་བྱིན་རླབས་དང༌། །བསླབ་གསུམ་སེམས་དཔའ་མང་ཚོགས་བྱིན་རླབས་ཀྱིས། །སྒོ་གསུམ་སྨོན་ལམ་གང་བཏབ་མྱུར་དུ་འགྲུབ། །འདི་ཡི་མཐུ་སྟོབས་བདག་སོགས་གར་གནས་སར། །ནད་མུག་མཚོན་འཁྲུགས་མི་མཐུན་མིང་མེད་ཀུན། །སེམས་ཅན་དཔལ་འབྱོར་ཕུན་ཚོགས་ཐེག་གསུམ་བོན། །མཁའ་ཁྱབ་ས་སྟེང་དར་རྒྱས་ཡུན་གནས་ཤོག། །། ཅེས་བར་ཆད་ལམ་སེལ་བསམ་པ་ལྷུན་གྲུབ་འདི་ནི། །ཚར་གཅིག་འདོན་པས་ལོ་གཅིག་གི་བར་ཆད་ཞི། །ཚར་བརྒྱ་འདོན་པས་ཚེ་གཅིག་གི་བར་ཆད་ཞི། །རྒྱུན་དུ་ཡི་དམ་བྱས་ན་སྡིག་སྒྲིབ་མ་ལུས་དག་ནས་ཚེ་གཅིག་ལ་སངས་རྒྱས། །གཞན་ཡང་འདོན་པ་ཙམ་གྱིས་ལྷ་འདྲེ་མི་གསུམ་གཅན་གཟན་དུད་འགྲོ་འབྱུང་ལྔ་ལ་སོགས་པའི་འཇིགས་པ་དང༌། །གནོད་པ་ཐམས་ཅད་སྐྱབས་ནུས་སོ། །ནད་གདོན་ཞི་ཞིང་མོ་ངན་རྨི་ངན་ཐན་ངན་ལྟས་ངན་ཐམས་ཅད་བཟློག་པར་འགྱུར། །སྨོན་ལམ་བཏབ་ཅིང་དངོས་གྲུབ་ཕུལ་ན། །ཟས་འདོད་པ་ལ་ཟས། །གོས་འདོད་པ་ལ་གོས། །བུ་འདོད་པ་ལ་བུ་ལ་སོགས་མཆོག་གི་དངོས་གྲུབ་གང་ཞུས་པ་ཡོང་བར་ཐེ་ཚོམ་མེད། །ས་མ་ཡ་རྒྱ་རྒྱ་རྒྱཿ བོན་སྐུ་ཀུན་ཏུ་བཟང་པོས་རྫོགས་སྐུ་ཤེས་རབ་སྨྲ་སེང་ལ་མཁའ་འགྲོ་ཤེས་རབ་བློ་འཕེལ་གྱིས་བདག་ལའོ།། །།

སྤུ་གྲི་དམར་པོའི་བཅུད་དྲིལ།
བསྭོ་ཧེ་རཾ་མ་ཧ་ནེ་རཾ་ཁྲོ་ཏ་རཾ་ར་ཡོ་ཛཿ བདག་དང་འཁོར་ལ་རཀྵ་སྲུངས་ཤིག བསྭོ་བོན་ཉིད་དབྱིངས་ཀྱི་གསས་མཁར་ནས། །བདེ་བར་གཤེགས་པ་ཐུགས་ཀྱི་སྲས། །སྟག་ལ་མེ་འབར་དབལ་གྱི་སྐུ། །སྤྲུལ་པའི་འཁོར་དང་བཅས་པ་རྣམས། །བོན་གྱི་བསྟན་པ་བསྲུང་བའི་ཕྱིར། །གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ། །གཉིས་མེད་དོན་གྱི་བརྟན་པར་བཞུགས་སུ་གསོལ། །ལུས་ངག་ཡིད་གསུམ་གུས་པས་ཕྱག་འཚལ་ལོ། །ཆགས་ཉམས་འགལ་འཁྲུལ་ཐམས་ཅད་མཐོལ་ལོ་བཤགས། །ཕྱི་ནང་མཆོད་པའི་བྱེ་བྲག་དང༌། །གེ་ཤན་དུན་ཙེའི་ཤ་ཁྲག་འདི། །ཁྲོ་ཆེན་ཁྱེད་ལ་མཆོད་པ་འབུལ། །བསྭོ་སུ་ར་ལ་ཁ་ཧིཿ ཡུ་ཏི་ལ་ཁ་ཧིཿ ཤ་ཏྲུཾ་བྷིན་དྷ་དུན་ཙེ་བྱད་མའི་ཤ་ཁྲག་ལ་ཁ་རཾ་ཁ་ཧི། །བསྭོ་གཡུང་དྲུང་མེ་རི་མཚོན་ཆ་འཁྲུག་པའི་གུར་ཁང་ན། །ཉི་ཟླ་པདྨ་གེ་ཤན་བསྒྲལ་བའི་གདན་སྟེང་དུ། །དུས་གསུམ་བདེར་གཤེགས་ཐུགས་ཀྱི་སྲས། །ཁྲོ་ཆེན་སྟག་ལ་མེ་འབར་ནི། །སྐུ་མདོག་མཐིང་ནག་བརྗིད་པའི་སྐུ། །རལ་པ་སྲིད་གསུམ་རྩེ་ལ་འཁྱིལ། །ལྷ་གཤེན་ཁ་ལོ་གྱེན་དུ་སྒྱུར། །སྤྱན་བསྒྲད་ཞལ་གདངས་མཆེ་བ་གཙིགས། །དུན་ཙེ་ཉམས་པ་འཇོམས་ཤིང་སྒྲོལ། །དབུ་ལ་དབྱིངས་ཀྱི་ལྷ་ལྔ་བཞུགས། །སྒྲུབ་གཤེན་ཚེ་བསྲིང་སྲོག་ཀྱང་སྐྱོབ། །ཕྱག་གཡས་མེ་ཡི་འཁོར་ལོ་བསྐོར། །དུན་ཙེ་ལྷ་དང་བཅས་པ་བསྲེགས། །ཕྱག་གཡོན་གསེར་གྱི་འཁོར་ལོ་བསྐོར། །སྲུང་སྐྱོབས་ལས་ལ་ཐོག་ཆགས་མེད། །ཐུགས་ཁ་གསེར་གྱི་གའུའི་དབུས། །བསྭོ་ལས་འོད་ཟེར་གཡས་སུ་འཁོར། །ཕར་འཕྲོས་སྣང་སྲིད་དགྲ་བགེགས་བསྲེགས། །ཚུར་འདུས་གུར་ཁང་ཁྲོ་བོར་འཁྲིགས། །མ་ཊཾ་བདུད་ཀྱི་གཡང་གཞི་གསོལ། །སྟག་ཤམས་སྦྲུལ་གྱི་སྐེ་རེགས་བཅིངས། །སྲིན་པོའི་ཐོད་རློན་སེ་རལ་ཁ། །ཧ་རཾ་ཤག་གི་སྒྲ་ཆེན་སྒྲོགས། །གེ་ཤན་དུན་ཙེ་གནས་ནས་བརྒྱལ། །རྔམས་པའི་ང་རོ་འབྲུག་སྒྲོགས། །སྣང་སྲིད་ལྷ་འདྲེ་བྲན་དུ་བཀོལ། །ཁྲོ་ཆེན་སྟག་ལ་མེ་འབར་གྱིས། །ཕ་ཉ་དྲེགས་པ་བཅོ་བརྒྱད་འགྱེད། །ཀུན་ཀྱང་མཐིང་ནག་རལ་པ་ཅན། །གཡས་པས་རེ་གཡབ་ལྕགས་ཀྱུ་བསྣམས། །གེ་ཤན་དུན་ཙེ་ཉམས་པ་ཡི། །ལྷ་དང་ཕྱེས་ཤིང་སྙིང་ནས་འདྲེན། །གཡོན་པས་ཐོག་མདའ་དམར་པོ་འཕེན། །གེ་ཤན་དུན་ཙེ་ཉམས་པ་ཡི། །གུར་ཁང་ཤིགས་ལ་ལུས་སེམས་ཕྲོལ། །རྣམ་ཤེས་མར་མེ་མྱུར་དུ་སོད། །རྩ་རྒྱུད་ཆོད་ལ་དྲུངས་ནས་ཕྱུང༌། །བྱད་མ་རང་གཤེད་ཕོབས་ལ་རྡུལ་དུ་རློགས། །གཡུང་དྲུང་བོན་གྱི་བསྟན་པའི་རུ་དར་ཕྱོར། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །བསྭོ་ཤ་ཏྲུཾ་བྷིན་དྷ་དུན་ཙེ་བྱད་མའི་ཤ་ཁྲག་ལ་ཁ་རཾ་ཁ་ཧིཿ །།

སངས་རྒྱས་རྗེས་དྲན་གྱི་མདོ།
རྣམ་པ་ཐམས་ཅད་མཁྱེན་པ་སྤྲུལ་པའིསྐུ་ལ་ཕྱག་འཚལ་ལོ། །དགེ་སྤྱོད་འབུམ་འགྱུར་གྱི་ཐབས་རྗེས་སུ་དྲན་པར་བྱེད་པ་ལ། ཏིང་ངེ་འཛིན་ནི། བདག་ཉིད་སྟོན་པ་གཤེན་རབ་སྐུ་མདོག་གསེར་བཙོ་མའི་མདོག་ལྟ་བུ། དག་པ་དྲང་སྲོང་གི་ཆ་ལུགས་སུ་བཞུགས་པའི་གཡས་སུ་ཡིད་ཀྱི་ཁྱེའུ་ཆུང༌། གཡོན་དུ་གཏོ་བུ་འབུམ་སངས། འཁོར་དུ་སངས་རྒྱས་སེམས་དཔའ། མདུན་གྱི་ནམ་མཁའ་ལ་བདེར་གཤེགས་སྟོང་རྩ། རྒྱབ་ཏུ་རྟེན་གསུམ་དང་ཡི་དམ་གྱི་ལྷ་ཚོགས་སྤྱི་གཙུག་ཏུ་རྣམ་དག་འདུལ་བའི་རྒྱུད་འཛིན་དུས་གསུམ་གྱི་མཁན་སློབ་ཐམས་ཅད་གསལ་བར་བསྒོམ་ལ། འདི་ལྟར་བརྗོད། ན་མོ་གཤེན་རབ་མཆོག་བདེ་བར་གཤེགས་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྒྱལ་བ་སྤྲུལ་པའི་སྐུ་སྟོན་པ་གཤེན་རབ་མི་བོ་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་དང་ལྡན་པ། ཐུགས་རྗེ་ཆེ་བ། ཐབས་ལ་མཁས་པ། ཟག་པ་ཟད་པ། ཉོན་མོངས་མེད་པ། རིག་པ་གསལ་བ། སྟོབས་དང་ལྡན་པ། རྨད་དུ་བྱུང་བ། སྒྲིབ་པ་སེལ་བ། སྐྱེ་སྒོ་གཅོད་པ། ཐར་ལམ་ཕྱེད་པ། མྱ་ངན་འདས་པ། བག་ཆགས་འཁྲུད་པ། སྐྱེས་བུ་འདུལ་བ། ཁ་ལོ་བསྒྱུར་བ། མཚན་བཟང་པོ་སུམ་ཅུ་རྩ་གཉིས། དཔེ་བྱད་བཟང་པོ་བརྒྱད་ཅུ་རྩ་གཅིག ལེགས་པའི་ཡོན་ཏན་བརྒྱ་རྩ་བརྒྱད། ངེས་པའི་ཐོ་ཡིག་བཞི་བཅུ། འོད་ཟེར་གྱི་ཕུང་པོ་དྲུག་ཅུ་རྩ་གཅིག ཏིང་ངེ་འཛིན་གྱི་ཡན་ལག་བརྒྱད་ཅུ། མཁྱེན་པའི་ཡེ་ཤེས་དྲུག་ཅུ་རྩ་གཅིག་ལ་སོགས། ཟག་པ་མེད་པའི་ཕུང་པོ་ཡོངས་སུ་རྫོགས་པ། ཉི་ཟླ་ལྟ་བུའི་ཞལ་ཕྱོགས་བཅུ་ཡོངས་སུ་གཟིགས་པ། སྐུ་ལ་འོད་ཟེར་འབུམ་ཕྲག་འགྱེད་པ་གཞའ་ཚོན་ལྟ་བུའི་རྒྱན་གྱིས་བརྒྱན་ཞིང༌། སྐུ་མཛེས་པ་ལྟ་བས་ཆོག་མི་ཤེས་པ། ཕྱག་གཡས་པས་གསེར་གྱི་ཆག་ཤིང་གཡུ་ཡི་གཡུང་དྲུང་རིས་ཅན་བསྣམས་པ། སྟོང་གསུམ་མི་མཇེད་འཇིག་རྟེན་འདུལ་བ། ཕྱག་གཡོན་པ་མཉམ་གཞག་གི་ཕྱག་རྒྱ་མཛད་པ། ངན་སོང་འཁོར་བའི་སྐྱེ་སྒོ་གཅོད་པ། གསེར་གྱི་འཁོར་ལོ་རྩིབས་སྟོང་དང་ལྡན་པ་དགུ་བརྩེགས་དང༌། ཉི་ཟླ་པདྨ་མཛེས་པའི་གདན་ལ་བཞུགས་པ། བོན་གྱི་སྒོ་མོ་བརྒྱད་ཁྲི་བཞི་སྟོང་ཡང་དག་པ་ཡོངས་སུ་སྟོན་པ། ཐབས་མ་འགག་པར་ཞི་རྒྱས་དབང་དྲག་རྒྱུན་གྱི་ཚུལ་དུ་སྤྲུལ་པ་གང་འདུལ་དུ་འབྱུང་ཞིང༌། སངས་རྒྱས་སྟོང་རྩ་བཞི་དགྲ་བཅོམ་པ་བརྒྱ་དང་རྩ་བརྒྱད། ཡེ་གཤེན་སུམ་བརྒྱ་དྲུག་ཅུ། སེམས་དཔའ་ལྔ་སྟོང་ལྔ་བརྒྱ་དང༌། ཁྲི་དང་དྲུག་སྟོང་དང༌། ཡེ་གཤེན་འབུམ་ཕྲག་མཐའ་ཡས་དང༌། གཤེན་ཕྲན་བྱེ་བ་དགུ་ཁྲི་ལ་སོགས་སངས་རྒྱས་དང་སེམས་དཔའི་ཚོགས་དཔག་ཏུ་མེད་པས་བསྐོར་ནས་བཞུགས་པ། དེ་ལྟ་བུའི་བསྟན་པའི་བདག་ཉིད་གཤེན་རབ་ཁྲི་གཙུག་རྒྱལ་བ་དེ་དག་གཙོ་འཁོར་དང་བཅས་པ། སེམས་ཅན་ཐམས་ཅད་ཀྱི་དོན་དུ་དྲན་ཅིང་ལེན་པར་བགྱིའོ། །འོག་མིན་གནས་ནས་སྤྱན་དྲངས་འདི་རུ་པདྨའི་གདན་ལ་བཞུགས་པར་གསོལ་བ་འདེབས། ཕྱག་འཚལ་ལོ། །སྡིག་པ་བཤགས་སོ། །མཆོད་པ་འབུལ་ལོ། །སྐུ་ཆེ་བའི་ཡོན་ཏན་དང༌། གསུང་མཛད་པའི་ཕྲིན་ལས་དང༌། ཐུགས་མཁྱེན་པའི་ཡེ་ཤེས་ཀྱི་སྒོ་ནས་བསྟོད་དོ། །རྣམ་པར་དག་པའི་དགེ་བ་ལ་རྗེས་སུ་ཡི་རང་ངོ། །སྤྲུལ་པའི་བཀའ་ཡི་འཁོར་ལོ་ཡོངས་སུ་བསྐོར་དུ་གསོལ་ལོ། །བདག་དང་མཐའ་ཡས་པའི་སེམས་ཅན་མ་ལུས་ཐུགས་རྗེས་བཟུང་དུ་གསོལ། ཉོན་མོངས་དབང་གིས་ཉམས་འགལ་ཉེས་ལྟུང་ཅི་མཆིས་པ་ཐམས་ཅད་གནོང་ངོ། །འགྱོད་དོ་བཤགས་པས་བྱང་ཞིང་དག་པར་བཟོད་མཛད་གསོལ། འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ལ་བསྒྲལ་དུ་གསོལ། བདུད་ཀྱི་ཆུ་བཞི་སྐེམ་དུ་གསོལ། བདེ་བའི་གནས་སུ་དྲངས་ཤིང་ལམ་ལྔ་ས་བཅུའི་ཉམས་རྟོགས་བསྐྱེད་དུ་གསོལ། དོན་གཉིས་ལྷུན་གྲུབ་སྐྱེ་མེད་བདེ་ཆེན་གྱི་ས་ལ་བཀོད་པར་མཛད་དུ་གསོལ། །ཨ་ཨོའ་ཧཱུྃ་སད་ལ་གྱེར་རོ་ཧྲུན་སྤུངས་ཡེ་སྭཱཧཱ།། །། ཡི་གེ་བརྒྱ་པ་བརྗོད་དོ། །ཞེས་ཉ་སྟོང་བརྒྱད་ལ་སོགས་ཉི་ཟླ་གཟའ་ཡིས་ཟིན་དུས་བཟའ་བཏུང་དུས་སུ་དྲན་པ་དང་བཟླས་ན། །ཉམས་འགལ་ཐམས་ཅད་བྱང་ཞིང་རྫོགས་པ་སོགས་ཕན་ཡོན་བསམ་གྱིས་མི་ཁྱབ་བརྗོད་ཀྱི་མི་ལོང་ངོ༌། །འདི་ནི་མདོ་འདུས་ལས་བཏུས་པ་གསལ་བྱེད་ཚུལ་ནི། །མཉམ་མེད་ཤེས་རབ་རྒྱལ་མཚན་གྱིས་མཛད་པའོ།། །།

སྡོམ་གསུམ་སྨོན་ལམ་འཇིག་རྟེན་ངལ་གསོ།
རབ་འབྱམས་ཕྱོགས་བཅུའི་རྒྱལ་ཐམས་ཅད་ཀྱི། །ཕྲིན་ལས་ཕུང་པོ་གཅིག་ཏུ་བསྡུས་པ་ཡི། །རྣམ་དཀར་དགེ་ལ་འདོམས་པའི་འཕྲུལ་ངག་བོན། །མཐའ་ཡས་འགྲོ་བའི་དཔྱིད་དུ་འབར་བར་ཤོག །ཤིན་ཏུ་རྒྱས་པའི་སྡེ་སྣོད་འཛིན་མའི་ཁྱོན། །ལེགས་འཁྲུངས་འདུལ་བའི་སྤྱོད་པ་པདྨོའི་ཚལ། །རབ་བཞད་གསེར་གྱི་འདབ་མ་གཡོ་བ་ཡི། །དྲི་བསྲུང་ཕྱོགས་བཅུ་ཀུན་ཏུ་འཕྲོ་བར་ཤོག །རྨད་བྱུང་ཡན་ལག་བརྒྱད་ལྡན་དགེ་བའི་དཔལ། །འགྲོ་ཀུན་མངོན་པར་རོལ་ཞིང་ལེགས་བཤད་ཀྱི། །རིན་ཆེན་རྔ་གསང་ནམ་མཁའི་ཁམས་ཀུན་ཏུ། །རྒྱུན་མི་ཆད་དུ་ཕྱོགས་བཅུར་གྲགས་པར་ཤོག །ངེས་འབྱུང་གཞལ་མེད་ཁང་བཟང་པད་མཚོའི་དབུས། །གཏན་ཁྲིམས་ཧ་རི་ཙན་དན་ཁྱོན་རྒྱས་པས། །མི་ཤེས་རྨོངས་པ་ཕྲོགས་ཏེ་ཕྱོགས་རྣམས་ཀྱི། །འགྲོ་ཀུན་རྒྱུད་རྣམས་ཡོངས་སུ་སྨིན་པར་ཤོག །རབ་དཀར་གཙང་མ་གཙུག་ཕུད་ཚུལ་ཁྲིམས་ཀྱིས། །སྲིད་པས་འཆིང་བ་མ་ལུས་རབ་བརྒལ་ཏེ། །ལེགས་བཤད་མེ་ཏོག་འཕྲེང་བ་གང་དག་དང༌། །རྣམ་པ་ཀུན་ཏུ་ལྷན་ཅིག་རྒྱས་པར་ཤོག །ཀུན་གྱིས་མི་མྱོང་བདུད་རྩིའི་བསྐལ་བཟང་གིས། །དོག་འདིར་ནམ་མཁའི་ཁམས་ཀྱི་མཐའ་ཀླས་པར། །རྒྱུད་དྲུག་ལ་སོགས་གསུང་རབ་རིན་ཆེན་མཛོད། །ཇི་སྙེད་སྲིད་མཐའི་བར་དུ་རྒྱས་པར་ཤོག །སྟག་གཟིག་ཡུལ་དུ་དམུ་རྒྱལ་ཐོད་དཀར་སྲས། །རྒྱལ་སྲིད་རྩྭ་བཞིན་དོར་ནས་དཀའ་ཐུབ་བཞིན། །འཁོར་བའི་དུཿཁས་བརླན་པའི་སེམས་ཅན་རྣམས། །དབེན་པའི་གནས་སུ་དཀའ་ཐུབ་སྤྱོད་པར་ཤོག །འཁོར་བའི་འདམ་ལ་བྱིང་བའི་སྐྱེ་བོ་གང༌། །ཐུན་མཚམས་གསར་པ་ཅི་བཞིན་ངུར་སྨྲིག་གི། །ཚུལ་གྱིས་ལུས་ཀུན་མ་ལུས་བྱུག་བྱས་ཏེ། །ཁྲི་གཙུག་རྒྱལ་བའི་ཚུལ་བཞིན་སྤྱོད་པར་ཤོག །ངེས་འབྱུང་གསེར་གྱི་དགའ་ཚལ་ཡངས་པ་དེར། །སྲིད་དང་ཞི་བའི་དཔལ་འབྱོར་རྒྱས་པའི་གཞིར། །རྣམ་དག་ཚུལ་ཁྲིམས་རྫོགས་པའི་དགའ་སྟོན་ལ། །སྐྱེ་འགྲོ་ཀུན་གྱིས་རྟག་ཏུ་སྤྱོད་པར་ཤོག །སྲིད་གསུམ་ཀུན་གསལ་ནམ་མཁའ་ཡངས་པའི་ཀློང༌། །ཉིས་བརྒྱ་ལྔ་བཅུ་རྫོགས་པའི་དཀྱིལ་འཁོར་ལ། །ཕ་རོལ་ཕྱིན་བཅུའི་འབྲས་བུ་ཡོངས་དུད་དེ། །ངོམས་པ་མེད་པར་ལོངས་སུ་སྤྱོད་པར་ཤོག །སྨིན་གྲོལ་ཟབ་མོ་ཟབ་ལམ་སྔགས་ཀྱི་བདག །བདེར་གཤེགས་ཀུན་གྱི་དགོངས་པ་མཐའ་དག་པ། །བསླབ་གསུམ་རྟ་བདུན་དབང་པོའི་ལེགས་དྲངས་ཏེ། །སྐལ་བཟང་བློ་གྲོས་པདྨོར་འཆར་བར་ཤོག བསླབ་གསུམ་རིན་ཆེན་གསེར་གྱིས་ཡོངས་གང་ཞིང༌། །དགེ་ལེགས་མ་ལུས་འཆང་བའི་བདག་ཉིད་ཅན། །ངུར་སྨྲིག་རྒྱན་སྤྲས་འདུལ་བ་འཛིན་པ་གང༌། །བསྟན་འགྲོའི་དཔལ་དུ་ནམ་མཁའ་གང་བར་ཤོག །གཞན་ཡང་སྐྱེ་དགུ་བུང་བའི་ཚོགས་རྣམས་ཀྱིས། །ལེགས་བཤད་གསེར་གྱི་རྫིང་བུ་བགྲང་ཡས་པར། །ཐོས་པ་མུ་ཏིག་ཟེའུ་འབྲུ་རབ་བསྒྲུབ་སྟེ། །བཅུད་ལྡན་བསམ་གཏན་རོ་མཆོག་མྱོང་ཤར་ཤོག །བདེ་ཆེན་ལྷུན་གྱིས་གྲུབ་པའི་འཕྲིན་ལས་ཀྱིས། །བདག་ལྟ་འཛིན་པའི་བདོག་པ་ཀུན་བཏང་ནས། །གཞན་ཕན་བློ་གྲོས་འགྱུར་མེད་གཡུང་དྲུང་བཞིན། །རྒྱལ་སྲས་སེམས་དཔའི་མཛད་པ་མཐར་ཕྱིན་ཤོག །སྔོན་གྱི་རྒྱལ་བ་མ་ལུས་གཤེགས་པའི་ཤུལ། །རྣམ་གྲོལ་བདེ་ཆེན་ནམ་མཁའི་གུར་ཁྱིམ་ཅན། །མ་ལུས་འགྲོ་བ་ཀུན་གྱིས་རབ་བསྙེག་ནས། །བླ་མེད་བྱང་ཆུབ་མངོན་དུ་གྱུར་བར་ཤོག། །། །ཅེས་པ་འདི་ནི་སྐྱེ་འགྲོ་ཡོངས་ཀྱི་བསྟི་གནས་སུ་གྱུར་པའི་བསླབ་གསུམ་དམ་དུ་འཆང་ཞིང་ངུར་སྨྲིག་གར་གྱི་རོལ་བའི་བདག་ཉིད་ཞུའི་བསྟན་འཛིན་ཆེན་པོ་གཡུང་དྲུང་བློ་གྲོས་དབང་གི་རྒྱལ་པོས་བཀས་བསྐུལ་བ་ལ་བརྟེན་ནས། ཐོས་བསམ་གྱི་ཆ་ཙམ་འཛིན་པའི་གཤེན་གྱི་ཀློག་པ་བ་གཡུང་དྲུང་ཚུལ་ཁྲིམས་ཀྱིས་བཀྲ་ཤིས་སྨན་རིའི་ཁྲོད་དུ་སྦྱར་བའོ། །དགེའོ།། །།

ཐེག་པ་ཆེན་པོ་ཡུམ་ཀྱི་སྙིང་པོ་ཞེས་བྱ་བའི་མདོ།

སྤྱིར་བོན་དང་ཐེག་པའི་བརྒྱུད་ཐམས་ཅད་ཚིག་བཞི་ཚིགས་སུ་བཅད་དེ་གསུངས་པ་གཅིག་གིས་བསྟན། དེ་ལྟ་བ་ཡས་ཕུབ་སྤྱོད་པ་མས་འཛེགས། གཞི་སྙིང་རྗེ་ཆེན་པོ་ལ་སློང༌། ཐབས་ཕ་རོལ་ཕྱིན་པ་བཅུ་ལ་སྤྱོད་གསུངས་པའི། ཁྱད་པར་སྟོང་ཕྲག་བརྒྱ་པའི་ཚིག་བཞིས་སྟོན་ཏེ། ཨོཾའ་མི་སྐྱེ་མི་འགག་ནམ་མཁའི་རང་བཞིན་ཅན། །ཤེས་རབ་གསལ་བ་ཀུན་གྱི་ཡུམ་གཅིག་མ། །སྐྱེ་མེད་དབྱིངས་ནས་གསལ་བའི་འོད་ཕྱུང་ཞིང༌། །ཐམས་ཅད་ཐུགས་རྗེའི་མགོན་དུ་གྱུར་པ་མོ། །ས་ཏྲིག་ཨེར་སངས་སྐུ་ལ་ཕྱག་འཚལ་ལོ། །ཞང་ཞུང་སྐད་དུ། ཧ་ཨ་སད་སླས་གུ་གུན་ཐོ་ར་ཆུང༌། བོད་སྐད་དུ། ཐེག་པ་ཆེན་པོ་ཡུམ་གྱི་མདོ་ཞེས་བྱ་བ། །འདི་སྐད་བདག་གིས་ཐོས་པའི་དུས་ཅིག་ན། །སྟོན་པ་གཤེན་རབ་མི་བོ་ནི། །རི་རྒྱལ་ལྷུན་པོའི་ཕོ་བྲང་ན། །འོད་ཀྱི་ལྷ་རི་སྤོ་མཐོན་གྱི་རྩེ་མོ་ན། །འཁོར་ཡེ་གཤེན་གཡུང་དྲུང་སེམས་དཔའ་ལྔ་སྟོང་ལྔ་བརྒྱ་དང་ཐབས་གཅིག་ཏུ་བཞུགས་སོ། །དེའི་ཚེ་དེའི་དུས་ན། གང་གཡུང་དྲུང་སེམས་དཔའ་ཡིད་ཀྱི་ཁྱེའུ་ཆུང་དང༌། གང་གཡུང་དྲུང་སེམས་དཔའ་གཏོ་བུ་འབུམ་སངས་དང༌། གང་གཡུང་དྲུང་སེམས་དཔའ་གསལ་བ་འོད་ལྡན་དང༌། གང་གཡུང་དྲུང་སེམས་དཔའ་མེད་ཁམས་སྟོང་པ་རྗེ་དང༌། གང་གཡུང་དྲུང་སེམས་དཔའ་ཚངས་པ་གཙུག་ཕུད་དང༌། གང་གཡུང་དྲུང་སེམས་དཔའ་གཙུག་གཤེན་རྒྱལ་བ་དང༌། གང་གཡུང་དྲུང་སེམས་དཔའ་ཀླུ་མོ་མ་མ་ཏེ་དང༌། གང་གཡུང་དྲུང་སེམས་དཔའ་གསང་བ་ངང་རིང་དང༌། གཞན་ཡང་ལྷ་ཡི་དབང་པོ་བརྒྱ་བྱིན་དང༌། ཀླུའི་རྒྱལ་པོ་འཇོག་པོ་དང༌། ལྷ་ཆེན་པོ་བརྒྱད་དང༌། ཀླུ་ཆེན་པོ་བརྒྱད་དང༌། རྒྱལ་པོ་ཆེན་པོ་བཞི་དང༌། ཕྱོགས་སྐྱོང་བ་བཅུ་དང༌། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་བརྒྱད་དང༌། གཟའ་ཆེན་པོ་བརྒྱད་དང༌། རྒྱུ་སྐར་ཉི་ཤུ་རྩ་བརྒྱད་དང༌། གངྒའི་ཀླུང་གི་ལྷ་མོ་འོད་ཀྱི་མདངས་ལྡན་མ་དང༌། འབངས་དད་པ་ཅན་དང༌། སྨྲ་མི་གྲོང་བདུན་དང༌། ས་བདག་གི་རྒྱལ་པོ་ཆེན་པོ་བཞི་ལ་སོགས་ཏེ། ལྷ་དང་ཀླུ་དང་མི་དང་མི་མ་ཡིན་དང་དྲི་ཟ་བཅས་འཁོར་དེ་དག་ཐམས་ཅད་ཀྱིས་བླ་ན་མེད་པའི་མཆོད་པ་ཡོངས་སུ་གཏོང་བའི་སྤྲིན་ཞེས་བྱ་བ་བཤམས་ནས་སྟོན་པ་ལ་ཕུལ་ལོ། །དེའི་ཚེ་དེའི་དུས་ན། ལྷ་ཡི་དབང་པོ་བརྒྱ་བྱིན་རང་གི་སྟན་ལས་ལངས་ཏེ། བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུག་ཏེ་ཐལ་མོ་སྦྱར་ནས། སྟོན་པ་ལ་འདི་སྐད་ཅེས་གསོལ་ཏོ། །ཉེས་པའི་སྐྱོན་བྲལ་ཡོན་ཏན་མཐའ་དག་རྫོགས། །བདེ་ལེགས་ཡོན་ཏན་ཐམས་ཅད་འབྱུང་བའི་གནས། །རྣམ་པ་ཐམས་ཅད་མཁྱེན་པའི་གཤེན་རབ་ལགས། །ཐེག་པ་ཆེན་པོ་ཡུམ་གྱི་སྙིང་པོ་ལ། །སྤྱད་དམ་སྤྱོད་ན་ཇི་ལྟར་སྤྱོད་པར་བགྱི། །ཞེས་གསོལ་ཏོ། །དེ་ལ་གཤེན་རབ་ཀྱི་བཀའ་བསྩལ་པ། །ལྷ་ཡི་དབང་པོ་བརྒྱ་བྱིན་ལ་སོགས་གཡུང་དྲུང་སེམས་དཔའ་རྣམས། ཐེག་པ་ཆེན་པོ་ཡུམ་གྱི་སྙིང་པོ་ལ་སྤྱད་དམ་སྤྱོད་ན། བོན་ཐམས་ཅད་སྲིད་པ་ལས་བྱུང་བ་དང༌། རིན་པོ་ཆེ་ལས་བྱུང་བ་དང༌། སྣང་བ་ལས་བྱུང་བ་དང༌། སྟོང་པ་ལས་བྱུང་བ་དང༌། སོ་སོ་གསལ་བ་ལས་བྱུང་བ་དང༌། རང་རིག་པ་ལས་བྱུང་བ་དང༌། མི་འགྱུར་བ་གཡུང་དྲུང་གི་དབྱིངས་ལས་བྱུང་བ་དང༌། མཉམ་པ་ཉིད་ལས་བྱུང་བ་དང༌། དེ་དག་ཐམས་ཅད་སྣང་བའམ། སྟོང་པའམ། ཡོད་པའམ། མེད་པའམ། རྟག་པའམ། ཆད་པའམ། སྐྱེ་བའམ། འགག་པའང་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། དེ་དག་ཐམས་ཅད་ཅིར་ཡང་མི་དམིགས་སོ། །རང་བཞིན་ཀྱང་མི་དམིགས་སོ། །དེ་ལྟ་བས་ན་ཡེ་མ་བྱུང་མ་སྐྱེས་སྐྱེ་བ་མེད་པའོ། །སྐྱེ་བ་མེད་པ་ལ་མཉམ་པ་ཉིད་དུ་གནས་ཏེ། །མ་བཅོས་པའི་ཐིག་ལེ་གཅིག་ལ་རྫོགས་སོ། །དེའི་ཚེ་དེའི་དུས་ན། སྟོན་པ་གཤེན་རབ་མི་བོ་ནི། བོན་གྱི་སྒོ་མོ་བརྒྱད་ཁྲི་བཞི་སྟོང་ལས་འདས་ཏེ་མི་དམིགས་པའི་ཏིང་ངེ་འཛིན་ལ་སྙོམས་པར་བཞུགས་སོ། །དེའི་ཚེ་དེའི་དུས་ན། གཡུང་དྲུང་སེམས་དཔའ་སེམས་དཔའ་ཆེན་པོ་ཡིད་ཀྱི་ཁྱེའུ་ཆུང་གིས་ཐེག་པ་ཆེན་པོའི་མདོ་ལས་ཁམས་སྟོང་པ་ཉིད་དུ་བལྟ་ཞིང་མ་བཅོས་པའི་ཐིག་ལེ་གཅིག་ལ་གནས་སོ། །དེའི་ཚེ་དེའི་དུས་ན། གཤེན་རབ་ཀྱི་མཐུ་དང་ལྡན་པའི་གཏོ་བུ་འབུམ་སངས་ཀྱིས་ཡིད་ཀྱི་ཁྱེའུ་ཆུང་ལ་འདི་སྐད་ཅེས་སྨྲས་སོ། །གཡུང་དྲུང་སེམས་དཔའ་སེམས་དཔའ་ཆེན་པོས་ཐེག་པ་ཆེན་པོ་ལ་སྤྱད་ཅིང་ཁྲི་འཕང་དང་པོ་ལ་གཏོགས་པར་འཚལ་ན་ཇི་ལྟར་བགྱི་ན་རྟོགས་པར་འགྱུར། ཞེས་སྨྲས་སོ། །གཡུང་དྲུང་སེམས་དཔའ་ཆེན་པོ་ཡྀད་ཀྱི་ཁྱེའུ་ཆུང་གིས་སྨྲས་པ། དེ་ལྟ་བས་ན་གཏོ་བུ་འབུམ་སངས་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དག་གང་ལ་ལ་ཞིག་གིས། ཐེག་པ་གོང་མ་ལ་སྤྱོད་ཅིང་ཁྲི་འཕང་དང་པོ་ལ་རྟོགས་པར་འཚལ་ན། བོན་ཐམས་ཅད་སྟོང་པ་ཉིད་དུ་བལྟའོ། །གཟུགས་སྟོང་པ་ཉིད་དོ། །དེ་བཞིན་དུ་ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་དང༌། རྣམ་པར་ཤེས་པ་རྣམས་སྟོང་པ་ཉིད་དོ། །སྟོང་པ་ཉིད་ལས་གཞན་མ་ཡིན་ནོ། །ཡེ་མ་བྱུང་མ་སྐྱེས་སྐྱེ་བ་མེད་པའོ། །སྐྱེ་བ་མེད་པ་ལ་མཉམ་པ་ཉིད་དུ་གནས་ཏེ་མ་བཅོས་པའི་ཐིག་ལེ་གཅིག་ལ་རྫོགས་སོ། །དེའི་ཕྱིར་ན། སྲིད་པའི་ཁམས་ལས་བྱུང་བའི་འཁོར་བ་དང་མྱ་ངན་ལས་འདས་པའི་བོན་ཐམས་ཅད་སྟོང་པ་ཉིད་དུ་བལྟའོ། །གཟུགས་སྟོང་པ་ཉིད་དོ། །དེ་བཞིན་དུ་ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་དང༌། རྣམ་པར་ཤེས་པ་རྣམས་སྟོང་པ་ཉིད་དོ་སྟོང་པ་ཉིད་ལས་གཞན་མ་ཡིན་ནོ། །ཡེ་མ་བྱུང་མ་སྐྱེས་སྐྱེ་བ་མེད་པའོ། །སྐྱེ་བ་མེད་པ་ལ་མཉམ་པ་ཉིད་དུ་གནས་ཏེ་མ་བཅོས་པའི་ཐིག་ལེ་གཅིག་ལ་རྫོགས་སོ། །རིན་པོ་ཆེའི་རྒྱུན་གྱི་ཁམས་ལས་བྱུང་བའི་འཁོར་བ་དང་མྱ་ངན་ལས་འདས་པའི་བོན་ཐམས་ཅད་སྟོང་པ་ཉིད་དུ་བལྟའོ། །གཟུགས་སྟོང་པ་ཉིད་དོ། །དེ་བཞིན་དུ་ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་དང༌། རྣམ་པར་ཤེས་པ་རྣམས་སྟོང་པ་ཉིད་དོ། །སྟོང་པ་ཉིད་ལས་གཞན་མ་ཡིན་ནོ། །ཡེ་མ་བྱུང་མ་སྐྱེས་སྐྱེ་བ་མེད་པའོ། །སྐྱེ་བ་མེད་པ་ལ་མཉམ་པ་ཉིད་དུ་གནས་ཏེ་མ་བཅོས་པའི་ཐིག་ལེ་གཅིག་ལ་རྫོགས་སོ། །སྣང་བའི་ཁམས་ལས་བྱུང་བའི་འཁོར་བ་དང་མྱ་ངན་ལས་འདས་པའི་བོན་ཐམས་ཅད་སྟོང་པ་ཉིད་དུ་བལྟའོ། །གཟུགས་སྟོང་པ་ཉིད་དོ། །དེ་བཞིན་དུ་ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་དང༌། རྣམ་པར་ཤེས་པ་རྣམས་སྟོང་པ་ཉིད་དོ། །སྟོང་པ་ཉིད་ལས་གཞན་མ་ཡིན་ནོ། །ཡེ་མ་བྱུང་མ་སྐྱེས་སྐྱེ་བ་མེད་པའོ། །སྐྱེ་བ་མེད་པ་ལ་མཉམ་པ་ཉིད་དུ་གནས་ཏེ་མ་བཅོས་པའི་ཐིག་ལེ་གཅིག་ལ་རྫོགས་སོ། །སྟོང་པའི་ཁམས་ལས་བྱུང་བའི་འཁོར་བ་དང་མྱ་ངན་ལས་འདས་པའི་བོན་ཐམས་ཅད་སྟོང་པ་ཉིད་དུ་བལྟའོ། །གཟུགས་སྟོང་པ་ཉིད་དོ། །དེ་བཞིན་དུ་ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་དང༌། རྣམ་པར་ཤེས་པ་རྣམས་སྟོང་པ་ཉིད་དོ། །སྟོང་པ་ཉིད་ལས་གཞན་མ་ཡིན་ནོ། །ཡེ་མ་བྱུང་མ་སྐྱེས་སྐྱེ་བ་མེད་པའོ། །སྐྱེ་བ་མེད་པ་ལ་མཉམ་པ་ཉིད་དུ་གནས་ཏེ་མ་བཅོས་པའི་ཐིག་ལེ་གཅིག་ལ་རྫོགས་སོ། །སོ་སོར་གསལ་བའི་ཁམས་ལས་བྱུང་བའི་འཁོར་བ་དང་མྱ་ངན་ལས་འདས་པའི་བོན་ཐམས་ཅད་སྟོང་པ་ཉིད་དུ་བལྟའོ། །གཟུགས་སྟོང་པ་ཉིད་དོ། །དེ་བཞིན་དུ་ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་དང༌། རྣམ་པར་ཤེས་པ་རྣམས་སྟོང་པ་ཉིད་དོ། །སྟོང་པ་ཉིད་ལས་གཞན་མ་ཡིན་ནོ། །ཡེ་མ་བྱུང་མ་སྐྱེས་སྐྱེ་བ་མེད་པའོ། །སྐྱེ་བ་མེད་པ་ལ་མཉམ་པ་ཉིད་དུ་གནས་ཏེ་མ་བཅོས་པའི་ཐིག་ལེ་གཅིག་ལ་རྫོགས་སོ། །རང་རིག་པའི་ཁམས་ལས་བྱུང་བའི་འཁོར་བ་དང་མྱ་ངན་ལས་འདས་པའི་བོན་ཐམས་ཅད་སྟོང་པ་ཉིད་དུ་བལྟའོ། །གཟུགས་སྟོང་པ་ཉིད་དོ། །དེ་བཞིན་དུ་ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་དང༌། རྣམ་པར་ཤེས་པ་རྣམས་སྟོང་པ་ཉིད་དོ། །སྟོང་པ་ཉིད་ལས་གཞན་མ་ཡིན་ནོ། །ཡེ་མ་བྱུང་མ་སྐྱེས་སྐྱེ་བ་མེད་པའོ། །སྐྱེ་བ་མེད་པ་ལ་མཉམ་པ་ཉིད་དུ་གནས་ཏེ་མ་བཅོས་པའི་ཐིག་ལེ་གཅིག་ལ་རྫོགས་སོ། །མི་འགྱུར་བ་གཡུང་དྲུང་གི་ཁམས་ལས་བྱུང་བའི་འཁོར་བ་དང་མྱ་ངན་ལས་འདས་པའི་བོན་ཐམས་ཅད་སྟོང་པ་ཉིད་དུ་བལྟའོ། །གཟུགས་སྟོང་པ་ཉིད་དོ། །དེ་བཞིན་དུ་ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་དང༌། རྣམ་པར་ཤེས་པ་རྣམས་སྟོང་པ་ཉིད་དོ། །སྟོང་པ་ཉིད་ལས་གཞན་མ་ཡིན་ནོ། །ཡེ་མ་བྱུང་མ་སྐྱེས་སྐྱེ་བ་མེད་པའོ། །སྐྱེ་བ་མེད་པ་ལ་མཉམ་པ་ཉིད་དུ་གནས་ཏེ་མ་བཅོས་པའི་ཐིག་ལེ་གཅིག་ལ་རྫོགས་སོ། །མཉམ་པ་ཉིད་ཀྱི་ཁམས་ལས་བྱུང་བའི་འཁོར་བ་དང་མྱ་ངན་ལས་འདས་པའི་བོན་ཐམས་ཅད་སྟོང་པ་ཉིད་དུ་བལྟའོ། །གཟུགས་སྟོང་པ་ཉིད་དོ། །དེ་བཞིན་དུ་ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་དང༌། རྣམ་པར་ཤེས་པ་རྣམས་སྟོང་པ་ཉིད་དོ། །སྟོང་པ་ཉིད་ལས་གཞན་མ་ཡིན་ནོ། །ཡེ་མ་བྱུང་མ་སྐྱེས་སྐྱེ་བ་མེད་པའོ། །སྐྱེ་བ་མེད་པ་ལ་མཉམ་པ་ཉིད་དུ་གནས་ཏེ་མ་བཅོས་པའི་ཐིག་ལེ་གཅིག་ལ་རྫོགས་སོ། །དེ་ལྟར་ན་གཟུགས་མེད་དོ། །ཚོར་བ་མེད་དོ། །འདུ་ཤེས་མེད་དོ། །འདུ་བྱེད་མེད་དོ། །རྣམ་པར་ཤེས་པ་མེད་དོ། །མིག་མེད་དོ། །གཟུགས་མེད་དོ། །རྣ་བ་མེད་དོ། །སྒྲ་མེད་དོ། །སྣ་མེད་དོ། །དྲི་མེད་དོ། །ལྕེ་མེད་དོ། །རོ་མེད་དོ། །ལུས་མེད་དོ། །རེག་མེད་དོ། །ཡིད་མེད་དོ། །བོན་མེད་དོ། །མིག་གི་རྣམ་པར་ཤེས་པ་ནས་ཡིད་ཀྱི་རྣམ་པར་ཤེས་པའི་བར་དུ་མེད་དོ། །མིག་གི་འདུས་ཏེ་རེག་པར་ཤེས་པའི་རྐྱེན་གྱི་ཚོར་བ་ནས་ཡིད་ཀྱི་འདུས་ཏེ་རེག་པར་ཤེས་པའི་རྐྱེན་གྱི་ཚོར་བའི་བར་དུ་ཡང་མེད་དོ། །རླུང་གི་ཁམས་ནས་རྣམ་པར་ཤེས་པའི་ཁམས་ཀྱི་བར་དུ་ཡང་མེད་དོ། །མ་རིག་པ་ནས་རྒ་ཤིའི་བར་དུ་ཡང་མེད་དོ། །བླ་ན་མེད་པར་ཕྱིན་པ་རྣམས་མེད་དོ། །སྟོང་པ་ཉིད་མེད་དོ། །ལམ་མེད་དོ། །ཡན་ལག་མེད་དོ། །འབྲས་བུ་མེད་དོ། །ཡེ་ཤེས་མེད་དོ། །དེ་ལྟ་བུའི་ཕྱིར་ན་སེམས་ལ་སྒྲིབ་པ་མེད་དོ། །སྐྱོན་མེད་དོ། །དྲི་མ་མེད་དོ། །དྲི་མ་དང་རབ་ཏུ་བྲལ་བས་ན་སྟོང་པ་ཉིད་ལས་འདས་ཤིང༌། ཡེ་མ་བྱུང་མ་སྐྱེས་སྐྱེ་བ་མེད་པའོ། །སྐྱེ་བ་མེད་པ་ལ་མཉམ་པ་ཉིད་དུ་གནས་ཏེ་མ་བཅོས་པའི་ཐིག་ལེ་གཅིག་ལ་རྫོགས་སོ། །མྱ་ངན་ལས་འདས་ཤིང་བོན་ཐམས་ཅད་མཐར་ཕྱིན་ཏེ། བླ་ན་མེད་པར་ཡང་དག་པར་རྫོགས་པའི་འབྲས་བུ་འཐོབ་པའོ། །ཕྱོགས་བཅུའི་བདེ་བར་གཤེགས་པ་ཐམས་ཅད་ཀྱང༌། ཐེག་པ་ཆེན་པོ་ཡུམ་གྱི་སྙིང་པོ་ལ་བརྟེན་ནས་གནས་ཏེ་སྤྱད་པས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་འབྲས་བུ་ཐོབ་བོ། །དེ་ལྟ་བས་ན་ཐེག་པ་ཆེན་པོའི་སྔགས་སྨྲས་པ། མི་མཉམ་པ་ལ་མཉམ་པའི་སྔགས། མཉམ་པ་ལ་ཡེ་ཤེས་ཡོངས་སུ་རྫོགས་པའི་སྔགས། ཡེ་ཤེས་ལས་ཀྱང་བླ་ན་མེད་པར་ཡང་དག་པར་རྫོགས་པའི་སྔགས། ཨོཾའ་ཨོཾའ་ཨ་ཨ་སལ་སལ་མ་བ་མ་དེ་ཨེ་མ་ཧོ་མ་ད་ར་ཡེ་སྭཱཧཱ། །དེའི་ཕྱིར་ན་ཐེག་པ་ཆེན་པོའི་དོན་ལ་སྤྱོད་པར་བྱའོ། །དེའི་ཚེ་གཤེན་རབ་ཀྱང་མི་དམིགས་པའི་ཏིང་ངེ་འཛིན་དེ་ལས་བཞེངས་ནས། འདི་སྐད་ཅེས་གསུངས་སོ། །གཡུང་དྲུང་སེམས་དཔའ་སེམས་དཔའ་ཆེན་པོ་ཡིད་ཀྱི་ཁྱེའུ་ཆུང་དང༌། རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གིས་ཐེག་པ་ཆེན་པོ་ལ་སྤྱད་ཅིང་ཡུམ་གྱི་སྙིང་པོ་ལ་གནས་ན། ཁྱེད་ཀྱི་བསྟན་པ་དེ་བཞིན་ནོ། །ཁྱོད་ཀྱི་བསྟན་པ་དེ་ལ་ཕྱོགས་བཅུའི་བདེ་བར་གཤེགས་པ་ཐམས་ཅད་ཀྱང་རྗེས་སུ་ཡི་རངས་ཏེ། ལེགས་སོ་ལེགས་སོ་ཞེས་བྱ་བ་བྱིན་ཏེ། དེ་སྐད་ཅེས་བཀའ་བསྩལ་ནས། གཡུང་དྲུང་སེམས་དཔའ་སེམས་དཔའ་ཆེན་པོ་ཡིད་ཀྱི་ཁྱེའུ་ཆུང་དང༌། ལྷ་ཡི་དབང་པོ་བརྒྱ་བྱིན་དང༌། ཀླུ་ཡི་རྒྱལ་པོ་འཇོག་པོ་དང༌། ལྷ་དང༌། ཀླུ་དང༌། ལྷ་མ་ཡིན་དང༌། དྲི་ཟ་དང་བཅས་པའི་འཇིག་རྟེན་ཡི་རངས་ཏེ། གཤེན་རབ་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །ཐེག་པ་ཆེན་པོ་ཡུམ་གྱི་སྙིང་པོའི་མདོ་ཞེས་བྱ་བ་རྫོགས་སོ།། །།

ཀོང་ཙེ་འཕྲུལ་གྱི་རྒྱལ་པོས་མཛད་པའི་རྒྱ་ནག་ཀེག་ཟློག
རྒྱ་ནག་སྐད་དུ། གེ་ཧ་ན་ནར་ཏྲ། སུམ་པའི་སྐད་དུ། ཀེག་རེ་ན་ཙུ་ཏྲ་ཡ། བོད་སྐད་དུ། རྒྱ་ནག་ཀེག་ཟློག་ཅེས་བྱ་བའི་གཟུངས། ཀེང་ཙེ་ལྷ་ཡི་རྒྱལ་པོ་ལ་ཕྱག་འཚལ་ལོ། །གཙུག་ལག་གབ་ཙཻ་འཛིན་ལ་ཕྱག་འཚལ་ལོ། །སྤར་ཁ་སྨེ་བའི་ལྷ་ལ་ཕྱག་འཚལ་ལོ། །ལོ་ཟླ་དུས་ཀྱི་ལྷ་ལ་ཕྱག་འཚལ་ལོ། །འཇིག་རྟེན་སྐྱོང་བའི་ལྷ་ལ་ཕྱག་འཚལ་ལོ། །ཉིན་ལ་དབང་བསྒྱུར་ཉི་མའི་ལྷ་ལ་ཕྱག་འཚལ་ལོ། །མཚན་ལ་དབང་བསྒྱུར་ཟླ་བའི་ལྷ་ལ་ཕྱག་འཚལ་ལོ། །དུས་ཚོད་ལ་དབང་བསྒྱུར་སྐར་མའི་ལྷ་ལ་ཕྱག་འཚལ་ལོ། །དང་པོ་སྟོང་པ་གང་གིས་སྟོང༌། །མེད་ཁམས་ལོ་ཟླའི་ཀེག་གིས་སྟོང༌། །བར་དུ་ཁེངས་པ་གང་གིས་ཁེངས། །ཀེང་ཙེའི་བདེན་པས་བཅོས་ཤིང་ཁེངས། །དང་པོ་མེད་པ་གང་གིས་མེད། །སྤར་ཁ་ཕ་མ་བུ་བཞི་འཐོར་ནས་མེད། །ཐ་མ་ཡོད་པ་གང་གིས་ཡོད། །ཀོང་ཙེ་གཟུངས་སྔགས་བཟླས་ནས་ཡོད། །དང་པོ་ཆགས་པ་གང་དུ་ཆགས། །དབུས་ཀྱི་རི་རྒྱལ་ལྷུན་པོ་ཆགས། །ཐ་མ་འཇིག་པ་གང་གིས་འཇིག །རི་རབ་གླིང་བཞི་རླུང་གིས་འཇིག བར་དུ་བརྟེན་པ་གང་ལ་བརྟེན། །སྲིད་པའི་གནམ་དང་སྔགས་ལ་བརྟེན། །གཟུངས་ཚིགས་སྔགས་ལ་མ་བརྟེན། །སྐྱེས་པ་ཐམས་ཅད་དར་ལ་འཆི། །ཡོད་པ་ཐམས་ཅད་གོད་ཁས་མེད། །དཀར་པོ་ཐམས་ཅད་མུན་པས་ནག །བདེན་པ་ཐམས་ཅད་རྫུན་གྱིས་གསོད། །དེ་ནས་གླིང་བཞིའི་མི་འདུས་ནས། །སྲིད་པའི་རྒྱལ་པོ་འབུམ་ཁྲི་ལ། །ཐབས་དང་གདམས་པ་སྣ་ཚོགས་ཞུས། །དེ་ཡིས་ཐམས་ཅད་ཟློག་ཅིང་བསྒྱུར། །དེ་ནས་འཛམ་གླིང་སོག་ཀ་རུ། །ཀེག་ཆེན་བཅུ་གཉིས་དུས་ལ་བབས། །རྒྱལ་པོ་ཀེང་ཙེ་སྤྱན་དྲངས་ནས། །ཀེག་ཆཻན་ངན་པ་བཅུ་གཉིས་བསྒྱུར་ཞིང་ཟློག །ད་ལྟ་སྔགས་འཆང་བདག་ཅག་གིས། །རྒྱུ་སྦྱོར་ཡོན་གྱི་བདག་པོ་ལ། །ཀེག་རིགས་ངན་པ་ཟློག་པའི་ཕྱིར། །དམ་རྫས་གསེར་སྐྱེམས་གཏོར་མ་བཤམས། །གཟུངས་སྔགས་འདི་དག་བརྗོད་བྱས་ན། །ཀེག་རིགས་ངན་པ་ཟློག་བསྒྱུར་ཅིག །ཨྭཽཾ་ཨྭཽཾ་ཀ་ཧྲིང་བཀའ་ཡི་ཀེག་ངན་ཟློག ཁ་ཧྲིང་ཁམས་ཀྱི་ཀེག་ངན་ཟློག །ག་ཧྲིང་གིང་གི་ཀེག་ངན་ཟློག །ང་ཧྲིང་ཤིང་ལྕགས་ཀེག་ངན་ཟློག །ཅ་ཧྲིང་མེ་ཆུའི་ཀེག་ངན་ཟློག །ཆ་ཧྲིང་ས་ཆུའི་ཀེག་ངན་ཟློག །ཇ་ཧྲིང་ཟོན་ཁེན་ཀེག་ངན་ཟློག །ཉ་ཧྲིང་ཉི་ནག་ཀེག་ངན་ཟློག །ཏ་ཧྲིང་རྟ་ལི་སྲིད་ཀེག་ཟློག །ཐ་ཧྲིང་ཐོད་པ་རུལ་པོའི་ཀེག་ངན་ཟློག །ད་ཧྲིང་དྭ་ཟིན་ཀེག་ངན་ཟློག །ན་ཧྲིང་ན་འཆིའི་དུར་ཀེག་ཟློག །པ་ཧྲིང་བདུད་ཀྱི་དར་རྒད་ཀེག་ངན་ཟློག །ཕ་ཧྲིང་ཕྱྭ་གཡང་ཉམས་པའི་ཀེག་ངན་ཟློག །བ་ཧྲིང་དབང་ཐང་ཕུང་འགྱོད་ཀེག་ངན་ཟློག །མ་ཧྲིང་ལི་ཁམས་ནཧཧཀེག་ངན་ཟློག །ཙ་ཧྲིང་ཁྱིམ་ལྷའི་ཀེག་ངན་ཟློག །ཚ་ཧྲིང་ཚེ་ཡི་ཀེག་ངན་ཟློག །ཛ་ཧྲིང་ན་སྒོ་བྱེ་བའི་ཀེག་ངན་ཟློག །ཝ་ཧྲིང་འོག་རྟ་བྲལ་བའི་ཀེག་ངན་ཟློག །ཞ་ཧྲིང་བླ་ཡིད་ཉམས་པའི་ཀེག་ངན་ཟློག །ཟ་ཧྲིང་ཟ་འདྲེ་ལངས་པའི་ཀེག་ངན་ཟློག །འ་ཧྲིང་འོ་མ་ཁྲག་ཏུ་འདྲེས་པའི་ཀེག་ངན་ཟློག །ཡ་ཧྲིང་བླ་ཡིད་འཁྱམས་པའི་ཀེག་ངན་ཟློག །ར་ཧྲིང་རི་སྒོ་གཤཻད་སྒོ་བྱེ་བའི་ཀེག་ངན་ཟློག །ལ་ཧྲིང་རླུང་སྒོ་བྱེ་བའི་ཀེག་ངན་ཟློག །ཤ་ཧྲིང་ཤིང་སྒོ་བྱེ་བའི་ཀེག་ངན་ཟློག །ས་ཧྲིང་ཁོན་མ་རྒན་མོས་ས་སྒོ་དབྱེ་བའི་ཀེག་ངན་ཟློག །ཧ་ཧྲིང་ཁེན་པ་རྒད་པོས་གནམ་སྒོ་དབྱེ་བའི་ཀེག་ངན་ཟློག །ཨ་ཨ་ཧྲིང་ཧྲིང་གནམ་གྱི་ཀ་བ་ཆག་པའི་ཀེག་ངན་ཟློག །ཨུ་ཨུ་ས་ཡི་བརྟེན་ཕུར་བུད་པའི་ཀེག་ངན་ཟློག །སྟག་དང་ཡོས་བུའི་སྲོག་ནི་ཤིང༌། ཤིང་སྲོག་ལྕགས་ཀྱིས་གཅོད་པའི་ཀེག་ཟློག་ཅིག རྟ་དང་སྦྲུལ་གྱི་སྲོག་ནི་མེ། མེ་སྲོག་ཆུ་ཡིས་གཅོད་པའི་ཀེག་ཟློག་ཅིག བྱ་དང་སྤྲེའུ་སྲོག་ནི་ལྕགས། ལྕགས་སྲོག་མེ་ཡིས་གཅོད་པའི་ཀེག་ཟློག་ཅིག ཕག་དང་བྱི་བའི་སྲོག་ནི་ཆུ། ཆུ་སྲོག་ས་ཡིས་གཅོད་པའི་ཀེག་ཟློག་ཅིག ཁྱི་འབྲུག་གླང་ལུག་སྲོག་ནི་ས། ས་སྲོག་ཤིང་གིས་གཅོད་པའི་ཀེག་ཟློག་ཅིག ཨ་ཕ་ཁེན་ལ་བུ་ནི་ཁམ། །ཕ་ཀེག་བུ་ལ་རྩུབ་པ་ཟློག །བུ་ནི་ཁེན་ལ་ཨ་ཕ་ཁམ། །བུ་ཀེག་ཕ་ལ་རྩུབ་པ་ཟློག །ཨ་མ་གིན་ལ་བུ་མོ་ཟོན། མ་ཀེག་བུ་མོ་ལ་རྩུབ་པ་ཟློག ཨ་མ་ཟོན་ལ་བུ་མོ་གིན། བུ་མོའི་ཀེག་མ་ལ་རྩུབ་པ་ཟློག ནེ་ནེ་ལི་ལ་ཚ་མོ་ཁམ། ཚ་མོའི་ཀེག་ཨ་ནེ་ལ་རྩུབ་པ་ཟློག ཚ་མོ་ལི་ལ་ཨ་ནེ་ཁམ། ཨ་ནེའི་ཀེག་ཚ་མོ་ལ་རྩུབ་པ་ཟློག ཁྱོ་པོ་ཟོན་ལ་བུ་མེད་ཁེན། ཁྱོ་པོའི་ཀེག་བུད་མེད་ལ་རྩུབ་པ་ཟློག བུད་མེད་ཁེན་ལ་ཁྱོ་པོ་ཟོན། བུད་མེད་ཀེག་ཁྱོ་པོ་ལ་རྩུབ་པ་ཟློག མིང་པོ་གིན་ལ་སྲིང་མོ་ཁོན། མིང་པོའི་ཀེག་སྲིང་མོ་ལ་རྩུབ་པ་ཟློག སྲིང་མོ་གིན་ལ་མིང་པོ་ཁོན། སྲིང་ཀེག་མིང་ལ་རྩུབ་པ་ཟློག ཨ་ཕ་སྟག་ལ་མ་ནི་སྤྲེལ། །སྟག་སྤྲེལ་བདུན་ཟུར་ཀེག་ཟློག་ཅིག །མིང་པོ་བྱ་ལ་སྲིང་མོ་ཡོས། །བྱ་ཡོས་བདུན་ཟུར་ཀེག་ཟློག་ཅིག །ཁྱོ་ག་རྟ་ལ་གནའ་མ་བྱི། །བྱི་རྟ་བདུན་ཟུར་ཀེག་ཟློག་ཅིག །ཨ་ཁུ་སྦྲུལ་ལ་ཚ་མོ་ཕག །ཕག་སྦྲུལ་བདུན་ཟུར་ཀཻག་ཟློག་ཅིག །ཞང་པོ་ཁྱི་ལ་ཚ་མོ་འབྲུག །ཁྱི་འབྲུག་བདུན་ཟུར་ཀེག་ཟློག་ཅིག །ཨ་ནེ་གླང་ལ་ཚ་མོ་ལུག །གླང་ལུག་བདུན་ཟུར་ཀེག་ཟློག་ཅིག །ལོ་ཀེག་ཟླ་ཀེག་ངན་པ་ཟློག །ཞག་ཀེག་ཟ་ཀེག་ངན་པ་ཟློག །ལོ་ལ་བྱི་བའི་ཆུང་ཀེག་ཟློག །བཅུ་གསུམ་བྱིས་པའི་ཆུང་ཀེག་ཟློག །ཉེར་ལྔ་གཞོན་ནུའི་དར་ཀེག་ཟློག །སོ་བདུན་རླུང་རྟའི་དར་ཀེག་ཟློག །ཞེ་དགུ་ཚ་བོའི་མདངས་ཀེག་ཟློག །རེ་གཅིག་རྒན་གྱི་སྲི་ཀེག་ཟློག །དོན་གསུམ་རྒན་རབས་ཀྱི་གཡང་ཀེག་ཟློག བརྒྱད་ཅུ་གྱ་ལྔ་ཁ་ཤས་སྟོན་པའི་ཀེག་ཟློག་ཅིག ཆེ་ཀེག་ཆུང་ལ་རྩུབ་པ་ཟློག །ཆུང་ཀེག་ཆེ་ལ་རྩུབ་པ་ཟློག །དགུ་གཅིག་བུ་ལ་རྩུབ་པ་ཟློག །དགུ་གཉིས་ནོར་ལ་རྩུབ་པ་ཟློག །དགུ་གསུམ་རྟ་ལ་རྩུབ་པ་ཟློག །དགུ་བཞི་ཕ་ལ་རྩུབ་པ་ཟློག །དགུ་ལྔ་མ་ལ་རྩུབ་པ་ཟློག །དགུ་དྲུག་ནག་མོ་ལ་རྩུབ་པ་ཟློག །དགུ་བདུན་ཁྱོ་ག་ལ་རྩུབ་པ་ཟློག །དགུ་བརྒྱད་སྲིང་མོ་ལ་རྩུབ་པ་ཟློག །དགུ་དགུ་ཁྱིམ་ལ་རྩུབ་པ་ཟློག །དགུ་ཀེག་ངན་པའི་ཀེག་ཟློག་ཅིག །སྟག་སྤྲེལ་ཤིང་ལྕགས་འཐབ་པ་དེ། །ས་བདག་དུར་ཞུགས་གཉིས་ནག་སྟེ། །དེ་ཡི་འགྲམ་ཀེག་ངན་པ་ཟློག བྱ་ཡོས་མི་མཐུན་རོ་འདོན་ཀེག །ས་བདག་གཉིས་ནག་འགྲམ་པ་ཡི། །དེ་ཡི་འགྲམ་ཀེག་ངན་པ་ཟློག །ཁྱི་འབྲུག་དགྲ་གཤེད་གསང་ཀེག་ཟློག །ན་ངོ་མེད་ཅིང་འཆི་བའི་ངོ། །དེ་ཡི་འགྲམ་ཀེག་ངན་པ་ཟློག །ཕག་སྦྲུལ་རབ་ཆད་དབང་ཐང་འགྲམ། །བུ་ཚ་ཆུང་ན་འཆི་བའི་ཀེག །དེ་ཡི་ཀེག་རིགས་ངན་པ་ཟློག །བྱི་རྟ་མེ་ཆུའི་སྲོག་གཅོད་ཀེག །རྒན་གྱི་འཆི་ཀེག་ངན་པ་ཟློག །གླང་ལུག་ཕུང་འགྱོད་རླུང་རྟའི་ཀེག །རླུང་རྟའི་རྒྱལ་མཚན་ཆག་པ་ཟློག །སྤར་ཁའི་ཨ་ཐང་ཆད་པ་ཟློག །ལོ་ཡི་བདུན་ཞུད་གྱོན་པ་ཟློག །ཟླ་བའི་ཕུང་གྱོད་ལངས་པ་ཟློག །ཞག་གི་འདྲེ་ལྔ་བདུད་གཅོད་ཟློག །དུས་ཚོད་གཡར་ང་སྟོང་པ་ཟློག །ས་ལྔ་ཆུ་ཡིས་ཁྱེར་བ་ཟློག །ཤིང་ལ་ལྕགས་ཀྱིས་གཅོད་པ་ཟློག །ལྕགས་ལྔ་མེ་ཡིས་བསྲེགས་པ་ཟློག །མེ་ལྔ་ཆུ་ཡིས་གཅོད་པ་ཟློག །ཆུ་ལྔ་ས་ཡིས་གཅོད་པ་ཟློག །ནམ་མཁའ་རླུང་གིས་བཤིགས་པ་ཟློག །བྲག་ཆེན་ཉིན་ནས་རལ་པ་ཟློག །ཤིང་ཆེན་སྲིབ་ནས་ཆག་པ་ཟློག །གསས་མཁར་ཐོག་གིས་བཤིག་པ་ཟློག །ཆུ་ཐན་ཐོག་ལྟར་ཕྱུར་བ་ཟློག །མེ་ཐན་གྲོང་ཁྱེར་ཚིག་པ་ཟློག །ས་ཐན་ས་གཡོས་རི་སྙིལ་ཟློག །བར་ནས་ཐེ་སེ་ཐུག་པ་ཟློག །རོ་དང་ཧལ་ཁྱི་ཐུག་པ་ཟློག །ངན་པ་ཐམས་ཅད་ཟློག་ཅིང་བསྒྱུར། །ཀོང་ཙེ་འཕྲུལ་རྒྱལ་བཀའ་མ་འདའ། །སྲིད་པའི་ལྷ་སྲིན་སྡེ་བརྒྱད་དམ་ལ་འདུས། །རྗེས་འཇུག་སྒྲུབ་གཤེན་རྣལ་འབྱོར་གྱི། །བཀའ་དང་དམ་ལ་མ་འདའ་བར། །རྒྱུ་སྦྱོར་ཡོན་བདག་ཕོ་མོ་ཡི། །ཆགས་ཆེ་ཉམས་ང་ཟློག་ཅིང་བསྒྱུར། །ངན་པ་བསྒྱུར་ལ་ཡོ་བ་བསྲོང༌། །བགེགས་རིགས་ཐམས་ཅད་བསྒྱུར་ཞིང་ཟློག །མ་དྷ་བཅོལ་བའི་ལས་རྣམས་སྒྲུབ། །མི་མཐུན་འགལ་རྐྱེན་ངན་པ་རྣམས། །མཐུན་ཞིང་བཅོལ་བའི་འཕྲིན་ལས་ཀྱིས། །བདེ་ལེགས་དཔལ་འབྱོར་ཕུན་སུམ་ཚོགས་ནས། །བཀྲ་ཤིས་ཡོངས་སུ་ཁྱབ་པར་ཤོག །ཅེས་པ་ཀོང་ཙེ་འཕྲུལ་རྒྱལ་གྱིས། །རྒྱ་ནག་ཀེག་ཟློག་འདི་དག་ཀྱང༌། །འཕྲུལ་གྱི་ཏི་ཀ་ནས་བསྡུས་པའི། །གཟུངས་ཀྱི་ལེའུ་རྫོགས་སོ།། །།

དེ་བཞིན་གཤེགས་པའི་གཙུག་ཏོར་ནས་བྱུང་བའི་གདུགས་དཀར་མོ་ཅན།
ཞང་ཞུང་སྐད་དུ། བི་ཏྲ་བིའ་ཏྲ་ཡ། ཨ་དཀར་སུམ་ཏྲི་ཡ། གཡུང་དྲུང་བོན་གྱི་སྐད་དུ་ན། ཡེ་གཤེན་བོན་ཉིད་ལས་བྱུང་བའི་གཙུག་ཏོར་འདི། གཙུག་ཏོར་གསང་བ་ལས་བྱུང་བའི་མདོ་ཞེས་བྱ་བ་སྟེ། བརྩོན་འགྲུས་ཅན་གྱིས་འདོན་པར་བྱའོ། །གཡུང་དྲུང་ལྷའི་སྐད་དུ་ན། ཏི་སངས་མུ་ཡེ་འོད་ཁྱབ་ཀུན་ལ་ཁྱབ། འོད་ལམ་ལམ་འོད་འཕྲོ་འཕྲོ་ཡལ་མ་ཡལ་མ་ཞེས་བྱ་སྟེ། བོན་ཉིད་མི་འགྱུར་གཡུང་དྲུང་ཀློང་ཆེན་ལ་ཕྱག་འཚལ་ལོ། །བོན་ཉིད་མི་འགྱུར་ནམ་མཁའ་ཆེ་ལ་ཕྱག་འཚལ་ལོ། །ཡེ་ནས་མ་བཅོས་བོན་ཉིད་ཀློང་ལ་ཕྱག་འཚལ་ལོ། །ཡེ་གཤེན་ཀུན་གྲུབ་ལ་ཕྱག་འཚལ་ལོ། །ཡེ་གཤེན་བྱམས་པ་ལ་ཕྱག་འཚལ་ལོ། །ཡེ་གཤེན་བཅུ་ལ་ཕྱག་འཚལ་ལོ། །ཡེ་གཤེན་བརྒྱ་ལ་ཕྱག་འཚལ་ལོ། །ཡེ་གཤེན་སྟོང་ལ་ཕྱག་འཚལ་ལོ། །ཡེ་གཤེན་ཁྲི་ལ་ཕྱག་འཚལ་ལོ། །ཡེ་གཤེན་འབུམ་ལ་ཕྱག་འཚལ་ལོ། །ཡེ་གཤེན་བྱེ་བ་ལ་ཕྱག་འཚལ་ལོ། །ཡེ་གཤེན་ས་ཡ་ལ་ཕྱག་འཚལ་ལོ། །ཡེ་གཤེན་དུང་ཕྱུར་ལ་ཕྱག་འཚལ་ལོ། །ཡེ་གཤེན་ཁྲག་ཁྲིག་ལ་ལ་ཕྱག་འཚལ་ལོ། །ཡེ་གཤེན་གྲངས་མེད་ལ་ཕྱག་འཚལ་ལོ། །བོན་ཉིད་གསང་བ་ལས་བྱུང་བའི་གདུགས་དཀར་མོ་ཅན་འདི་གཞན་གྱིས་མི་ཐུབ་པ་ཆེན་མོ། གཞན་ཡང་ཕྱིར་ཟློག་པ་ཆེན་མོ་ཡི་གེ་ཨ་ཆེན་འབར་བའི་དཀྱིལ་འཁོར་ནས། འཇིགས་བྱེད་ཆེན་མོ་ཁྲོ་གཉེར་ཅན། དབུ་སྟོང་མངའ་བ་ཆེན་མོ། ཕྱག་བྱེ་བ་ཕྲག་བརྒྱ་མངའ་བ་ཆེན་མོ། ཞབས་སྟོང་འཁོར་ལོ་བསྒྱུར་བ་ཆེན་མོ། བ་སྤུ་བྱེ་བ་གྲངས་མེད་མ་ཆེན་མོ། ཤེལ་གྱི་འཕྲེང་བའི་དོ་ཤལ་ཅན། དུང་གི་པྲོག་ཞུའི་དབུ་རྒྱན་ཅན། རིགས་སྔགས་འཆང་བའི་བདག་མོ་སྟེ། ཡི་གེ་ཨ་ཆེན་འབར་བའི་དཀྱིལ་འཁོར་འདི། བདག་ལ་བསྲུང་དུ་གསོལ། བདག་ལ་བསྐྱོབ་ཏུ་གསོལ། བདག་དང་རིགས་དྲུག་སེམས་ཅན་ཐམས་ཅད་ནི། དུས་མ་ཡིན་པར་འཆི་བའི་འཇིག་པའམ། གདུག་རྩུབ་ཚོགས་ཀྱིའཇིག་པའམ། མུ་གེའི་འཇིག་པའམ། སེང་གེའི་འཇིག་པའམ། དམག་གི་འཇིག་པའམ། མཚོན་གྱི་འཇིག་པའམ། དུག་སྟག་གི་མཆེ་བའི་འཇིག་པའམ། བཙན་དུག་ཧ་ལའི་འཇིག་པའམ། བཙན་དུག་གླང་ནུབ་པའི་འཇིག་པའམ། བཙན་དུག་སྦྱར་བའི་འཇིག་པའམ། བཙན་དུག་ཀུན་ཏུ་ཁྱབ་པའི་འཇིག་པའམ། ལྷ་འདྲེ་གདུག་རྩུབ་ངལ་དུབ་ཅན་གྱི་འཇིག་པའམ། ས་གཡོ་བའི་འཇིག་པའམ། ས་འཁྲུག་པའི་འཇིག་པའམ། མེ་འབར་བའི་འཇིག་པའམ། རླུང་འཁྲུགས་པའི་འཇིག་པའམ། ཆུ་འབྲུག་པའི་འཇིག་པའམ། ནད་ཀྱི་བསྐལ་པའི་འཇིག་པའམ། རིམ་ནད་བྱིང་བའི་འཇིག་པའམ། རིམ་དྲག་ཐུང་བའི་འཇིག་པའམ། རིམ་ནད་འཕྲོ་བའི་འཇིག་པའམ། སྐར་མདའ་ལྷུང་བའི་འཇིག་པའམ། གཅན་གཟན་སྣ་ཚོགས་དར་བའི་འཇིག་པའམ། གངས་ཀྱི་སེང་གེའི་འཇིག་པའམ། སྟག་གི་འཇིག་པའམ། ཆུ་སྲིན་གྱི་འཇིག་པའམ། དུར་ཁྲོད་ཀྱི་འཇིག་པའམ། ལྷ་མ་ཡིན་དང་མི་མ་ཡིན་གྱི་འཇིག་པའམ། དེ་དག་ལ་སོགས་པའི་མི་བདེ་བ་ཐམས་ཅད་ནི། རིགས་སྔགས་ཀྱིས་བཅད་དོ། །ཕུར་བུས་གདབ་བོ། །འཇིག་པ་ཆེན་མོས་བྱས་པའི་རིགས་སྔགས་ཀྱིས་བཅད་དོ། །ཕུར་བུས་གདབ་བོ། །ལྷ་མོ་བཞི་ཡིས་བྱས་པའི་རིགས་སྔགས་ཀྱིས་བཅད་དོ། །ཕུར་བུས་གདབ་བོ། །སྲིང་མོ་བཞི་ཡིས་བྱས་པའི་རིགས་སྔགས་ཀྱིས་བཅད་དོ། །ཕུར་བུས་གདབ་བོ། །ལྷ་ཆེན་པོ་ལྔས་བྱས་པའི་རིགས་སྔགས་ཀྱིས་བཅད་དོ། །ཕུར་བུས་གདབ་བོ། །དབྱིངས་ཀྱི་ཡུམ་ལྔས་བྱས་པའི་རིགས་སྔགས་ཀྱིས་བཅད་དོ། །ཕུར་བུས་གདབ་བོ། །མ་མོ་བཞིས་བྱས་པའི་རིགས་སྔགས་ཀྱིས་བཅད་དོ། །ཕུར་བུས་གདབ་བོ། །འཇིག་རྟེན་ལས་འདས་པ་རྣམས་ཀྱིས་བྱས་པའི་རིགས་སྔགས་ཀྱིས་བཅད་དོ། །ཕུར་བུས་གདབ་བོ། །ད་ལྟར་བཞུགས་པ་རྣམས་ཀྱིས་བྱས་པའི་རིགས་སྔགས་ཀྱིས་བཅད་དོ། །ཕུར་བུས་གདབ་བོ། །སླད་ན་བྱོན་པ་རྣམས་ཀྱིས་བྱས་པའི་རིགས་སྔགས་ཀྱིས་བཅད་དོ། །ཕུར་བུས་གདབ་བོ། །དྲག་པོའི་གདོན་ཐམས་ཅད་ནི་རིགས་སྔགས་ཀྱིས་བཅད་དོ། །ཕུར་བུས་གདབ་བོ། །ཨོའ་ཀ་དུར་པ་གྲུབ་ཤ་ཕཊཿ ཁ་དུར་པ་གྲུབ་ཤ་ཕཊཿ ག་དུར་པ་གྲུབ་ཤ་ཕཊཿ ང་དུར་པ་གྲུབ་ཤ་ཕཊཿ ཅ་དུར་པ་གྲུབ་ཤ་ཕཊཿ  ཆ་དུར་པ་གྲུབ་ཤ་ཕཊཿ  ཇ་དུར་པ་གྲུབ་ཤ་ཕཊཿ  ཉ་དུར་པ་གྲུབ་ཤ་ཕཊཿ  ཏ་དུར་པ་གྲུབ་ཤ་ཕཊཿ  ཐ་དུར་པ་གྲུབ་ཤ་ཕཊཿ  ད་དུར་པ་གྲུབ་ཤ་ཕཊཿ  ན་དུར་པ་གྲུབ་ཤ་ཕཊཿ  པ་དུར་པ་གྲུབ་ཤ་ཕཊཿ  ཕ་དུར་པ་གྲུབ་ཤ་ཕཊཿ  བ་དུར་པ་གྲུབ་ཤ་ཕཊཿ  མ་དུར་པ་གྲུབ་ཤ་ཕཊཿ  ཙ་དུར་པ་གྲུབ་ཤ་ཕཊཿ  ཚ་དུར་པ་གྲུབ་ཤ་ཕཊཿ  ཛ་དུར་པ་གྲུབ་ཤ་ཕཊཿ ཝ་དུར་པ་གྲུབ་ཤ་ཕཊཿ  ཞ་དུར་པ་གྲུབ་ཤ་ཕཊཿ  ཟ་དུར་པ་གྲུབ་ཤ་ཕཊཿ  འ་དུར་པ་གྲུབ་ཤ་ཕཊཿ  ཡ་དུར་པ་གྲུབ་ཤ་ཕཊཿ  ར་དུར་པ་གྲུབ་ཤ་ཕཊཿ  ལ་དུར་པ་གྲུབ་ཤ་ཕཊཿ  ཤ་དུར་པ་གྲུབ་ཤ་ཕཊཿ  ས་དུར་པ་གྲུབ་ཤ་ཕཊཿ  ཧ་དུར་པ་གྲུབ་ཤ་ཕཊཿ  ཨ་དུར་པ་གྲུབ་ཤ་ཕཊཿ  བསྭོ་ན་ག་ལེ་ན་ག་ལེ། ཙིན་དྷ་ཙིན་དྷ། བྷིན་དྷ་བྷིན་དྷ། སྲུཾ་ཡ་སྲུཾ་ཡ། མང་ཡ་མང་ཡ། ཨ་དཀར་རདཎ་སྭཱཧཱ། བྱི་བ་རདཎ་སྭཱཧཱ། མ་ཧ་རདཎ་སྭཱཧཱ། ད་ར་ད་ར། དི་རི་དི་རི། དུ་རུ་དུ་རུ། ཧི་ཏི་ཧི་ཏི། ཛྭ་ལ་ཛྭལ། གར་མ་ཡ་གར་མ་ཡ། སང་གྷ་ཡ་སང་གྷ་ཡ། དེ་བ་ཡ། སང་ཏྲ་ཧེ་སང་ཏྲ་ཧེ། དེ་བ་ཡ། བྱི་བ་ར་ཙ་ཨ་མ་བྷ྄ཡོ་བྷཡོ། མགུ་ར་སི་ཏྲ་ཕཊཿཕཊཿ ཤིན་མང་ཤིན་མང༌། དེ་དག་ལ་སོགས་ཏེ། བདེ་བར་གཤེགས་པ་ཐམས་ཅད་ལ་སྐྱབས་སུ་མཆིའོ། །ལྷའི་གདོན་ནམ། ལྷ་མ་ཡིན་གྱི་གདོན་ནམ། ཀླུའི་གདོན་ནམ། དྲི་ཟའི་གདོན་ནམ། ཤ་ཟའི་གདོན་ནམ། བདུད་བཙན་གྱི་གདོན་ནམ། རྒྱལ་པོ་དང་འགོང་པོའི་གདོན་ནམ། མ་མོའི་གདོན་ནམ། སྲིན་པོའི་གདོན་ནམ། སྲུལ་པོའི་གདོན་ནམ། ལུས་སྲུལ་པོའི་གདོན་ནམ། གནོད་སྦྱིན་གྱི་གདོན་ནམ། གྲུལ་འབུམ་གྱི་གདོན་ནམ། ལྟོ་ཕྱེའི་གདོན་ནམ། བགེགས་དང་འབྱུང་པོའི་གདོན་ནམ། མཁའ་ལ་རྒྱུ་བའི་གདོན་ནམ། བར་དུ་གཅོད་པའི་གདོན་ནམ། མཁའ་འགྲོ་མའི་གདོན་ནམ། བརྗེད་བྱེད་ཀྱི་གདོན་ནམ། དབང་ལྡན་གྱི་གདོན་ནམ། རླུང་ལྷའི་གདོན་ནམ། གྲིབ་གནོན་གྱི་གདོན་ནམ། གཏིང་ན་ཉལ་བའི་གདོན་ནམ། མ་ཡམས་ཀྱི་གདོན་ནམ། རིམས་ཞག་གཅིག་པའམ། རིམས་ཞག་གཉིས་པའམ། རིམས་ཞག་བཅུ་པའམ། རིམས་ཟླ་བ་གཅིག་པའམ། རིམས་ལོ་གཅིག་པའམ། དེ་དག་ལ་སོགས་ཏེ་མི་བདེ་བའི་ནད་ཐམས་ཅད་དང་ཡམས་ཐམས་ཅད་ཟློག་ཏུ་གསོལ་ལོ། །བསྲུང་དུ་གསོལ་ལོ། །བསྐྱོབ་ཏུ་གསོལ་ལོ། །མི་མཐུན་པའི་གདོན་དང་བྱད་ཐམས་ཅད་ཟློག་ཏུ་གསོལ་ལོ། །ཨ་དཀར་ཡ་མ་སྲུངས། ད་ར་ཡ་མ་སྲུངས། མ་དྷ་ལི་མ་དྷ་ལི། བྱི་ཤ་ལི་བྱི་ཤ་ལི། བྱ་མ་ལི་ཤ་ལི། དར་མ་ཡ་དར་མ་ཡ། རདཎ་ཡ་རདཎ་ཡ། ཐོག་ཐོག་ཆེམ་ཆེམ་འུར་འུར་ཏོག་ཏོག་ཡ། ཟས་སུ་ཤ་ཟ་བ་དང༌། ཟས་སུ་ཚིལ་ཟ་བ་དང༌། ཟས་སུ་སྲོག་འཕྲོག་པ་དང༌། ཟས་སུ་ཁྲག་འཐུང་བ་དང༌། ཟས་སུ་རྐང་ཟ་བ་དང༌། ཟས་སུ་མི་གཙང་བ་ཟ་བ་དང༌། ཟས་སུ་གཏོར་མ་ཟ་བ་དང༌། ཟས་སུ་ལོ་ཐོག་ཟ་བ་དང༌། ཟས་སུ་ཤིང་ཐོག་ཟ་བ་དང༌། ཟས་སུ་འདམ་བུ་ཟ་བ་དང༌། ཟས་སུ་མེ་ཏོག་ཟ་བ་དང༌། ཟས་སུ་གཏོར་ཁུངས་ནས་འབབ་པ་འཐུང་བ་དང༌། ཟས་སུ་གཅིག་འཐུང་བ་དང༌། ཟས་སུ་མཆིལ་མ་འཐུང་བ་དང༌། ཟས་སུ་ངར་སྣབ་ཟ་བ་དང༌། ཟས་སུ་དུག་ཟ་བ་དང༌། ཟས་སུ་འཕྲེང་བ་ཟ་བ་དང༌། ཟས་སུ་སྨན་ཟ་བ་དང༌། ཟས་སུ་འདམ་བུ་ཟ་བ་དང༌། ཟས་སུ་སྐྱུག་པ་ཟ་བ་དང༌། དེ་དག་ལ་སོགས་ཏེ། མི་གཙང་བའི་གདོན་རིགས་ཐམས་ཅད་ནི་རིགས་སྔགས་ཀྱིས་བཅད་དོ། །ཕུར་བུས་གདབ་བོ། །དྲག་པོ་ཕོ་ཉ་བཞིས་བྱས་པའི་རིགས་སྔགས་ཀྱིས་བཅད་དོ། །ཕུར་བུས་གདབ་བོ། །གྱད་ཀྱི་ཀིང་ཀང་བཞིས་བྱས་པའི་རིགས་སྔགས་ཀྱིས་བཅད་དོ། །ཕུར་བུས་གདབ་བོ། །འཇིགས་པའི་ཁྲོ་གཉེར་བཞིས་བྱས་པའི་རིགས་སྔགས་ཀྱིས་བཅད་དོ། །ཕུར་བུས་གདབ་བོ། །དབལ་གྱི་མ་མོ་བཞིས་བྱས་པའི་རིགས་སྔགས་ཀྱིས་བཅད་དོ། །ཕུར་བུས་གདབ་བོ། །དབལ་གྱི་གཟེ་མ་བཞིས་བྱས་པའི་རིགས་སྔགས་ཀྱིས་བཅད་དོ། །ཕུར་བུས་གདབ་བོ། །ལས་ཀྱི་མ་མོ་བཞིས་བྱས་པའི་རིགས་སྔགས་ཀྱིས་བཅད་དོ། །ཕུར་བུས་གདབ་བོ། །བསྐལ་པའི་སྲིད་བརྒྱད་ཀྱིས་བྱས་པའི་རིགས་སྔགས་ཀྱིས་བཅད་དོ། །ཕུར་བུས་གདབ་བོ། །བསྭོ་ཨོཾའ་དུ་དུ་ཤག་ཕར་ཞི་མལ་མལ། ཡལ་ཡལ། ཧེ་ཧེ་ཧེ། ཧོ་ཧོ་ཧོ། ཧྲིང་ཧྲིང་མ་རྦད་ཏྲི་ཙ་ཏ་ནིར་ནིར་ཕཊཿཕཊཿ རཾ་རཾ་ཤིག་ཤིག་སྭཱཧཱ། ཨོཾའ་ཀ་ར་མ་མ་སྲུཾ་སྲུཾ། མང་མང་སད་སད་ཐོར་ཐོར། འཇིག་པ་ཆེན་མོའི་སྐུ་ལ་ཕྱག་འཚལ་ལོ། །བདག་ལ་སྲུང་དུ་གསོལ། དམུ་ར་ཏ་ཧན་གྱིས་བདག་ལ་སྲུང་དུ་གསོལ། ར་ཧེ་ཧེ་པོའི་བདག་ལ་བསྲུང་དུ་གསོལ། རདཎ་བྱི་ཤས་བདག་ལ་སྲུང་དུ་གསོལ། རདཎ་བྱིང་ངས་བདག་ལ་སྲུང་དུ་གསོལ། ཨ་དཀར་ར་ཙས་བདག་ལ་སྲུང་དུ་གསོལ། ཨ་དཀར་སྲུམ་ཏྲིས་བདག་ལ་སྲུང་དུ་གསོལ། ཐུགས་རྗེ་གསང་བས་བདག་ལ་སྲུང་དུ་གསོལ། ཐུགས་རྗེ་བྱམས་མས་བདག་ལ་སྲུང་དུ་གསོལ། བདེ་བར་གཤེགས་པ་ཐམས་ཅད་ཀྱིས་བདག་ལ་སྲུང་དུ་གསོལ། སྐྱོབ་ཏུ་གསོལ་ལོ། མི་མཐུན་པ་ཐམས་ཅད་ཟློག་ཏུ་གསོལ། བོན་ཉིད་དབྱིངས་ཀྱི་གཙུག་ཏོར་འདི་ནི། རས་སམ་དར་ལ་བྲིས་ལ། ལ་མཐོའི་རྩེ་མོའམ། གུར་གྱི་ནང་དུ་བཏག་ནས། མེ་ཏོག་གཏོར་ནས་མཆོད་པ་བྱས། བཀུར་སྟི་བྱས་ན། ཡུལ་གྱི་མི་བདེ་བ་ཐམས་ཅད་ནི་ཞི་བར་བྱེད་པས་བཀུར་སྟི་དང་རིམ་གྲོ་ཆེ་བར་བྱའོ། །གཙུག་ཏོར་འདི་བྲིས་སམ། ཀློག་གམ། འཆང་ངམ། སུས་མཆོད་པས་ན། ཡུལ་ཕྱོགས་སུ་བཀྲ་ཤིས་པར་འགྱུར། གཙུག་ཏོར་འདི་ཞལ་དྲོ་ལ་བུ་འདོད་པ་ལ་བུ་དང་འཕྲད་ལ། ནོར་འདོད་པ་ཡང་ནོར་དང་འཕྲད། བཀུར་སྟི་ཆེ་བར་བྱའོ། བཀུར་སྟི་ཆེ་བས་ན། འཁོར་གྱི་རྐྱེན་རྣམས་ཟློག་པར་འགྱུར་རོ། །སངས་ཀྲ་དེ་བས་ཆར་པ་དུས་སུ་བབས་སོ། །བན་གླང་གདོང་གི་གཏེར་མའོ། །བརྩོན་འགྲུས་ཅན་གྱིས་སྤེལ་བར་བྱའོ། །འདོན་པར་བྱའོ། །གཙུག་ཏོར་དཀར་མོའི་གཟུངས་ཞེས་བྱ་བ་རྫོགས་སོ།། །།

ཤེས་རབ་དགོངས་རྒྱལ་གྱི་གསོལ་འདེབས།
ཤེས་རབ་ཕར་ཕྱིན་ཀུན་བཟང་བོན་སྐུ་རྗེ། །ཤེས་རབ་སྨྲ་སེང་ཀུན་གསལ་རྫོགས་སྐུ་རྗེ། །ཤེས་རབ་རྒྱལ་མཚན་ཀུན་མཁྱེན་སྤྲུལ་སྐུ་རྗེ། །ཤེས་རབ་དགོངས་རྒྱལ་རྗེ་ལ་གསོལ་བ་འདེབས།། །།    སྐྱབས་མགོན་གསོལ་འདེབས། ཟླ་བྲལ་ཨ་དཀར་བོན་བསྟན་དར་རྒྱས་ཡུལ། །མདོ་སྨད་སྣང་ཞིག་གདུང་ལས་འཁྲུངས་པའི་སྟོན། །རྒྱལ་ཀུན་ངོ་བོ་མཚན་དཔེའི་ཡོན་ཏན་རྫོགས། །སངས་རྒྱས་མི་གཟུགས་སྤྲུལ་ལ་གསོལ་བ་འདེབས།། །། འགྲོ་མགོན་ཤེས་རབ་གཡུང་དྲུང་གི་གསོལ་འདེབས། ཨཿ རིག་འཛིན་ཆེན་པོ་འགྲོ་བའི་དོན་དགོངས། །འགྲོ་བའི་མགོན་པོ་མཁའ་སྤྱོད་གནས་སུ་གཤེགས། །སྐྱེ་བ་གཅིག་ལ་ཐར་པ་མངོན་སངས་རྒྱས། །དེ་རྗེས་རྟག་གཟིགས་འོལ་མོ་གླིང་དུ་སྐྱེས། །ཤེས་རབ་གཡུང་དྲུང་ཞབས་ལ་གསོལ་བ་འདེབས།། །།

སྐྱབས་མཆོག་དམ་པ་མཉམ་མེད་འགྲོ་བའི་མགོན། །
མཁས་གྲུབ་དུ་མའི་གཙུག་རྒྱན་རིན་པོ་ཆེ། །ཐོས་བསམ་བསྒོམ་སྒྲུབ་ཉན་བཤད་སྲོལ་ཆེན་བཙུགས། །བསྟན་པའི་མངའ་བདག་མཁས་གྲུབ་སྤྱན་གཅིག་པ། །རྗེ་བཙུན་བླ་མའི་ཞབས་ལ་གསོལ་བ་འདེབས། །ཤེས་བྱ་ཀུན་གསལ་མཁས་མཆོག་ཕུལ་དུ་ཕྱིན། །རབ་འབྱམས་གནས་ལྔ་རིག་པའི་པནབྱི་ཏ། །རྒྱལ་བའི་རྒྱལ་ཚབས་མཁས་གྲུབ་རིན་པོ་ཆེ། །མཚན་ལྡན་འགྲོ་བའི་མགོན་པོ་སྤྱན་གཅིག་པ། །རྗེ་བཙུན་བླ་མའི་ཞབས་ལ་གསོལ་བ་འདེབས། །ཡོངས་འཛིན་མཁས་མང་རྒྱ་མཚོའི་ཐུགས་བཅུད་བླངས། །འཆད་རྩོད་རྩོམ་གསུམ་རིག་པའི་ཚ་ཟེར་གྱིས། །སྡེ་སྣོད་གསུམ་ལ་བློ་གྲོས་སྤོབས་པ་ཐོབ། །ལུང་རིག་དབང་ཕྱུགས་མཁས་གྲུབ་སྤྱན་གཅིག་པ། །རྗེ་བཙུན་བླ་མའི་ཞབས་ལ་གསོལ་བ་འདེབས། །འདུལ་ཁྲིམས་བསླབ་བྱའི་མངའ་བདག་དྲང་སྲོང་རྒྱལ། །ཟབ་ལམ་སྔགས་ཀྱི་བདག་ཉིད་གསང་འདུས་གཤེན། །གནས་ལུགས་རྫོགས་ཆེན་དོན་རྟོགས་ཀུན་ཏུ་བཟང༌། །བརྒྱུད་གསུམ་མངའ་བདག་མཁས་གྲུབ་སྤྱན་གཅིག་པ། །རྗེ་བཙུན་བླ་མའི་ཞབས་ལ་གསོལ་བ་འདེབས། །འདྲེན་པ་ཆེན་པོ་མཚུངས་མེད་བཀའ་དྲིན་ཅན། །རབ་འབྱམས་མཆོད་སྤྲིན་ནམ་མཁའ་གང་བས་མཆོད། །དུག་ལྔའི་དབང་གྱུར་མི་དགེའི་ལས་རྣམས་བཤགས། །བདག་སོགས་འགྲོ་དྲུག་ཐུགས་རྗེས་རྒྱུན་བཟུང་ནས། །བསླབ་གསུམ་བསྟན་པའི་སྲོག་ཤིང་འཛུགས་པར་ཤོག། །།

བསྟན་རྒྱས་སྨོན་ལམ།
ན་མོ་བསླུ་མེད་སྐྱབས་མཆོག་རྣམས་ཀྱི་བྱིན་རླབས་དང༌། །རྣམ་དཀར་དགེ་ཚོགས་སྒྲུབ་པའི་ནུས་མཐུ་དང༌། །བོན་ཉིད་རྣམ་པར་དག་པའི་བདེན་སྟོབས་ཀྱིས། །ཇི་ལྟར་སྨོན་པའི་དོན་ཀུན་འགྲུབ་གྱུར་ཅིག བསྟན་པའི་སྙིང་པོ་སངས་རྒྱས་གཡུང་དྲུང་བོན། །བསྟན་འཛིན་བུ་སློབ་བཤད་སྒྲུབ་འཕེལ་བ་དང༌། །བསྟན་སྦྱིན་མངའ་ཐང་ལོངས་སྤྱོད་རྒྱས་པ་དང༌། །བསྟན་པ་སྲིད་མཐའི་བར་དུ་གནས་གྱུར་ཅིག ཁྱད་པར་རྗེ་བཙུན་མཉམ་མེད་བླ་མ་ཡི། །རིང་ལུགས་འཁྲུལ་མེད་གཤེན་བསྟན་སྨན་རི་བའི། །མདོ་སྔགས་ཉི་ཟླ་ཟུང་འབྲེལ་བསྟན་པའི་མཆོག དུས་ཀུན་ཉམས་མེད་ཡུན་རིང་གནས་གྱུར་ཅིག དེ་ཉིད་འཛིན་སྐྱོང་སྤེལ་བའི་སྲོལ་འཛིན་པའི། །མཚུངས་མེད་བླ་མའི་ཞབས་པད་བརྟན་པ་དང༌། །རྣམ་དག་འདུས་སྡེ་དར་ཞིང་རྒྱས་པ་དང༌། །སྙན་པའི་གྲགས་ཆེན་ས་སྟེང་ཁྱབ་གྱུར་ཅིག དེ་ལ་བརྟེན་ནས་མཁའ་མཉམ་འགྲོ་བ་ཀུན། །ནད་མུག་འཁྲུགས་རྩོད་རབ་ཏུ་ཞི་བ་དང༌། །ཕན་བདེ་སྐྱིད་པའི་ཉི་མ་འབུམ་ཤར་ནས། །མཐར་ཐུག་རྫོགས་སངས་རྒྱས་པའི་བཀྲ་ཤིས་ཤོག། །། ཅེས་བསྟན་འབར་གྱི་སྨོན་ལམ་འདི་ཉིད་མཁན་ཆེན་ཉི་མ་བསྟན་འཛིན་གྱིས་སྦྱར་བའོ།། །།

ཚེ་དབང་སྨོན་ལམ་དོན་འདུས་རིན་ཆེན་འཕྲེང་བ།

འདིར་ཚེ་དབང་གི་ཞལ་ནས་གསུངས་པའི་སྨོན་ལམ་དོནའདུས་རིན་ཆེན་འའཕྲེང་བ་ཞེས་བྱ་བ་འདི་གནམ་མཚོ་དོ་རིང་སྟོང་རྒྱུང་སྒྲུབ་ཕུག་ཏུ། རྫིའུ་རིག་པ་རང་ཤར་ཉིད་ལ་སྙན་དུ་བརྒྱུད། རྫིའུས་ཚེ་རབས་དོན་དུ་ཡི་གེར་བཀོད། བདག་གི་སྤྱི་གཙུག་ཉི་ཟླ་པད་གདན་དུ། །བླ་མ་བདེར་གཤེགས་ཡི་དམ་ལྷ་ཚོགས་ལ། །རྟེན་གསུམ་གཤེན་རབ་སངས་རྒྱས་སེམས་དཔའི་ཚོགས། །འོད་དང་འོད་སྐུའི་ཚུལ་དུ་བཞུགས་པར་བསྒོམ། ། ལྷ་ཚོགས་སྐྱབས་གནས་དེ་རྣམས་ལ་མོས་གུས་གདེང་ནས་བསྐྱེད་ལ་འདི་སྐད་དོ། ། ཨེ་མ་ཧོ། དབྱིངས་ཉིད་རྣམ་དག་ཞིང་ཁམས་རབ་འབྱམས་ནས། །བླ་མ་བདེར་གཤེགས་ཡི་དམ་ལྷ་ཚོགས་ལ། །རྟེན་གསུམ་གཤེན་རབ་སངས་རྒྱས་སེམས་དཔའི་ཚོགས། །རང་བཞིན་དབྱིངས་ནས་གཤེགས་བཞུགས་མི་མངའ་ཡང༌། །བདག་སོགས་འགྲོ་རྣམས་ཐུགས་རྗེས་བཟུང་བའི་ཕྱིར། །སྤྱི་གཙུག་པདྨའི་གདན་ལ་བཞུགས་སུ་གསོལ། །སྐྱབས་གནས་མཁྱེན་བརྩེའི་སྟོབས་ལྡན་ཁྱེད་རྣམས་ལ། །བདག་སོགས་འགྲོ་རྣམས་གུས་པས་ཕྱག་འཚལ་ལོ། །མི་དགེ་སྡིག་པའི་ལས་རྣམས་མཐོལ་ལོ་བཤགས། །ཕྱི་ནང་སྣོད་བཅུད་འདོད་ཡོན་མཆོད་པ་འབུལ། །རྟོག་མེད་ཡེ་ཤེས་མཆོག་གི་དངོས་གྲུབ་སྩོལ། །བདག་གི་དུས་གསུམ་དགེ་རྩ་ཅི་བགྱིས་རྣམས། །མཁའ་ཁྱབ་སེམས་ཅན་དོན་ཕྱིར་ཡོངས་སུ་བསྔོ༌། །ཀུན་ཀྱང་རང་སེམས་གནས་ལུགས་རྟོགས་པར་ཤོག །ན་མོ་དབྱིངས་བཞུགས་སྐྱབས་གནས་མཁྱེན་བརྩེ་ཅན། །མ་ལུས་གསན་ཅིང་བདག་ལ་དགོངས་སུ་གསོལ། །བདག་ནི་མོས་གུས་སྨོན་ལམ་འདི་གདབ་པས། །ཇི་ལྟར་བཏབ་བཞིན་འགྲུབ་པར་མཛད་དུ་གསོལ། །བདག་ནི་མི་ལུས་གཙང་མ་ཐོབ་དུས་འདིར། །སྒོ་གསུམ་དགེ་སྤྱོད་མཐའ་རུ་ཕྱིན་པ་དང༌། །རྣམ་རྟོག་བློ་ཡི་དྲི་མ་ཀུན་སངས་ནས། །རྟོག་མེད་ཡེ་ཤེས་རྒྱུུད་ལ་འཆར་བར་ཤོག །རྐྱེན་ངན་དགེ་བའི་བར་ཆད་ཀུན་ཞི་ནས། །དགེ་བཅུ་མཐར་ཕྱིན་ཅི་བསམ་འགྲུབ་པ་དང༌། །བསྟན་པ་དར་ཞིང་སྐུ་ཚེ་རིང་ནས་ཀྱང༌། །འབྲེལ་ཚད་སེམས་ཅན་ཀུན་ལ་ཕན་ཐོག་ཤོག །མི་རྟག་དུས་ཆེན་སླེབ་དུས་འཆི་ཁ་ན། །ལུས་ཀྱི་ན་ཚ་ཟུག་གཟེར་ཞི་བ་དང༌། །བྱིང་སྨུག་འཐིབ་པའི་སྣང་བ་ཀུན་སངས་ནས། །སྒྲིབ་མེད་ཟང་ཐལ་རིག་པ་གསལ་བར་ཤོག །འཇིག་རྟེན་འདིར་སྣང་འཁྲུལ་པའི་ལས་སྤྱོད་ལ། །རེ་དྭོགས་ཕྱིར་འབྲིང་ཞེན་ཆགས་མེད་པ་དང༌། །འཇིགས་སྐྲག་སྡུག་བསྔལ་ཉོན་མོངས་རབ་ཞི་ནས། །སེམས་ཉིད་གཡོ་མེད་ངང་ལ་གནས་པར་ཤོག །སྒྱུ་ལུས་གཟུགས་ཕུང་འབྱུང་བ་འཇིགས་དུས་སུ། །འོད་ལྔ་འཁྲུལ་པའི་སྣང་བ་ཅི་ཤར་ཡང༌། །སེམས་ཀྱི་ཆོ་འཕྲུལ་རང་རྩལ་ངོ་ཤེས་ནས། །སྐུ་ལྔ་ཡེ་ཤེས་ལྔ་རུ་གྲོལ་བར་ཤོག །རྣམ་ཤེས་ཙི་ཏའི་དབུས་སུ་འདུས་པའི་ཚེ། །རང་སྣང་འཁྲུལ་པའི་སྒྲ་འོད་ཟེར་གསུམ་རྣམས། །སྐུ་གསུམ་ངོ་ཤེས་རང་སར་གྲོལ་ནས་ཀྱང༌། །འཁྲུལ་སྣང་བར་དོའི་འཕྲང་ལས་ཐར་པར་ཤོག །སེམས་ཉིད་ངོ་བོ་ཨ་ཡི་མཚན་མ་ཅན། །དབུས་མཐིང་བདེ་བའི་རྩ་ལ་ལམ་ཐོན་ནས། །སྤྱི་གཙུག་ཀུན་བཟང་ངང་དུ་ཐིམ་ནས་ཀྱང༌། །བོན་ཉིད་དབྱིངས་སུ་རྫོགས་སངས་རྒྱས་པར་ཤོག །གལ་ཏེ་ལས་དབང་སྐྱེ་བ་ལེན་ན་ཡང༌། །དམྱལ་བ་ཡི་དྭགས་བྱོལ་སོངས་ལྷ་མི་དང༌། །མཐའ་ཁོབ་ཕམ་ལྟུང་གནས་ངན་ཀུན་སྤངས་ནས། །ལྷོ་རྒྱལ་འཛམ་གླིང་དབུས་སུ་སྐྱེ་བར་ཤོག །གཅན་གཟན་འདབ་ཆགས་བྱོལ་སོང་དུད་འགྲོ་དང༌། །བྲན་དང་བུད་མེད་དམག་དཔོན་བཤན་པ་དང༌། །སྐྱེ་སྒོ་མ་དག་རིགས་ངན་ཀུན་སྤང་ནས། །རིགས་བཟང་ཁུངས་བཙན་མི་ལུས་ཐོབ་པར་ཤོག །ཞ་བོ་འོན་པ་ལྐུགས་པ་ལོང་བ་དང༌། །དབང་པོ་མ་ཚང་ལུས་སུ་མི་སྐྱེ་ཞིང༌། །ཡིད་འོང་གཟུགས་བཟང་མཚན་དཔེ་རབ་རྫོགས་ནས། །འཕྲུལ་ངག་བདེན་པའི་སྣོད་དུ་རུང་བར་ཤོག །འཇིག་རྟེན་འཁྲུལ་སྤྱོད་མི་དགེ་སྤངས་པ་དང༌། །དད་པ་གསུམ་ལྡན་དགེ་ལ་རབ་མོས་ཤིང༌། །གསུམ་ལྡན་བླ་མ་ཞིག་དང་མཇལ་ནས་ཀྱང༌། །གཞོན་ནུར་གྱུར་ལ་རབ་ཏུ་བྱུང་བར་ཤོག །བདུད་དང་འགོང་པོ་ལྷ་སྲིན་སྡེ་བརྒྱད་རྣམས། །འཁྲུལ་སེམས་གནོད་སེམས་སྡུག་སེམས་ཞི་བ་དང༌། །བདག་གི་བཀའ་ཉན་བྲན་དུ་འཁོར་ནས་ཀྱང༌། །དགེ་བའི་མཐུན་རྐྱེན་ཕུན་སུམ་ཚོགས་པར་ཤོག །ངལ་དུབ་མེད་པའི་བརྩོན་འགྲུས་རབ་བསྐྱེད་ནས། །ལེ་ལོ་གཡེང་བའི་འདུ་འཛིན་སྤང་བ་དང༌། །སྒོ་གསུམ་ཤེས་རྒྱུད་བོན་ལ་སྦྱངས་ནས་ཀྱང༌། །བསླབ་གསུམ་ཕུལ་ཕྱིན་མཁས་པར་གྱུར་བར་ཤོག །དེ་དུས་མཁས་པའི་ང་བོ་ཀུན་སྤངས་ནས། །ཚིག་ཕྱིར་མི་འབྲེང་དོན་ལ་འདྲིལ་བ་དང༌། །རྟུལ་ཤུགས་སྟོབས་ཀྱི་སྣང་བ་སྦྱངས་ནས་ཀྱང༌། །ཐེག་ཆེན་ཟབ་མོ་ཉམས་སུ་ལེན་པར་ཤོག །འཇིག་རྟེན་དགྲ་གཉེན་ཟང་ཟིང་ནོར་རྫས་ལ། །ཆགས་ཞེན་འདོད་མེད་རྒྱུད་ལ་སྐྱེ་བ་དང༌། །གཟུང་འཛིན་སེར་སྣའི་མདུད་པ་གྲོལ་ནས་ཀྱང༌། །སེམས་ཉིད་གཡོ་མེད་ངང་ལ་གནས་པར་ཤོག །ཕྱི་ཡི་ཚོགས་དྲུག་སྣང་བ་བདེན་མེད་ལ། །ང་བདག་གཟུང་འཛིན་རང་སར་གྲོལ་བ་དང༌། །དངོས་པོ་ངོས་གཟུང་གཟའ་གཏད་བྲལ་ནས་ཀྱང༌། །སྣང་བ་སྣ་ཚོགས་སྒྱུ་མར་རྟོགས་པར་ཤོག །ནང་གི་རྣམ་རྟོག་བློ་ཡི་འགྱུ་བྱེད་རྣམས། །ཞེན་མེད་ཀ་དག་ངང་དུ་སངས་པ་དང༌། །བསྒོམ་འབྱུང་འཁྲུལ་མེད་ཤེས་རབ་རྒྱས་ནས་ཀྱང༌། །སངས་རྒྱས་དགོངས་པ་རང་ལ་རྙེད་པར་ཤོག  །བྱིང་སྨུག་ཁྲོ་རྒོད་ཐེ་ཚོམ་རེ་དོགས་རྣམས། །དབྱེར་མེད་འོད་གསལ་ངང་དུ་གྲོལ་བ་དང༌། །སྐུ་གསུམ་མངོན་གྱུར་རང་ངོ་ཤེས་ནས་ཀྱང༌། །ངེས་ཤེས་ཡིད་ཆེས་གཏིང་ནས་སྐྱེ་བར་ཤོག །ཕྱི་ནང་གསང་གསུམ་ལམ་གྱི་དྲོད་རྟགས་ལ། །ཐུན་མོང་དངོས་གྲུབ་སྒྱུ་འཕྲུལ་མངའ་བ་དང༌། །ས་ལམ་བློ་ཡི་རིམ་པ་རྫོགས་ནས་ཀྱང༌། །སེམས་ཉིད་རོ་སྙོམས་བདག་ཞལ་མཐོང་བར་ཤོག །དོན་དམ་མཐའ་རུ་ཕྱིན་པའི་དྲོད་རྟགས་ལ། །རྟོག་མེད་ཡེ་ཤེས་འདུ་འབྲལ་མེད་པ་དང༌། །ཉམས་རྟོགས་ངོ་བོ་རོ་དང་བྲལ་ནས་ཀྱང༌། །མཆོག་གི་དངོས་གྲུབ་རྣམ་མཁྱེན་ཐོབ་པར་ཤོག །སྣང་སྲིད་ཕྱི་ནང་འཁོར་འདས་བོན་རྣམས་ཀུན། །ཡེ་སྟོང་རྩ་བྲལ་ངང་དུ་མཉམ་པ་དང༌། །སྣ་ཚོགས་དུ་མ་གཅིག་ཏུ་རྫོགས་ནས་ཀྱང༌། །བརྗོད་མེད་བོན་སྐུའི་ས་ལ་ཕྱིན་པར་ཤོག །ཐུགས་ཉིད་ངང་ལ་ཚད་མེད་བཞི་ཤར་ཡང༌། །སེམས་ཅན་བློ་ཡི་མུན་པ་སེལ་བ་དང༌། །འགྲོ་བ་ཀུན་གྱི་དད་ཅིང་མོས་ནས་ཀྱང༌། །གཡུང་དྲུང་བོན་གྱི་འཁོར་ལོ་བསྐོར་བར་ཤོག །གདུལ་བྱ་བསྟན་པ་དར་ཞིང་རབ་རྒྱས་ནས། །ཕ་རོལ་གཞན་སྣང་ཟིལ་གྱིས་གནོན་པ་དང༌། །ཀུན་གྱི་མགོན་སྐྱབས་རེ་གནས་གྱུར་ནས་ཀྱང༌། །བདག་ཉིད་ཐུགས་རྗེ་བཞི་དང་ལྡན་པར་ཤོག །སྙིང་རྗེ་ཆེ་ཞིང་ཐབས་ལ་མཁས་ནས་ཀྱང༌། །སེམས་ཅན་དོན་ལ་སྐྱོ་ངལ་མེད་པ་དང༌། །མཁའ་ཁྱབ་འགྲོ་དྲུག་སེམས་ཅན་མ་ལུས་ཀུན། །བདག་ཉིད་ཐུགས་རྗེས་མྱུར་དུ་དྲོངས་པར་ཤོག །སྐྱབས་གནས་མཁྱེན་བརྩེའི་ཐུགས་རྗེ་བྱིན་རླབས་དང༌། །བདག་གི་སྒོ་གསུམ་མོས་གུས་ནུས་མཐུ་ཡིས། །སྨོན་ལམ་རྣམ་དག་མྱུར་དུ་རབ་འགྲུབ་ནས། །འཁོར་བ་མ་ལུས་དོང་ནས་སྤྲུག་པར་ཤོག །སྐྱབས་གནས་བདེར་གཤཻགས་ཕྱི་ནང་ལྷ་ཚོགས་དང༌། །བདག་སོགས་མཁའ་མཉམ་འགྲོ་དྲུག་སེམས་ཅན་རྣམས། །དུ་མ་རོ་གཅིག་ངང་ལ་མཉམ་ནས་ཀྱང༌། །བརྗོད་མེད་བོན་ཉིད་དབྱིངས་སུ་སངས་རྒྱས་ཤོག །ཨ་ཨོའཾ་ཧཱུའྃ། ཨཱ་ཨ་དཀར་ས་ལེ་འོད་ཁྲི་དུར་རུ་ཏྲ་ནག་པོ་ཞི་ཞི་ཡེ་སྭཱཧཱ།། །། ཞེས་ལན་གསུམ་བརྗོད། དེ་ལྟར་སྨོན་ལམ་དོནའདུས་རིན་ཆེན་འའཕྲེང་བ་འདི་ནི། གནམ་མཚོ་དོ་གླིང་གསང་ཕུག་ཏུ། ཚེ་དབང་རིག་འཛིན་ཆེན་པོ་ཡིས། རྫིའུ་རིག་པ་རང་ཤར་ཉིད་ལ་སྙན་དུ་བརྒྱུད། རྫིའུས་ཚེ་རབས་ཀྱི་དོན་དུ་ཡི་གེར་བཀོད། འདི་ཡི་ཕན་ཡོན་བསམ་གྱིས་མི་ཁྱབ་བརྗོད་ཀྱིས་མི་ལོངས། ནང་ནུབ་དུས་བཟང་དག་ལ་མ་ཆག་པ་ཡང་ཡང་སྨོན་ལམ་ཐོབ། ཅེས་ཚེ་དབང་གི་ཞལ་ནས་གསུངས་སོ། །ཕཊཿསྒྲ་དྲག་པོ་གཅིག་གདབ་པས་རྣམ་ཤེས་ཚེ་དབང་གི་ཐུགས་ཀར་ཐིམ། ཚེ་དབང་འོད་དུ་ཞུ་ནས་ཀུན་ཏུ་བཟང་པོའི་ཐུགས་ཀར་ཐིམ། འདི་ནི་བདག་གཞན་གཉིས་ཀྱི་སྨོན་ལམ་བཏབ་ལེགས་པས། རྟེན་གསུམ་ཁྱད་པར་ཅན་དང༌། བླ་མ་བཟང་པོའི་དྲུང་ངམ། གནས་ཁྱད་པར་ཅན་དང་ཉི་ཟླ་གཟའ་ཡིས་ཟིན་པའི་དུས་དང༌། རྒྱལ་བ་གཤེན་རབ་སྐུ་འཁྲུངས་འདས་ཀྱི་དུས་དང༌། དྲིན་ཅན་ཕ་མ་འདས་པའི་དུས་དང༌། རྩ་བའི་བླ་མ་འདས་པའི་དུས་མཆོད་དང༌། རང་གི་ཐུགས་དམ་གྱི་རྗེས་སུ་ཡི་དམ་བྱེད་པ་གལ་ཆེའོ། །འདི་ལ་ཡི་དམ་དུ་བྱས་ན་སྐྱེ་བ་གཅིག་ལ་ཨ་འཐས་ཚུལ་ཁྲིམས་བསྲུང་བ་དང༌། སྨོན་ལམ་འདི་ཉིད་ཐུགས་དམ་བྱས་ན། ཕྱི་མའང་ཚེ་དབང་གི་དྲུང་དུ་སྐྱེ་བར་འགྱུར་གསུངས་སོ། །བཀྲ་ཤིས།། །།

སྨོན་ལམ་རྣམ་གསུམ།
རྫོགས་པའི་སངས་རྒྱས་འགྲོ་བའི་སྐྱོབ་གཅིག་པུ། །འདོད་པ་ཇི་བཞིན་འགྱུར་བའི་ཐུགས་རྗེས་དང༌། །ཡིད་བཞིན་ནོར་བུ་དམ་པའི་མཐུ་དཔལ་དང༌། །ཕྱོགས་བཅུའི་སངས་རྒྱས་རྣམས་ཀྱི་བྱིན་རླབས་ཀྱིས། །བདག་གིས་སྨོན་ལམ་བཏབ་པ་ཇི་ལྟ་བར། །ཀུན་ནས་ཡོངས་སུ་འགྲུབ་པར་མཛད་དུ་གསོལ། །འཇིག་རྟེན་དག་ན་བསམ་པ་རྩེ་གཅིག་ཏུ། །གཡུང་དྲུང་བོན་ལ་མོས་གྱུར་ཇི་སྙེད་རྣམས། །བསམ་པ་བར་ཆད་མེད་པར་འགྲུབ་པར་ཤོག །ཕྱོགས་བཅུའི་ཞིང་ཁམས་ཇི་སྙེད་རྒྱ་ཆེ་བར། །དེ་སྙེད་ཡོངས་སུ་དག་པའི་སངས་རྒྱས་བོན། །གཡུང་དྲུང་སེམས་པ་མང་པོས་གང་བར་ཤོག །རབ་འབྱམས་གནས་པའིསྐྱེ་འགྲོ་དུ་མ་རྣམས། །རྟག་ཏུ་ཚེ་རིང་ནད་མེད་བདེ་བ་དང༌། །བོན་དང་མཐུན་པའི་དོན་ཀུན་འགྲུབ་པར་ཤོག །གཡུང་དྲུང་ས་ལ་བདག་ནི་སྤྱོད་བྱེད་ཅིང༌། །ཚེ་རབས་རྟག་ཏུ་སྐྱེ་བ་དྲན་པ་དང༌། །གཞོན་ནུར་གྱུར་ལ་རབ་ཏུ་བྱུང་བར་ཤོག །རྣམ་པར་རྒྱལ་བའི་རྗེས་སུ་སློབ་བྱེད་ཅིང༌། །ལེགས་ལམ་བཟང་པོའི་སྤྱོད་པ་ཡོངས་སུ་ལེན། །འཆལ་མེད་དག་པའི་ཁྲིམས་ལ་གནས་པར་ཤོག །ལྷ་ཀླུ་མི་དང་སྐྱེ་འགྲོ་ཐམས་ཅད་ལ། །རང་སྒྲ་ཇི་འཚམས་པ་རུ་འཕྲུལ་ངག་སྒྲས། །གཡུང་དྲུང་བོན་འདི་ཡོངས་སུ་སྟོན་པར་ཤོག །སྡིག་སྒྲིབ་ལས་ཀྱི་རྣམ་སྨིན་ཀུན་བྱང་ནས། །གཡུང་དྲུང་སེམས་ལ་ཉམས་པ་མེད་པ་དང༌། །བླ་མེད་དོན་ལ་དུས་ཀུན་བརྩོན་པར་ཤོག །བདུད་དཔུང་ལས་དང་ཉོན་མོངས་རབ་ཞི་ནས། །རྣམ་གྲོལ་ཞི་བའི་མཆོག་ལ་རབ་གནས་ཤིང༌། །ཐོགས་མེད་དམ་པའི་དོན་ལ་སྤྱོད་པར་ཤོག །ཞིང་གི་རྡུལ་སྙེད་སེམས་ཅན་མ་ལུས་པ། །བདག་གི་གདུལ་བྱ་རྣམ་དག་ཉིད་གྱུར་ཏེ། །ངན་འགྲོའི་གནས་ངན་མ་ལུས་རྒྱུན་ཆད་ཤོག །འགྲོ་ལ་ཕན་པའི་སེམས་ནི་ཡོངས་འཕེལ་ཞིང༌། །བསྐལ་པ་ཀུན་ཏུ་བདུད་ལས་རྣམ་པར་རྒྱལ། །རབ་རྒྱལ་བོན་གྱི་འཁོར་ལོ་བསྐོར་བར་ཤོག །བདག་དང་མཚུངས་སྤྱོད་གཡུང་དྲུང་སེམས་དཔའ་རྣམས། །ཟབ་མོའི་སྤྱོད་དང་མི་འབྲལ་བདག་འཕྲད་ཅིང༌། །ནམ་ཡང་ཡིད་སུན་འདོད་སྐྱོ་མེད་པར་ཤོག །སངས་རྒྱས་གང་ཞིག་རྣམ་པར་རྒྱལ་བ་ཡིས། །མངོན་སུམ་ལྷང་ངེར་བལྟ་ཞིང་དེའི་གསུང་སྤྱོད། །རྒྱ་ཆེན་མཆོད་པའི་ཚོགས་ཆེན་བསགས་པར་ཤོག །བསྐལ་པ་མ་འོངས་གྲངས་འདས་ཐ་དག་ཏུ། །སྐྱོ་བའི་སེམས་མེད་རྣམ་པར་རྒྱལ་བ་འཛིན། །མི་ཕམ་མགོན་གྱུར་མཆོག་ཏུ་སྤྱོད་པར་ཤོག །སྲིད་པ་ཐམས་ཅད་སྲིད་པས་ཁྱབ་པ་ལྟར། །བོན་རྣམས་དེ་བཞིན་རྣམ་པར་རྒྱལ་བས་ཁྱབ། །སེམས་ཅན་ཤེས་བྱ་དེ་ཡང་དེ་འདྲར་ཤོག །བསོད་ནམས་ཡེ་ཤེས་མི་ཟད་རྒྱ་མཚོ་ལ། །ཐབས་དང་ཤེས་རབ་བསྟན་པའི་གྲུ་གཟིངས་ལམ། །ཡོན་ཏན་འབྲས་བུ་ཡིད་བཞིན་ནོར་རྙེད་ཤོག །སངས་རྒྱས་ཀུན་གྱི་གཙོ་བོ་དམ་པའི་མཆོག །རྣམ་པར་རྒྱལ་བའི་སྤྱོད་པ་སྤྱོད་བྱེད་ཅིང༌། །ཉེས་པའི་དགྲ་དཔུང་མ་ལུས་འཇོམས་པར་ཤོག །ཞིང་ཁམས་རྒྱ་མཚོ་མཐའ་ཡས་མ་ལུས་པར། །རྣམ་འཕྲུལ་རྒྱ་མཚོ་ཟད་མེད་ཡོངས་འགྱེད་ཅིང༌། །འཁོར་བའི་རྒྱ་མཚོ་ཡོངས་སུ་སྐེམ་པར་ཤོག །དུས་གསུམ་རྣམ་པར་རྒྱལ་བའི་གཟིངས་ཆེན་པོ། །སྙན་པའི་བ་དན་ནམ་མཁའི་མཐའ་མཉམ་ཞིང༌། །སྐུ་གསུམ་གཞལ་ཡས་ཁང་ལ་རབ་གནས་ཤིང༌། །འཇིག་རྟེན་ཁམས་ཀྱི་སྒྲོན་མེ་སངས་རྒྱས་རྣམས། །ཉི་མ་སྤྲིན་བྲལ་ལྷང་ངེར་གསལ་བ་ལྟར། །གདུལ་བྱ་ཀུན་ལ་དེ་སྙེད་རབ་འཆར་ཤོག །སྟོབས་ཆེན་ཕ་རོལ་གནོན་པའི་ཟིལ་དང་གཟི། །བརྗིད་ལྡན་རི་རྒྱལ་ལྷུན་པོའི་བསོད་ནམས་བརྟན། །བདུད་དཔུང་ལས་དང་ཉོན་མོངས་རབ་འཇོམས་ཤོག །གཡུང་དྲུང་བོན་འདི་རྒྱ་མཚོ་གཏིང་ཟབ་པས། །ངོམ་མེད་བློ་ཡི་དོན་ལ་མྱོང་བར་སྤྱོད། །འཆལ་བ་མེད་པར་བདག་ལ་རྫོགས་པར་ཤོག །སངས་རྒྱས་ཀུན་གྱི་ནང་ནས་ཐུ་བོ་བ། །བརྗོད་པའི་ཐར་པ་རྣམ་པར་རྒྱལ་བ་བཞིན། །མཁའ་མཉམ་དགེ་བ་འདི་དང་མཚུངས་སྤྱོད་ཤོག །མི་དགེ་ཉེས་པའི་བག་ཆགས་དང་བཅས་པ། །རྣམ་དག་ངང་དུ་རང་གྲོལ་ཞི་བར་གཤེགས། །ཡོན་ཏན་ཚད་མེད་རྒྱལ་བའི་རྒྱན་གྱུར་ཤོག །མཁའ་ལ་ཟད་པ་མེད་ཅིང་ཐུག་པའང་མེད། །དེ་བཞིན་སེམས་ཅན་ཁམས་ཀྱང་མཐའ་མེད་པར། །བདག་གི་སྨོན་ལམ་འདི་ཡང་དེ་འདྲར་ཤོག །ཕྱོགས་བཅུའི་ཞིང་ཁམས་རིན་ཆེན་ནོར་བུས་བཀང༌། །སངས་རྒྱས་མཆོད་དང་སེམས་ཅན་རེ་བ་བསྐང༌། །བདག་ཉིད་ཡེ་ཤེས་བསྐྱེད་པའི་དཔལ་དུ་ཤོག །ལུས་ངན་གྲོགས་ངན་གནས་ངན་གཏན་སྤངས་ནས། །དེ་གྱུར་བཟང་པོའི་ཡོན་ཏན་མཐའ་ཡས་པ། །སྐྱེ་འགྲོ་ཡོངས་ཀྱི་རྒྱུད་ལ་སྐྱེ་བར་ཤོག །བདུད་དང་སྲིན་པོ་མུ་སྟེགས་ལ་སོགས་པ། །ལྟ་བ་ལོག་པར་ལྟ་བ་ཐམས་ཅད་ཀྱང༌། །རྣམ་པར་རྒྱལ་བའི་ངང་དུ་གྲོལ་བར་ཤོག །གང་ཞིག་འཆི་བའི་ཚེ་ན་འགྱོད་མེད་པར། །བདེ་བ་ཅན་གྱི་ཞིང་ཁམས་རྣམ་དག་ཏུ། །རྣམ་པར་རྒྱལ་བའི་སྐུ་རུ་སངས་རྒྱས་ཤོག །འཁོར་བའི་རྒྱ་མཚོ་ཆེན་པོ་མ་སྟོངས་བར། །རྣམ་རྒྱལ་ཞིང་ཁམས་བཟང་ཞིང་ཉམས་དགའ་བར། །མི་ཕམ་རྒྱལ་པོ་ཡོངས་སུ་བཞུགས་པར་ཤོག །ཐུགས་ཉིད་ཡེ་ཤེས་རྒྱ་ཆེ་ཟད་མེད་པར། །དེ་བཞིན་ཐུགས་རྗེ་རྒྱུན་ཀྱང་དེ་འདྲ་བར། །འདྲེན་པའི་སྟོན་པ་རྒྱུན་ཏུ་བྱེད་པར་ཤོག །སྟོན་པས་བསྟན་པའི་བོན་རྣམས་ཇི་བཞིན་དུ། །གདུལ་བྱའི་བློ་ལ་དེ་ཉིད་རྣམ་པར་ཞེན། །རྟག་ཏུ་དབྱེར་མེད་དོན་ལ་རབ་སྤྱོད་ཤོག །འགྲོ་བའི་ལུས་ནི་ཇི་ཙམ་གྲངས་མང་ཡང༌། །དེ་ཡི་མདུན་དུ་འདུལ་བའི་སངས་རྒྱས་སྐུ། །སྤྲུལ་པ་མང་པོ་ཡོངས་སུ་འགྱེད་ནུས་ཤོག །དེ་དག་དེ་བཞིན་ཉིད་ཀྱི་མཐུ་དང་དཔལ། །སྨོན་ལམ་འདི་ནི་ཡང་དག་མཆོག་ཆེན་པོ། །ཇི་ལྟར་བཏབ་བཞིན་འགྲོ་བའི་དཔལ་གྱུར་ཤོག །གང་ཞིག་རྣམ་པར་འཚེ་མེད་འཇིགས་བྲལ་རྗེ། །དེ་གྱུར་དེ་ནི་རྣམ་པར་རྒྱལ་བ་བཞིན། །ནམ་ཞིག་བདག་ནི་འབྲས་བུ་དེ་ཐོབ་ཤོག ྋ །སྐལ་བཟང་དབུས་ནས་བསྟན་པའི་གཙོ་བོ་ཆེ། །མཛད་པའི་ནང་ནས་འཕྲིན་ལས་དམ་པ་ཕུལ། །རྗེས་བཞག་མཐའ་རུ་ཕྱིན་པའི་བཀྲ་ཤིས་ཤོག །བོན་གྱི་སྙིང་པོ་ཉེ་ལམ་གཟུངས་ཀྱི་དོན། །བཀའ་ཡི་ཉིང་ཁུ་སངས་རྒྱས་དགོངས་པའི་མཆོག །བསྟན་པའི་སྙིང་པོ་དར་རྒྱས་རབ་སྤྱོད་ཤོག །ལྷ་ཡི་གཙོ་བོ་རྣམ་རྒྱལ་ལྷ་བཅུ་ལ། །འཁོར་གྱི་དམ་པ་དཔལ་མགོན་བརྒྱ་རྩ་བརྒྱད། །ཡོངས་སུ་རྫོགས་པའི་འཁོར་ལོ་རབ་བསྐོར་ཤོག ྋ །བདག་གཞན་དགེ་བའི་རྩ་བ་འདིས། །ལས་དང་བག་ཆགས་ཀུན་བྱང་ནས། །རིགས་དྲུག་འཁོར་བའི་རྒྱུན་ཆད་དེ། །ཐར་པའི་བདེ་གནས་ཐོབ་པར་ཤོག །ལས་རྐྱེན་ས་བོན་མ་ཟད་པར། །གལ་ཏེ་འཁོར་བར་སྐྱེ་སྲིད་ན། །སྐྱེ་གནས་ངན་པའི་སྒོ་ཆོད་ཅིང༌། །དལ་འབྱོར་མི་ལུས་ཐོབ་པར་ཤོག །ཆུང་ནས་དད་པའི་སེམས་བསྐྱེད་ཅིང༌། །རྒྱུན་དུ་དགེ་བའི་ལས་ལ་བརྩོན། །མཐུན་རྐྱེན་ཕུན་སུམ་ཚོགས་པ་ཡི། །བར་ཆད་རྐྱེན་རྣམས་ཞི་བར་ཤོག །བླ་མ་དམ་པ་རྣམས་བསྟེན་ཞིང༌། །ཉན་ཐོས་བསམ་པའི་རྒྱུད་སྦྱངས་ནས། །སྡེ་སྣོད་རྣམས་ལ་མ་རྨོངས་པར། །བླ་མའི་ཐུགས་རྗེས་ཟིན་པར་ཤོག །ལུས་ངག་ཡིད་གསུམ་བསླབ་བྱ་ལ། །དོན་དང་ལྡན་པར་རབ་གནས་ཤིང༌། །ཉེས་པའི་དྲི་མས་མ་གོས་པར། །རང་རྒྱུད་ཡོངས་སུ་དག་པར་ཤོག །ཟང་ཟིང་འབྱོར་བ་ཅི་མཆིས་པར། །ཆུད་མི་ཟོས་དང་ལུས་གསོ་དང༌། །ཞིང་དག་བསམ་པ་དག་པ་ཡིས། །མི་ཆགས་ཡོངས་སུ་གཏོང་བར་ཤོག །འགྲོ་བའི་དོན་ལ་བློ་གཏད་ཅིང༌། །དེ་ཉིད་མངོན་དུ་གྱུར་པ་ཡི། །འཁོར་བའི་འཇིགས་པ་ཐམས་ཅད་ལ། །ཡི་དམ་ལྷ་ཡིས་སྐྱོབ་པར་ཤོག །ཚིག་བོར་དོན་ལ་འཇུག་བྱེད་ཅིང༌། །རང་སེམས་ལས་སུ་རུང་བ་ཡི། །སྐྱེ་མེད་རྟོགས་པའི་ཤེས་རབ་ཀྱིས། །རང་རིག་ཡེ་ཤེས་འཆར་བར་ཤོག །བྱང་ཆུབ་སེམས་དང་མི་འབྲལ་བར། །རང་བས་གཞན་དོན་གཙོར་བྱེད་ཅིང༌། །གཡུང་དྲུང་སེམས་དཔའི་སྤྱོད་པ་བཞིན། །འགྲོ་བའི་དོན་ལ་བརྩོན་པར་ཤོག །འདོད་པས་གདུང་བའི་སེམས་ཅན་རྣམས། །ཅི་འདོད་རེ་བ་བསྐང་དོན་དུ། །བདག་གི་ལུས་དང་ལོངས་སྤྱོད་དང༌། །སྲོག་ལའང་མི་ཆགས་ཕན་ཐོགས་ཤོག །སེམས་ཅན་མི་སྲུན་གང་ཞིག་གིས། །བདག་ལ་ཇི་སྲིད་གནོད་བྱས་ཀྱང༌། །བསམ་ངན་སྦྱོར་བ་མ་ཡིན་པར། །སླར་ཡང་དེ་ལ་ཕན་ཐོགས་ཤོག །སེམས་ཅན་རྣམས་ཀྱི་དོན་ཆེད་དུ། །ཕ་རོལ་ཕྱིན་དང་ཚད་མེད་སོགས། །བདེ་བར་གཤེགས་པའི་བསྟན་པ་བཞིན། །བདག་གིས་རྒྱུན་དུ་སྤྱོད་པར་ཤོག །སྡུག་བསྔལ་གྱུར་བའི་སེམས་ཅན་རྣམས། །བདེ་བར་འདྲོངས་པའི་ནུས་ལྡན་ཏེ། །བདག་གི་མིང་ཙམ་ཐོས་ནས་ཀྱང༌། །མོས་ཤིང་ཡོངས་སུ་འདུད་པར་ཤོག །འཁོར་བ་ཇི་སྲིད་གནས་ཀྱི་བར། །དེ་སྲིད་སྙིང་རྗེའི་རྒྱུན་བསྲིང་ནས། །བྱམས་པའི་ཕན་གདག་རིམ་པ་ཡིས། །སྐྱོ་ངལ་མེད་པར་དོན་བྱེད་ཤོག །ནམ་མཁས་ཁྱབ་པའི་སེམས་ཅན་རྣམས། །བདག་གི་གདུལ་བྱར་ཀུན་གྱུར་ཏེ། །འཁོར་བའི་ཆུ་བོ་ལས་བསྒྲལ་ནས། །མྱང་འདས་ས་ལ་འཁོད་པར་ཤོག །རིགས་དྲུག་སེམས་ཅན་ཐམས་ཅད་ཀྱང༌། །རང་རང་སྡུག་བསྔལ་ཀུན་ཞི་ནས། །བདེ་བ་ཕུན་སུམ་ཚོགས་ལྡན་ཏེ། །དེ་དག་རྒྱུན་མི་འཆད་པར་ཤོག །སྡུག་བསྔལ་སྡུག་བསྔལ་ལས་གྱུར་པའི། །ངན་སོང་གསུམ་པོའི་ལས་ཟད་ནས། །གང་ཞིག་གང་གི་བདེ་བ་ཡིས། །ཐར་པའི་ཁ་ལོ་བསྒྱུར་བར་ཤོག །སེམས་ཅན་རྣམས་ཀྱི་སྐལ་པ་བཞིན། །དེ་དག་འདྲེན་ཞིང་སྤྲུལ་པ་ཡིས། །གང་ལ་ཅི་འདུལ་སྒྲ་ཐོས་ཤིང༌། །སྤྱོད་ཅིང་རྟོགས་པའི་སྐལ་ལྡན་ཤོག །བདག་ནི་རང་གཞན་དོན་གྲུབ་ཅིང༌། །སྒྲིབ་གཉིས་བྱང་ཞིང་ཚོགས་གཉིས་རྫོགས། །ཡེ་ཤེས་ལྔ་དང་ལྡན་པ་ཡི། །འབྲས་བུ་སྐུ་གསུམ་འཐོབ་པར་ཤོག །འབྲས་བུ་སྐུ་གསུམ་ཐོབ་ནས་ཀྱང༌། །ཐབས་མཁས་བདེར་གཤེགས་སྤྲུལ་པ་ཡིས། །འགྲོ་དྲུག་བདེ་བར་འདྲེན་པ་ལ། །ཐུགས་རྗེ་བྱིན་རླབས་རྒྱུན་མི་འཆད་པར་ཤོག ྋ །སྟོན་པ་ཀུན་ཏུ་བཟང་པོ་འདས་པ་མི་མངའ་བར། །ཐུགས་རྗེ་ཀུན་གྱི་མགོན་ལ་ཕྱག་འཚལ་ལོ། །དུས་འདི་ནས་བཟུང་སྟེ་ཉོན་མོངས་པ་ཡི་སེམས་ཅན་རྣམས། །ས་གནས་ཁྱད་པར་ཅན་དུ་བགྲོད་པར་བྱ་བའི་ཕྱིར། །སེམས་བསྐྱེད་རྣམ་པར་དག་པའི་སྨོན་ལམ་འདི་གདབ་པའི། །འཕྲུལ་བོན་གསང་བ་ངང་རིང་ཐུགས་རྗེ་ཡིས། །འཁོར་བའི་གནས་ངན་ཀུན་སྤངས་ནས། །དག་པའི་ས་ལམ་བགྲོད་པའི་ཕྱིར། །ས་དང་པོ་རབ་ཏུ་དགའ་བའི་ས། །རབ་ཏུ་དགའ་བའི་ས་ལ་ནི། །སེར་སྣའི་སྒྲིབ་པ་དག་བྱང་ནས། །སྦྱིན་པ་ཚོགས་ཆེན་རབ་རྫོགས་ཏེ། །སྦྱིན་པ་བྱམས་མའི་ཞལ་མཐོང་ཤོག །གཉིས་པ་དྲི་མེད་ཤེལ་གྱི་ས། །དྲི་མེད་ཤེལ་གྱི་ས་ལ་ནི། །འཆལ་བའི་སྒྲིབ་པ་དག་བྱང་ནས། །ཚུལ་ཁྲིམས་ཚོགས་ཆེན་རབ་རྫོགས་ཏེ། །ཚུལ་ཁྲིམས་བྱམས་མའི་ཞལ་མཐོང་ཤོག །གསུམ་པ་འོད་ཟེར་འཕྲོ་བའི་ས། །འོད་ཟེར་འཕྲོ་བའི་ས་ལ་ནི། །བྱུང་ཚོར་སྒྲིབ་པ་དག་བྱང་ནས། །བཟོད་པ་ཚོགས་ཆེན་རབ་རྫོགས་ཏེ། །བཟོད་པ་བྱམས་མའི་ཞལ་མཐོང་ཤོག །བཞི་པ་ཕྱག་རྒྱ་བསྒྱུར་བའི་ས། །ཕྱག་རྒྱ་བསྒྱུར་བའྀ་ས་ལ་ནི། །ལེ་ལོའི་སྒྲིབ་པ་དག་བྱང་ནས། །བརྩོན་འགྲུསཚོགས་ཆེན་རབ་རྫོགས་ཏེ། །བརྩོན་འགྲུས་བྱམས་མའི་ཞལ་མཐོང་ཤོག །ལྔ་པ་བོན་ཉིད་སྤྲིན་ཚོགས་ས། །བོན་ཉིད་སྤྲིན་ཚོགས་ས་ལ་ནི། །གཡོ་རྩོལ་སྒྲིབ་པ་དག་བྱང་ནས། །བསམ་གཏན་ཚོགས་ཆེན་རབ་རྫོགས་ཏེ། །བསམ་གཏན་བྱམས་མའི་ཞལ་མཐོང་ཤོག །དྲུག་པ་བདེ་ལྡན་རྟོགས་པའི་ས། །བདེ་ལྡན་རྟོགས་པའི་ས་ལ་ནི། །མ་ནུས་སྦུང་ཆུང་སྒྲིབ་པ་དག་བྱང་ནས། །སྟོབས་ཀྱི་ཚོགས་ཆེན་རབ་རྫོགས་ཏེ། །སྟོབས་ཀྱི་བྱམས་མའི་ཞལ་མཐོང་ཤོག །བདུན་པ་ཡིད་བཞིན་འགྲུབ་པའི་ས། །ཡིད་བཞིན་འགྲུབ་པའི་ས་ལ་ནི། །གདུག་སེམས་སྒྲིབ་པ་དག་བྱང་ནས། །སྙིང་རྗེའི་ཚོགས་ཆེན་རབ་རྫོགས་ཏེ། །སྙིང་རྗེ་བྱམས་མའི་ཞལ་མཐོང་ཤོག །བརྒྱད་པ་མ་ཆགས་དག་པའི་ས། །མ་ཆགས་དག་པའི་ས་ལ་ནི། །རེ་དྭོགས་སྒྲིབ་པ་དག་བྱང་ནས། །སྨོན་ལམ་ཚོགས་ཆེན་རབ་རྫོགས་ཏེ། །སྨོན་ལམ་བྱམས་མའི་ཞལ་མཐོང་ཤོག །དགུ་པ་ཡི་གེ་འཁོར་ལོའི་ས། །ཡི་གེ་འཁོར་ལོའི་ས་ལ་ནི། །ཕྱིན་ཅི་ལོག་གི་སྒྲིབ་པ་དག་བྱང་ནས། །ཐབས་ཀྱི་ཚོགས་ཆེན་རབ་རྫོགས་ཏེ། །ཐབས་ཀྱི་བྱམས་མའི་ཞལ་མཐོང་ཤོག །བཅུ་པ་མི་འགྱུར་གཡུང་དྲུང་ས། །མི་འགྱུར་གཡུང་དྲུང་ས་ལ་ནི། །འཁྲུལ་རྨོངས་སྒྲིབ་པ་དག་བྱང་ནས། །ཤེས་རབ་ཚོགས་ཆེན་རབ་རྫོགས་ཏེ། །ཤེས་རབ་བྱམས་མའི་ཞལ་མཐོང་ཤོག །ས་ཏྲིག་ཨེར་སངས་ཞལ་མཐོང་ཤོག །ས་ཏྲིག་ཨེར་སངས་ཞལ་མཐོང་ནས། །བདག་དོན་ལྷུན་གྱིས་འགྲུབ་པར་ཤོག །བདག་དོན་ལྷུན་གྱིས་གྲུབ་ནས་ཀྱང༌། །གཞན་དོན་མཐའ་རུ་ཕྱིན་པར་ཤོག །གཞན་དོན་མཐའ་རུ་ཕྱིན་ནས་ཀྱང༌། །སེམས་ཅན་དོན་ཀུན་སྨིན་པར་ཤོག །སེམས་ཅན་དོན་ཀུན་སྨིན་ནས་ཀྱང༌། །ཀུན་ཏུ་འོད་ཀྱི་ས་ནོན་ཤོག །ཀུན་ཏུ་འོད་ཀྱི་ས་ནོན་ནས། །བདེ་ཆེན་བོན་གྱི་ས་ལ་ཡང༌། །ཅིར་ཡང་བརྗོད་དུ་མེད་པ་ལ། །མི་གཡོ་མཉམ་གསལ་སྐུ་གསུམ་རྫོགས་པར་ཤོག །མི་གཡོ་མཉམ་གསལ་སྐུ་གསུམ་རྫོགས་ནས་ཀྱང༌། །པདྨོ་དག་ལ་རྫུས་ཏེ་སྐྱེ་བར་ཤོག །པདྨོ་དག་ལ་རྫུས་ཏེ་སྐྱེས་ནས་ཀྱང༌། །སེམས་ཅན་དོན་ཀུན་མཐའ་རུ་ཕྱིན་པར་ཤོག། །།

འཁོར་བའི་སེམས་ཅན་ཐམས་ཅད་ཐུགས་རྗེས་ཐར་པར་འདྲེན་པའི་དཔལ། གཤེན་རབ་སྟོན་པའི་མཆོག་ལ་ཕྱག་འཚལ་ལོ། །ཨ་དཀར་ཨ་རྨད་དུ་ཏྲི་སུ་ནག་པོ་ཞི་ཞི་མལ་མལ། བར་ཆད་དང་རྐྱེན་བཟློག་གི་དོན་དུ། སྭཧཱ། འཛབ་བསྟོད་ནི། ཨ་དཀར་སེམས་ཉིད་རྣམ་པར་དག །ཨ་རྨད་ཡེ་ཤེས་འོད་དུ་གསལ། །དུ་ཏྲི་སུ་ཡིས་ངན་སོང་སྦྱོང༌། །ནག་པོ་ལས་ཀྱི་སྡིག་སྒྲིབ་དག །ཞི་ཞི་འཁོར་བའི་སྡུག་བསྔལ་ཞི། །མལ་མལ་བདེ་བའི་སེམས་དང་ལྡན། །སྭཧཱ་ལོག་རྟོག་རུ་ཏྲ་འཇོམས། །སྡུག་བསྔལ་ཞི་བྱེད་སྙིང་པོ་འདིས། །འཁོར་བའི་ངན་སོང་དོང་སྤྲུགས་ནས། །འགྲོ་རྣམས་བོན་ཉིད་དབྱིངས་སུ་སངས་རྒྱས་ཤོག། །།

བདུད་ཟློག ན་མོ་ཕྱོགས་བཅུའི་དུས་གསུམ་སངས་རྒྱས་རྣམས་ཀྱི་བཀའ་བདེན་པ་དང༌། བཀའ་མདོ་རྒྱུད་ལུང་མན་ངག་རྣམས་ཀྱི་བཀའ་བདེན་པ་དང༌། གཤེན་རབ་གཡུང་དྲུང་སེམས་དཔའ་རྣམས་ཀྱི་བཀའ་བདེན་པ་དང༌། རྒྱུད་གསུམ་འཛིན་པའི་བླ་མ་རྣམས་ཀྱི་བཀའ་བདེན་པ་དང༌། བདེན་པ་དེ་དག་གི་མཐུ་དང་ནུས་པ་ལ་བརྟེན་ནས། བདག་ཅག་སྒྲུབ་གཤེན་ཡོན་མཆོད་མི་ནོར་འཁོར་དང་བཅས་པ་རྣམས་ལ་ཡས་ཀྱི་བདུད་གཡོས་པ་བཟློག་ཅིག མས་ཀྱི་སྲི་ལང་བ་བཟློག་ཅིག བྱེའོ་བཙན་འདྲོལ་བ་བཟློག་ཅིག མཐོན་པོའི་དམུ་བརྩོད་པ་བཟློག་ཅིག རྒྱལ་པོའི་སྨྱོ་འབོག་གཏོང་བ་བཟློག་ཅིག གཤིན་རྗེའི་འཁོར་ལོ་བསྐོར་བ་བཟློག་ཅིག ས་བདག་ཀླུ་གཉན་གྱི་གཏད་དུ་བཅུག་པ་བཟློག་ཅིག སྲིན་པོའི་ཙ་ཀྲ་བསྐོར་བ་བཟློག་ཅིག བན་བོན་གྱི་བྱད་ཁ་གཏོང་བ་བཟློག་ཅིག ཕྲ་མེན་གྱི་ངན་སྔགས་བསྐོར་བ་བཟློག་ཅིག བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་བཟློག་ཅིག གློ་བུར་ཡེ་འབྲོག་སུམ་བརྒྱ་དྲུག་ཅུ་བཟློག་ཅིག ནད་རིགས་བཞི་བརྒྱ་རྩ་བཞི་བཟློག་ཅིག གདོན་རིགས་སྟོང་ཕྲག་བརྒྱད་ཅུ་བཟློག་ཅིག ལྟས་ངན་བརྒྱད་ཅུ་རྩ་གཅིག་བཟློག་ཅིག ཕོ་བརྒྱའི་མདའ་བདར་བ་བཟློག་ཅིག མོ་བརྒྱའི་དུག་གཡོས་པ་བཟློབ་ཅིག ཀིང་ཀང་དང་བཞི་གཤེད་བཟློག་ཅིག ལོ་ངན་དང་ཟླ་ཟུར་བཟློག་ཅིག ལྟས་ངན་དང་དགྲ་ཐན་བཟློག་ཅིག མོ་ངན་དང་རྨི་ངན་བཟློག་ཅིག བོན་ཟོར་དང་ཆོས་ཟོར་བཟློག་ཅིག ཕུར་བུའི་དབལ་སོ་བཟློག་ཅིག དྲང་སྲོང་གིས་དམོད་པ་གཏོང་བ་བཟློག་ཅིག མུ་སྟེགས་ཀྱི་ངན་སྔགས་བཟློག་ཅིག བདུད་ཀྱི་ཆོ་འཕྲུལ་ངན་པ་བཟློག་ཅིག མི་མཐུན་པའི་འགལ་རྐྱེན་བར་ཆད་ཐམས་ཅད་གཉིས་མེད་མཉམ་པ་ཆེན་པོའི་དབྱིངས་སུ་ཞི་བར་གྱུར་ཅིག། །།

རྒྱ་ཀོང་ཙེ་འཕྲུལ་རྒྱལ་གྱིས་ལྷ་སྲིན་ཕམ་རྒྱལ་རྩོད་དུས་གསུངས་པ་ནི།
ཞི་བར་གྱུར་ཅིག་བདུད་ཀྱི་སྡེ། །སྟོང་པར་གྱུར་ཅིག་ངན་སོང་གསུམ། །དར་ཞིང་རྒྱས་གྱུར་གཡུང་དྲུང་བོན། །དེ་བཞིན་ཡོངས་ཁྱབ་སེམས་ཅན་རྣམས། །བྱང་བར་གྱུར་ཅིག་སྡིག་དང་སྒྲིབ། །འཕེལ་བར་གྱུར་ཅིག་དགེ་བའི་ཚོགས། །བཀྲ་ཤིས་ཐོབ་ཅིག་ཡོན་གྱི་བདག །ཐོས་པར་གྱུར་ཅིག་སྟོན་པའི་བཀའ། །བཙན་པར་གྱུར་ཅིག་སྨོན་ལམ་མཐའ། །ཕྱོགས་བཅུའི་དུས་གསུམ་བདེ་བར་གཤེགས། །བདག་དང་མཐའ་ཡས་སེམས་ཅན་རྣམས། །གཉིས་མེད་ངང་ལ་མཉམ་གྱུར་ཅིག །སྟོན་པའི་ཐུགས་རྗེ་ཆེ་བར་ཤོག ལྷ་ཡི་སྨོན་ལམ་བཙན་པར་ཤོག །བོན་གྱི་བསྟན་པ་དར་བར་ཤོག །སེམས་ཅན་བདེ་སྐྱིད་འཛོམས་པར་ཤོག །མུ་དགེ་སྡིག་ཚོགས་ནུབ་པར་ཤོག །སྲིན་གྱི་དམོད་པ་རྒུད་པར་ཤོག །འཁོར་བ་སེམས་ཅན་ཐམས་ཅད་ཀྱང༌། །སྡུག་བསྔལ་མྱ་ངན་རྒྱུན་ཆད་ནས། །བཀྲ་ཤིས་དམ་པ་ཐོབ་པར་ཤོག ། ཅེས་མདོ་གཟེར་མིག་ལས་བྱུང་བའོ། ། བདེར་གཤེགས་སྤྱན་དྲངས་ཕྱག་འཚལ་མཆོད་པ་ཕུལ་བ་དང༌། །བཤགས་དང་སྡོམ་དང་གསོལ་བ་བཏབ་པ་དང༌། །སྨོན་ལམ་བཏབ་པའི་དགེ་བ་ཅི་བསགས་པ། །འགྲོ་བ་རྣམས་དང་ཐུན་མོང་སྤྱིར་བྱས་ཏེ། །ཀུན་ཀྱང་བླ་མེད་འབྲས་བུ་འཐོབ་བྱའི་ཕྱིར། །བདག་གཞན་དོན་དུ་བྱང་ཆུབ་ས་ལ་བསྔོ། །སྔ་རབས་འདས་པའི་གཤེན་རབ་ཐམས་ཅད་ཀྱིས། །དམིགས་པ་མེད་པར་བསྔོས་པ་ཇི་བཞིན་དུ། །བདག་གཞན་དགེ་རྩ་བསོད་ནམས་ཅི་བསགས་པ། །བདག་ཀྱང་དེ་བཞིན་དུ་དམིགས་པ་མེད་པར་ཡོངས་སུ་བསྔོ་བར་བགྱིའོ།

ྋ །རྗེ་རྒྱལ་བ་འདུས་པའི་ངོ་བོ་ཉིད། །བླ་མ་རྣམས་ཀྱི་བྱིན་རླབས་ཀྱིས། །འཇིག་རྟེན་གྱི་སྣང་བ་ལ་མི་ཆགས་པར། །ཆགས་མེད་ཀྱི་རང་གྲོལ་ལ་སྤྱོད་པར་ཤོག །སྒྱུ་ལུས་ལ་ཞེན་པ་མི་ཆགས་པར། །སྒྱུ་མ་ཡི་མཚན་ཉིད་འཛིན་པར་ཤོག །འདོད་ཡོན་ལ་ཞེན་པ་མི་ཆགས་པར། །ཆོག་ཤེས་ཀྱི་གཏེར་ལ་སྤྱོད་པར་ཤོག །བར་ཆད་ཀྱི་རྐྱེན་ཁར་མི་འཆོར་བར། །རང་སེམས་ལ་ངེས་ཤེས་འཁྲུངས་པར་ཤོག །ཐ་སྙད་ཀྱི་ཚིག་ཕྱིར་མི་འབྲང་བར། །དོན་ཟབ་ཀྱི་རོ་མཆོག་མྱོང་བར་ཤོག །ཀུན་རྫོབ་ཀྱི་སྣང་བ་ལ་མི་འགག་པར། །དོན་དམ་གྱི་ཞེན་ཡུལ་གྲོལ་བར་ཤོག །ཐབས་ཀྱི་ལམ་མཆོག་རྙེད་པ་དང༌། །ཤེས་རབ་ཀྱི་ས་གནས་བགྲོད་པར་ཤོག །སྟོང་གསལ་དུ་སྣང་བ་ལྷན་ཅིག་ཏུ། །སྣང་སྟོང་དུ་རང་ངོ་འཕྲད་པར་ཤོག །རྣམ་སྨིན་གྱི་ལུས་རྒྱ་ཞིག་པའི་དུས། །འོད་གསལ་དུ་མ་བུ་འཕྲད་པར་ཤོག །མཁྱེན་པའི་ཉི་མ་ཤར་བ་དང༌། །བརྩེ་བའི་འགྲོ་ལ་ཕན་པར་ཤོག །སྒོ་གསུམ་གྱི་རྣམ་སྨིན་ཀུན་བྱང་ནས། །སྐུ་གསུམ་གྱི་འབྲས་བུ་སྨིན་པར་ཤོག །བསམ་སྦྱོར་དག་པའི་སྨོན་ལམ་འདི། །སྨོན་པ་བཞིན་དུ་འགྲུབ་པར་ཤོག ྋ །སྨོན་ལམ་འདི་བཏབ་དགེ་བའི་མཐུ་དཔལ་གྱིས། །ནད་མུག་མཚོན་གྱི་བསྐལ་པ་ཞི་བ་དང༌། །དཔལ་འབྱོར་བསོད་ནམས་ཕུན་སུམ་ཚོགས་པ་ཡིས། །སངས་རྒྱས་བསྟན་པ་དར་ཞིང་རྒྱས་པར་ཤོག །སངས་རྒྱས་བསྟན་པ་རབ་དར་ནས། །སེམས་ཅན་དཔལ་འབྱོར་ཕུན་སུམ་ཚོགས། །ཡིད་བཞིན་ནོར་བུའི་རྒྱ་མཚོ་ལྟར། །དུས་ནམ་རྟག་ཏུ་བཀྲ་ཤིས་ཤོག ། ཅེས་བདབ་བོ། །

གཤེན་རབ་རྣམ་པར་རྒྱལ་བ་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེའི་སྐུ་ལ་ཕྱག་འཚལ་ལོ། །

བསྭོ་མུ་ཡེ་སྤྲོས་ཁྱུང་ཡེ་ལམ་ཀྲི་ཁྲི་ཏར་དར་གསལ་འབར་འོད་དཔག་རམ་སྭཱཧཱ། བསྭོ་དམུ་ར་ཏ་ཧན་ཝེར་ནི་བྲུཾ་ཧྲུན། མུ་ཏྲེ་མུ་ཏྲེ་མུ་ར་མུ་ཏྲེ། མུ་ཡེ་མུ་ཡེ་ཧ་ར་མུ་ཡེ། མུ་སྤྲོས་མུ་སྤྲོས་ཝེར་རོ་མུ་སྤྲོས། མུ་ནི་གྱེར་ཏོ་ཡེ་ཁྱབ་ཁར་རོ། སྤྲོས་བདལ་ཧྲི་ཧྲོ། ཝེར་ནི་ཝེར་རོ། ཤུད་ལ་ཝེར་རོ་ན་ཧུ་ཏ་ཀ ཤུད་དྷོ་ཤུད་དྷོ་དུ་ཤུད་དྷོ་ཡ། ས་ལེ་ས་ལེ་ཏྲི་ས་ལེ་ཡ། སང་ངེ་སང་ངེ་སུ་སང་ངེ་ཡ། དམུ་ར་ཏ་ཧན་ཁྲི་ཙེ་དྲུང་མུ། ཧ་ཧ་བྲུཾ་བྲུཾ། ཧོ་ཧོ་ལམ་ལམ། ཧཱུྃ་ཧཱུྃ་ཕཊཿཕཊཿ  སྒོ་གསུམ་དག་པའི་དགེ་བ་གང་བགྱིས་པ། ཁམས་གསུམ་སེམས་ཅན་རྣམས་ཀྱི་དོན་དུ་བསྔོ། །དུས་གསུམ་བསགས་པའི་ལས་སྒྲིབ་ཀུན་བྱང་ནས། །སྐུ་གསུམ་རྫོགས་པའི་སངས་རྒྱས་མྱུར་ཐོབ་ཤོག། །།

ཐུགས་མཁོ་ཡོད་མཁན་རྣམས་ཀྱིས་གང་འདོད་དུ་འཁྱེར་ཆོག

གཡུང་དྲུང་བོན་དྲ་ཚིགས་ལས་ཁུངས་ནས་གཏགས་བསྒྲིགས་ཞུས།

གཡུང་དྲུང་བོན་གྱི་སྒྲུབ་གནས་ཁག་གི་ངོ་སྤྲོད་དམར་མོའི་མཛུབ་ཁྲིད།
གཡུང་དྲུང་བོན་གྱི་སྒྲུབ་གནས་ཁག་གི་ངོ་སྤྲོད་དམར་མོའི་མཛུབ་ཁྲིད།
ཞང་ཞུང་སྙན་རྒྱུད་བཀའ་རྒྱུད་སྐོར་བཞིའི་གླེང་བརྗོད།
ཞང་ཞུང་སྙན་རྒྱུད་བཀའ་རྒྱུད་སྐོར་བཞིའི་གླེང་བརྗོད།
བརྡ་སྤྲོད་སྲིད་པའི་སྒྲོན་མེའི་རྩ་ཚིག
བརྡ་སྤྲོད་སྲིད་པའི་སྒྲོན་མེའི་རྩ་ཚིག
མེ་སྟོན་ཉི་མ་རྒྱལ་མཚན་མཆོག་གི་གསུང་འབུམ།
མེ་སྟོན་ཉི་མ་རྒྱལ་མཚན་མཆོག་གི་གསུང་འབུམ།
བོན་ཆོས་དཔྱད་བསྡུར།
བོན་ཆོས་དཔྱད་བསྡུར།
ལེགས་བཤད་རིན་པོ་ཆེའི་གཏེར་མཛོད།
ལེགས་བཤད་རིན་པོ་ཆེའི་གཏེར་མཛོད།
 རྗེ་མཉམ་མེད་ཤེས་རབ་རྒྱལ་མཚན་གྱི་གསུང་འབུམ་ཆ་ཚང་གི་གློག་རྡུལ་འཕྲུལ་དེབ།
 རྗེ་མཉམ་མེད་ཤེས་རབ་རྒྱལ་མཚན་གྱི་གསུང་འབུམ་ཆ་ཚང་གི་གློག་རྡུལ་འཕྲུལ་དེབ།
རྒྱུན་ཁྱེར་བོན་སྤྱོད་ཕྱོགས་བསྡུས་དད་ལྡན་ཐར་ལམ་འཛེགས་པའི་ཐེམ་སྐས་ཞེས་བྱ་བ་བཞུགས་སོ།
རྒྱུན་ཁྱེར་བོན་སྤྱོད་ཕྱོགས་བསྡུས་དད་ལྡན་ཐར་ལམ་འཛེགས་པའི་ཐེམ་སྐས་ཞེས་བྱ་བ་བཞུགས་སོ།
སྨན་རིའི་སྟེགས་འཇོག་ལོ་ཐོ།
སྨན་རིའི་སྟེགས་འཇོག་ལོ་ཐོ།
previous arrow
next arrow