གཡུང་དྲུང་བོན་གྱི་སྐོར་བགྲོ་གླེང་སྐབས་བཅུ་གསུམ་པ་སྨན་རིའི་གཡུང་དྲུང་བོན་གྱི་དཔེ་མཛོད་ཁང་དུ་འཚོགས་པ།
དེ་ཡང་ཐོག་མར་༧སྐྱབས་རྗེ་༧རྒྱལ་བ་སྨན་རི་བའི་དགོངས་བཞེད་ལྟར་ཕྱི་ལོ་༢༠༠༠ ལོ་ནས་ཕྱོགས་མཐའི་སློབ་གྲྭ་ཁག་གི་དབྱར་ཁའི་གུང་གསེང་དང་སྟབས་བསྟུན། ལོ་རེར་བཞིན་གཡུང་དྲུང་བོན་གྱི་ཆོས་དང་རིག་གཞུང་གི་སྐོར་ལ་བགྲོ་གླེང་ཐེངས་རེ་འཚོགས་དབུ་བཙུགས་གནང་ཡོད་པ་བཞིན། འདི་ལོའི་“གཡུང་དྲུང་བོན་གྱི་སྐོར་”བགྲོ་གླེང་ཐེངས་༡༣པ་ཕྱི་ལོ་༢༠༡༤་ཟླ་༦ ཚེས་༣ཉིན་ཧི་མ་ཅལ་མངའ་ཁོངས་བོན་གཞིས་ཐོབ་རྒྱལ་གསར་བའི་༧གཡུང་དྲུང་བོན་གྱི་ གདན་ས་ཆེན་མོ་༧དཔལ་གཤེན་བསྟན་སྨན་རིའི་གླིང་གི་དཔེ་མཛོད་ཁང་དུ་སྔོན་འགྲོའི་མཛད་སྒོ་དབུ་འཛུགས་གནང་ཡོད་པ་རེད།