གཡུང་དྲུང་བོན་གྱི་དྲྭ་རྒྱ།

སྨན་རིའི་དཀར་ཆག་པདྨ་བཞད་པའི་ཚལ་ཆེན་གྱི་དབུས་ཕྱོགས་བཞུགས་པར་ལེགས་སོ།

༄༅།།  །།ཨཱོྃ་སྭཏི། ཨེ་མ་ཧོ། མ་གཡོས་བདེ་ཆེན་རྒྱལ་པོ་ཀུན་ཏུ་བཟང། མ་སྐྱེས་རང་འབྱུང་ལོངས་སྤྱོད་རྫོགས་པའི་སྐུ། མ་འགག་རྩལ་ཆེན་སྤྲུལ་སྐུ་འཕྲིན་ལས་ཅན། མ་བཅོས་ལྷུན་གྲུབ་སྐུ་གསུམ་སངས་རྒྱས་བསྟོད། ངོ་མཚར་གྲངས་མེད་རྒྱན་པའི་སྨན་རི་ཡི། དཀར་ཆགས་པད་ཚལ་བཞད་པའི་ལྟད་མོ་འདི། གུས་ལྡན་བསོད་ཅན་རྣམས་ཀྱི་གཟིགས་པའི་ཚེ། མདངས་ལྡན་དབྱར་རྔ་ཐོས་པས་དགའ་སྤྲོ་ཆེ། ཡུལ་ཆེན་བཅོ་བརྒྱད་ཡུལ་གྱི་སྙིང་པོ་ཡི། མཆོག་ཐུན་གྲུབ་གནས་དཔལ་ལྡན་སྨན་རི་འདི། འཛམ་གླིང་ཉེར་ལྔ་ཡུལ་གྱི་གཙོ་བོ་དང། གངས་ཆེན་བོད་ཀྱི་ལྟེ་བ་ཡིན་པའི་ཕྱིར། མདུན་དུ་ཡུལ་ཆེན་བྱ་བའི་གྲོང་ཞིག་ཡོད།

མདོ་སྔགས་ཟུང་འབྲེལ་ཐེག་ཆེན་གཡུང་དྲུང་བོན།

མདོ་སྔགས་ཟུང་འབྲེལ་ཐེག་ཆེན་གཡུང་དྲུང་བོན་ཞེས་པའི་མཚོན་དོན་མདོར་བསྡུས། དེ་ཡང་གཡུང་དྲུང་གཉིས་ནི་འདུལ་བ་མདོ་ཡི་སྡེ་དང༌། གསང་བ་ཟབ་དཀར་སྔགས་ཀྱི་སྡེ་གཉིས་མཚོན་པར་བྱེད་པ་ད ང༌། བར་གྱི་ལྕུམ་བཞོགས་དེ་ནི་ཐེག་པའི་ཡོངས་རྩེ་རྫོགས་པ་ཆེན་པོ་སེམས་ཀྱི་སྡེ་བཅས་མདོར་ན་མི་ལོ་ཆིག་ཁྲི་བརྒྱད་སྟོང་གི་གོང་དུ་བྱོན་པའི་རྣམ་འདྲེན་ཚེ་ལོ་བརྒྱ་བའི་སྟོན་མཆོག་རྫོགས་པའི་སངས་རྒྱས་རྒྱལ་བ་གཤེན་རབ་མི་བོ་མཆོག་གིས་གཏན་ལ་ཕབས་པའི་བོན་སྒོ་བཞི་མཛོད་ལྔའམ་ཐེག་པ་རིམ་དགུ་མཚོན་པར་བྱེད་དོ།

གཡུང་དྲུང་བོན་གྱི་དྲ་རྒྱ་ངོ་སྤྲོད།

གཡུང་དྲུང་བོན་གྱི་དྲ་ཚིགས་ཆེན་མོ་འདི་ནི་༧སྐྱབས་རྗེ་རྒྱལ་བ་སྨན་རི་བའི་ཁྲི་འཛིན་སོ་གསུམ་པ་མཆོག་གི་བཀའ་འཁྲོལ་གཞིར་བཟུང་འོག་གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་དཔལ་གཤེན་བསྟན་སྨན་རིའི་གླིང་གི་དབུས་གཡུང་དྲུང་བོན་འཛིན་སྐྱོང་ལྷན་ཚོགས་ཀྱི་སྟངས་འཛིན་འོག་ཆེད་དུ་གསར་སྒྲུབ་བྱས་པའི་བོད་གནའ་བོའི་རིག་གཞུང་སྣ་ཚོགས་དང་འབྲེལ་བའི་གཡུང་དྲུང་བོན་སྤྱི་བའི་དྲ་ཚིགས་ཤིག་ཡིན།

གཡུང་དྲུང་བོན་གྱི་དྲྭ་རྒྱའི་ངོ་སྤྲོད།