གཡུང་དྲུང་བོན་གྱི་དྲྭ་རྒྱ།

གལ་ཆེའི་གསལ་བསྒྲགས།

༄༅། །འཛམ་གླིང་ཕྱོགས་མཐའ་ཁག་ངེས་མེད་དུ་བཞུགས་པའི་༸ཞྭ་དཀར་གཡུང་དྲུང་བོན་ལུགས་འཛིན་པའི་དད་ལྡན་ལྷ་མི་སྡེ་དགོན་སྐྱ་སེར་ཡོངས་ཀྱི་སྙན་དབང་དུ་དོ་གལ་ཆེར་པོར་ཞུ་དོན་སྙིང་པོ་ནི། མཁྱེན་གསལ་ལྟར་རང་རེ་༸ཞྭ་དཀར་གཡུང་དྲུང་བོན་གྱི་བསྟན་པའི་གཙུག་རྒྱན་༸སྐྱབས་རྗེ་རྒྱལ་བ་སྨན་རི་བའི་ཁྲི་འཛིན་རིན་པོ་ཆེ་མཆོག་ཉེ་ལམ་སྐུ་ཁམས་ཅུང་བདེ་མིན་དབང་གིས་ཕྱི་གླིང་ཨ་རིའི་ཡུལ་དུ་སྨན་བཅོས་ཆེད་ཆིབས་བསྒྱུར་གནང་ཡོད་པ་དང་། དེ་ཡང་ད་ལྟའི་ཆར་སྤྱི་ཡི་ཆ་ནས་རིན་པོ་ཆེ་མཆོག་གི་སྐུ་ཡི་སྙུང་ཁམས་དེ་ཙམ་གྱིས་ཛ་དྲགས་མིན་ན་ཡང་།

སྨན་རིའི་དཔེ་རྙིང་འཚོལ་སྒྲུབ་ཁང་ནས་དཔར་བསྐྲུན་ཞུས་པའི་དཔེ་རྙིང་ཞིག

ཉེ་བའི་ལོ་ཤས་རིང་བོད་སྟོད་སྨད་དང་ཕྱི་རྒྱལ་ཡུལ་གྲུ་ཁག་སོགས་ན་གནའ་བོའི་བོན་གྱི་ཡིག་རྙིང་མང་པོ་ཐོན་བཞིན་ཡོད་པ་མ་ཟད་དེ་ལ་ཞིབ་འཇུག་དང་སློབ་གཉེར་བྱེད་མཁན་ཡང་མང་པོ་ཐོན་བཞིན་ཡོད་པ་ནི་མངོན་གསལ་དོད་པོ་ལྟ་བུ་རེད། དེས་ན་འདིར་ཡང་སྨན་རིའི་སློབ་གཉེར་པ་ཁག་གཅིག་གིས་ཡིག་རྙིང་འཚོལ་སྒྲུབ་ཀྱི་ལས་དོན་ཞིག་གསར་དུ་བཙུགས་ནས་དེ་སྔ་དཔར་བསྐྲུན་ཞུས་མེད་པའི་ཡིག་རྙིང་གལ་ཆེན་ཁག་གཅིག་མུ་མཐུད་ནས་རྒྱ་ཆེའི་བོད་རིག་པའི་སློབ་གཉེར་པ་རྣམས་ཀྱི་སྤྱན་ལམ་དུ་འབུལ་འཆར་ཡིན།

མདོ་སྔགས་ཟུང་འབྲེལ་ཐེག་ཆེན་གཡུང་དྲུང་བོན།

མདོ་སྔགས་ཟུང་འབྲེལ་ཐེག་ཆེན་གཡུང་དྲུང་བོན་ཞེས་པའི་མཚོན་དོན་མདོར་བསྡུས། དེ་ཡང་གཡུང་དྲུང་གཉིས་ནི་འདུལ་བ་མདོ་ཡི་སྡེ་དང༌། གསང་བ་ཟབ་དཀར་སྔགས་ཀྱི་སྡེ་གཉིས་མཚོན་པར་བྱེད་པ་ད ང༌། བར་གྱི་ལྕུམ་བཞོགས་དེ་ནི་ཐེག་པའི་ཡོངས་རྩེ་རྫོགས་པ་ཆེན་པོ་སེམས་ཀྱི་སྡེ་བཅས་མདོར་ན་མི་ལོ་ཆིག་ཁྲི་བརྒྱད་སྟོང་གི་གོང་དུ་བྱོན་པའི་རྣམ་འདྲེན་ཚེ་ལོ་བརྒྱ་བའི་སྟོན་མཆོག་རྫོགས་པའི་སངས་རྒྱས་རྒྱལ་བ་གཤེན་རབ་མི་བོ་མཆོག་གིས་གཏན་ལ་ཕབས་པའི་བོན་སྒོ་བཞི་མཛོད་ལྔའམ་ཐེག་པ་རིམ་དགུ་མཚོན་པར་བྱེད་དོ།

གཡུང་དྲུང་བོན་གྱི་དྲ་རྒྱ་ངོ་སྤྲོད།

གཡུང་དྲུང་བོན་གྱི་དྲ་ཚིགས་ཆེན་མོ་འདི་ནི་༧སྐྱབས་རྗེ་རྒྱལ་བ་སྨན་རི་བའི་ཁྲི་འཛིན་སོ་གསུམ་པ་མཆོག་གི་བཀའ་འཁྲོལ་གཞིར་བཟུང་འོག་གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་དཔལ་གཤེན་བསྟན་སྨན་རིའི་གླིང་གི་དབུས་གཡུང་དྲུང་བོན་འཛིན་སྐྱོང་ལྷན་ཚོགས་ཀྱི་སྟངས་འཛིན་འོག་ཆེད་དུ་གསར་སྒྲུབ་བྱས་པའི་བོད་གནའ་བོའི་རིག་གཞུང་སྣ་ཚོགས་དང་འབྲེལ་བའི་གཡུང་དྲུང་བོན་སྤྱི་བའི་དྲ་ཚིགས་ཤིག་ཡིན།

གཡུང་དྲུང་བོན་གྱི་དྲྭ་རྒྱའི་ངོ་སྤྲོད།