གཡུང་དྲུང་བོན་གྱི་དྲྭ་རྒྱ།

བོད་གངས་ཅན་ལྗོངས་སུ་གསོ་བ་རིག་པའི་བསྟན་པ་དུས་ནམ་ཙམ་དུ་དབུ་བརྙེས་པའི་ལོ་ཚིགས་གསལ་བར་བཀོད་པ་ཉི་གཞོན་འདྲེན་པའི་སྐྱ་རེངས།

༄༅།།ཨོཾ་ཨ་ཐཱ། གངས་ཅན་གསོ་དཔྱད་དབྱར་གྱི་ཆུ་འཛིན་ཀློང་། །ལུང་རིགས་རབ་རྒྱས་སྔོན་མེད་སྒྲ་བརྒྱའི་དབྱངས། །འཛམ་གླིང་མཛེས་པའི་རྒྱན་དུ་མངོན་སྒྲོག་མཁན། །སྨན་པའི་རྒྱལ་པོ་གཡུ་ཐོག་ཟུང་དེར་འདུད། །དཔལ་ལྡན་རྒྱུད་བཞིའི་དགོངས་དོན་གནམ་རུའི་རྒྱུད། །རྣམ་དཔྱོད་སོར་མོས་ཉེར་བཀུག་དགག་སྒྲུབ་མདས། །སྨྲ་ངན་ལོག་རྟོག་འཇོམས་པའི་གཡུལ་འགྱེད་མཁན། །མཁས་རྒུའི་གཙུག་རྒྱན་བྱང་ཟུར་རྣམ་གཉིས་རྒྱལ། །གངས་ལྗོངས་གསོ་དཔྱད་བསྟན་པའི་འཕྲིན་ལས་གདུགས། །རྣམ་དཔྱོད་དཔུང་པ་བརྟན་པོས་བླ་ནས་བླར། འདེགས་བཟོད་གྱད་ཀྱི་སྙིང་སྟོབས་རབ་ལྡན་པའི། །སྔོན་བྱོན་མཁས་ལ་སོར་བཅུ་སྙིང་གར་སྦྱར། །འདི་ན་གངས་ཅན་གསོ་དཔྱད་དབུ་བརྙེས་པའི། །ལོ་ཚིགས་མུན་ནག་འདོམ་འཇལ་མི་དགོས་པར། །ཉི་གཞོན་འདྲེན་པའི་སྐྱ་རེངས་འདི་དང་ལྷན། །འགྲོགས་ནས་གཟིགས་མོ་མཛོད་དང་གྲོགས་དག་ཀྱེ།

མདོ་སྔགས་ཟུང་འབྲེལ་ཐེག་ཆེན་གཡུང་དྲུང་བོན།

མདོ་སྔགས་ཟུང་འབྲེལ་ཐེག་ཆེན་གཡུང་དྲུང་བོན་ཞེས་པའི་མཚོན་དོན་མདོར་བསྡུས། དེ་ཡང་གཡུང་དྲུང་གཉིས་ནི་འདུལ་བ་མདོ་ཡི་སྡེ་དང༌། གསང་བ་ཟབ་དཀར་སྔགས་ཀྱི་སྡེ་གཉིས་མཚོན་པར་བྱེད་པ་ད ང༌། བར་གྱི་ལྕུམ་བཞོགས་དེ་ནི་ཐེག་པའི་ཡོངས་རྩེ་རྫོགས་པ་ཆེན་པོ་སེམས་ཀྱི་སྡེ་བཅས་མདོར་ན་མི་ལོ་ཆིག་ཁྲི་བརྒྱད་སྟོང་གི་གོང་དུ་བྱོན་པའི་རྣམ་འདྲེན་ཚེ་ལོ་བརྒྱ་བའི་སྟོན་མཆོག་རྫོགས་པའི་སངས་རྒྱས་རྒྱལ་བ་གཤེན་རབ་མི་བོ་མཆོག་གིས་གཏན་ལ་ཕབས་པའི་བོན་སྒོ་བཞི་མཛོད་ལྔའམ་ཐེག་པ་རིམ་དགུ་མཚོན་པར་བྱེད་དོ།

གཡུང་དྲུང་བོན་གྱི་དྲ་རྒྱ་ངོ་སྤྲོད།

གཡུང་དྲུང་བོན་གྱི་དྲ་ཚིགས་ཆེན་མོ་འདི་ནི་༧སྐྱབས་རྗེ་རྒྱལ་བ་སྨན་རི་བའི་ཁྲི་འཛིན་སོ་གསུམ་པ་མཆོག་གི་བཀའ་འཁྲོལ་གཞིར་བཟུང་འོག་གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་དཔལ་གཤེན་བསྟན་སྨན་རིའི་གླིང་གི་དབུས་གཡུང་དྲུང་བོན་འཛིན་སྐྱོང་ལྷན་ཚོགས་ཀྱི་སྟངས་འཛིན་འོག་ཆེད་དུ་གསར་སྒྲུབ་བྱས་པའི་བོད་གནའ་བོའི་རིག་གཞུང་སྣ་ཚོགས་དང་འབྲེལ་བའི་གཡུང་དྲུང་བོན་སྤྱི་བའི་དྲ་ཚིགས་ཤིག་ཡིན།

གཡུང་དྲུང་བོན་གྱི་དྲྭ་རྒྱའི་ངོ་སྤྲོད།