གཡུང་དྲུང་བོན་གྱི་དྲྭ་རྒྱ།

གསོ་རིག་འབུམ་བཞིའི་མཐོ་སློབ་ཁང་གི་སྨན་སློབ་གསར་བསྡུའི་གསལ་བསྒྲགས།

noticeབོད་ཀྱི་གསོ་བ་རིག་པའི་ཆེས་མཐོའི་སྨན་པའི་ལྷན་ཚོགས་ནས་ངོས་བཞེས་ཐོབ་པའི་གསོ་རིག་འབུམ་བཞིའི་མཐོ་སློབ་ཁང་དུ་ཕྱི་ལོ་ ༢༠༡༧ ནང་སྨན་སློབ་གསར་བསྡུ་གནང་རྒྱུ་ཡིན་ན། བོད་ཀྱི་གསོ་བ་རིག་པའི་འབུམ་བཞིའི་གཞུང་ལུགས་ལ་སློབ་སྦྱོང་གནང་བློ་ཡོད་པ་རྣམས་ནས་སོ་སོའི་འབྲེལ་བ་ཞུ་ཡུལ་ཁ་བྱང་དང། གློག་འཕྲིན་ཁ་བྱང། ཁ་པར་ཨང་གྲངས་གང་ཡོད་གསལ་བཀོད་ཀྱིས་ཟུར་གསལ་ཆ་རྐྱེན་ཡིག་ཆའི་འདྲ་བཤུས་བཅས་འགེངས་ཤོག་གཤམ་གསལ་ཁ་བྱང་ཐོག་གློག་འཕྲིན་ནམ། སྦྲགས་ཡིག་གང་རུང་བརྒྱུད་གཏོང་གནང་དགོས་རྒྱུ་བཅས་དེ་དོན་དགོངས་འཇགས་ཞུ།

Secretary
Sorig Bumshi Medical College
Tibetan Bonpo Menri Monastery
P.O. Kotla Panjola Distt-Sirmour
Pin-173223 H.P.

 

ཆ་རྐྱེན་དགོས་མཁོ།
1. བོད་མི་ཡིན་ཚེ་དཔྱ་དངུལ་འབུལ་བབས་གཙང་ཕུལ་ཟིན་པའི་དཔྱ་དེབ་ཤོག་ངོས་དང་པོ་དང། མཐའ་མའི་དཔར་བཤུས།
2. ཧི་མ་ལ་ཡའི་མི་རིགས་ཡིན་ཚེ་འབྲེལ་ཡོད་གཞུང་གི་ས་གནས་ལས་ཁུངས་ནས་རྒྱབ་གཉེར་ཕྱག་བྲིས་དགོས་པ་ཡིན།
3. འཛིན་རིམ་བཅུ་གཉིས་ཐོན་པའི་སློབ་ཐོན་ལག་འཁྱེར་དང། ཨང་ཐོབ་ངོ་བཤུས་དགོས།
4. མཐའ་མའི་ཐོན་རྒྱུགས་ཀྱི་སློབ་ཚན་བོད་ཡིག་དང། དབྱིན་ཇིར་བརྒྱ་ཆ་ ༥༠ རེ་ལོན་པ་དགོས་རྒྱུ།
5. གཟུགས་ཐང་ལས་འཕེར་ཡིན་པའི་སྨན་པའི་ངོས་སྦྱོར།
6. སྒྲིག་འཛུགས་ཁང་གི་ནང་ཕྱག་ལས་གནང་བཞིན་པ་ཡིན་ཚེ་དེའི་འགན་འཛིན་ནས་དགག་ཆ་མེད་པའི་ངོས་སྦྱོར་དགོས།
7. ཕྱེད་པར་ཁ་གསར་གཉིས་རེ་དགོས།
8. སློབ་ཡུན་རིང་སློབ་ཡོན་ཟླ་རེར་ཧིན་སྒོར་ ༢༠༠༠ རེ་དོ་བདག་ནས་འབུལ་དགོས་པ་དང། དེ་མིན་འགྲོ་གྲོན་རྣམས་འབུམ་བཞིའི་མཐོ་སློབ་ཀྱི་སྒྲིག་འཛུགས་ནས་ཐབས་འཚོལ་གནང་རྒྱུ།

འཚང་སྙན་འབྱོར་ཚེས་མཐའ་མ་ཕྱི་ལོ་ ༢༠༡༧ ཟླ་ ༦ ཚེས་ ༣༠

འཛུལ་ཞུགས་བཞེས་ཚེས། ཕྱི་ལོ་ ༢༠༡༧ ཟླ་ ༧ ཚེས་ ༧

འཛུལ་ཞུགས་བཞེས་ཡུལ། འབུམ་བཞིའི་མཐོ་སློབ་ཁང།

འཛུལ་ཞུགས་འགེངས་ཤོག་མཐོ་སློབ་ཀྱི་ཡིག་ཚང་ནས་ཧིན་སྒོར་ ༥༠ རེ་འབུལ་ནས་ལེན་དགོས་པ་ཡིན།

 

གསོ་རིག་འབུམ་བཞིའི་མཐོ་སློབ་ཡིག་ཚང་ནས། ཕྱི་ལོ་ ༢༠༡༧ ཟླ་ ༤ ཚེས་ ༢༤ ལ།