གཡུང་དྲུང་བོན་གྱི་དྲྭ་རྒྱ།

༧དཔལ་གཤེན་བསྟན་སྨན་རིའི་གླིང་གི་གལ་ཆེའི་གསལ་བསྒྲགས།

IMG_0106IMG_0105
༄༅ ། ། ད་ལན་ཞྭ་དཀར་བསྟན་པའི་གཙུག་རྒྱན་༧སྐྱབས་རྗེ་རྒྱལ་བ་སྨན་རི་བ་མཆོག་གི་སྐུ་གསུང་ཐུགས་ཀྱི་མཛད་འཕྲིན་ཟབ་མོ་མཐའ་དག་གེགས་མེད་ལྷུན་གྱིས་འགྲུབ་པ་དང་། སྐུ་ཡི་སྙུང་ཁམས་དྭངས་ཤིང་སྐུ་ཚེ་བསྐལ་བརྒྱའི་བར་དུ་བརྟན་ཅིང་བཞུགས་ཕྱིར། ༧སྐྱབས་རྗེ་དཔོན་སློབ་རིན་པོ་ཆེ་མཆོག་གིས་བཀའ་དགོངས་ལྟར་འདི་གའི་གྲྭ་ཚང་འདུས་མང་ཡོངས་དང་བཙུན་དགོན་རདྞ་སྨན་གླིང་གི་བཙུན་མ་རྣམ་པ་བཅས་ནས་མ་མཆོག་སྲིད་པ་རྒྱལ་མོའི་འབུམ་ཚོགས་རྒྱས་འབུལ་དང་བསྟན་སྲུང་དམ་ཅན་སྡེ་ཚོགས་ལ་བསྐང་གསོལ་དང་འཕྲིན་བཅོལ། གཤེན་གྱི་གསང་སྔགས་སྒོམ་སྒྲུབ་གླིང་དུ་ཀུན་གསལ་བྱམས་མའི་དགྲ་ཟློག་དང་། ལྷ་སྡེ་མི་མང་རྣམ་པས་བྱམས་མའི་སྔགས་བསྟོད་དང་བར་ཆད་ལམ་སེལ་བཅས་སྐུ་ཕྱྭའི་ཞབས་རིམ་བདུན་ཕྲག་གཅིག་གི་རིང་ལ་བསྒྲུབས་ཟིན་པ་དང་།

IMG_1450IMG_1449
དེ་བཞིན་མུ་མཐུད་ཅིང་དེ་རིང་ནས་བཟུང་སྟེ་༧སྐྱབས་རྗེ་ཡོངས་འཛིན་སྨྲ་བའི་དབང་པོ་རིན་པོ་ཆེ་མཆོག་ལ་བཀའ་འདྲི་དགོངས་སྐོར་ཞུས་པས་རིན་པོ་ཆེ་མཆོག་གིས་བཀའ་ཕེབས་བཞིན་རྒྱལ་བའི་བཀའ་རིན་པོ་ཆེ་དག་འདོན་དང་། ཁྲོ་བོ་ངོ་མཚར་རྒྱས་པའི་གཞུང་དང་། བྱམས་མའི་སྔགས་བསྟོད། བར་ཆད་ལམ་སེལ་བཅས་འདི་གའི་བོན་གཞིས་ཐོབ་རྒྱལ་གསར་པའི་གཞིས་དགོན་གཉིས་ནས་མགོན་པོ་གང་གི་སྐུ་ཕྱྭའི་ཞབས་རིམ་སྒྲུབ་བཞིན་ཡོད་པ་དང་། གཞན་ཡང་རྒྱལ་ཕྱི་ནང་གང་སར་གནས་པའི་སྐྱབས་འོག་པ་ཡོངས་ཀྱིས་གོང་གི་ཞབས་རིམ་གནད་སྨིན་དེ་རིགས་གང་ཐུབ་བསྒྲུབ་རྒྱུའི་འབད་བརྩོན་ཡོང་བར་མཁྱེན་མཁྱེན་ཞུ།
  ༧དཔལ་གཤེན་བསྟན་སྨན་རིའི་གྲྭ་ཚང་ནས།
ཕྱི་ལོ་༢༠༡༧་ཟླ་༨་ཚེས་༣༡་ཉིན།
IMG_5427