གཡུང་དྲུང་བོན་གྱི་དྲྭ་རྒྱ།

གཟི་ཚ་སྡེ་དགུ་ལ་ཐུགས་བསྐྱེད་བསྔོ་སྨོན།

700AD056-0B52-47E8-B59C-C807F8A95011-4327-000003E07190A46F_tmpFA76EFE2-6D93-4FCF-8BFF-6CCAB1B5255E-4327-000003E09B67A06D_tmp

ད་ལམ་༢༠༡༧ཕྱི་ཟླ་༨པའི་ཚེས་༨ཉིན་རང་རིགས་བོན་འབངས་ཤ་མར་འཚོ་བའི་གཟི་ཚ་སྡེ་དགུའི་ཕྱོགས་སུ་རང་བྱུང་ས་ཡོམ་གྱིས་གོད་ཆག་ཆེན་པོ་བྱུང་སྟེ་མི་རྒྱུ་གཉིས་ཀ་ལ་གནོད་སྐྱོན་ཚབས་ཆེན་བྱུང་བར་མ་ཟད། མི་ལ་འཆི་རྨས་དང་སྡོད་ཁང་དང་དགོན་པའི་རྟེན་དང་བརྟེན་པ་བཅས་ལ་ཞིག་རལ་སོགས་ཡིད་སྐྱོ་བའི་གནས་ཚུལ་བྱུང་བར། ཚེ་འདས་རྣམས་ལ་བསྔོ་སྨོན་དང། རྨས་མ་རྣམས་མྱུར་དུ་དྲག་བསྐྱེད་འབྱུང་བ་དང་འབྲེལ་ཐོགས་སྐྱེ་འགྲོ་ཡོངས་ལ་ཐུགས་སྨོན། ཤུལ་ལུས་ནང་མི་རྣམས་ལ་གདུང་སེམས་མཉམ་བསྐྱེད་མཚོན་ཕྱིར་དུ། འདི་ག་གདན་ས་སྨན་རིའི་དགོན་གྱི་གྲྭ་ཚང་ནས་དགེ་འདུན་འདུས་པ་རྒྱ་མཚོར་འཕྲིན་བཅོལ་དང་སྨོན་ལམ་མང་ཇ་ཞུ་བ་ལགས་ན། དེ་དོན་ཐུགས་བསྐྱེད་ཀྱི་གཏད་པ་ཡོངས་སུ་གནང་བའི་སྐྱབས་འཇུག་མི་ཆུང་བ་མཁྱེན་མཁྱེན།།

IMG_086695C6CA3B-927C-4B13-A5A4-A3CE28E7305D-4327-000003E03DD12BB0_tmp

ཕྱི་ལོ་༢༠༡༧ཟླ་བ་༨ཚེས་༡༠ཉིན་སྨན་རིའི་གྲྭ་ཚང་རྒྱུན་ལས་ཁང་ནས།