༧སྨན་རིའི་གླིང་དུ་གདུང་མཆོད་དང་ཞུགས་འབུལ་གྱི་སྟ་གོན།
༧རྒྱལ་བ་གཤེན་གྱི་འབྱུང་ལྡན་ ༣༠༡ བོད་མེ་བྱ་ལོའི་ཧོར་ཟླ་བདུན་པའི་ཚེས་ཉེར་བརྒྱད་ཉིན་སྟེ། ཕྱི་ལོ་ ༢༠༡༧ ཟླ་བ་ ༩ ཚེས་ ༡༨ ཉིན་༧སྐྱབས་རྗེ་༧རྒྱལ་བ་སྨན་རིའི་ཁྲི་འཛིན་སོ་གསུམ་པ་ལུང་རྟོགས་བསྟན་པའི་ཉི་མ་རིན་པོ་ཆེ་མཆོག་ཐུགས་དམ་གྲོལ་ནས་གདུང་ཁྲུས་གསོལ་ཞིང་རྨད་བྱུང་ན་བཟའ་གོས་དྲུག་ཕུལ་ཏེ་སྐུ་གདུང་རིན་པོ་ཆེ་གསས་ཁང་དུ་བཞུགས་སུ་གསོལ།