གཡུང་དྲུང་བོན་གྱི་དྲྭ་རྒྱ།

ཀུན་རིག་ལས་བཞི་རྒྱུན་ལྔའི་ཆོ་ག་དངོས་སུ་དབུ་འཛུགས་གནང་བ།

གཤེན་གྱི་འབྱུང་ལྡན་༣༠༡བོད་ཟླ་བརྒྱད་པའི་ཚེས་དགུ་ཉིན་སྟེ། ཕྱི་ལོ་༢༠༡༧ཟླ་༩ཚེས་༢༩ཉིན་༧ཞྭ་དཀར་བསྟན་པའི་གཙུག་རྒྱན་༧སྐྱབས་རྗེ་རྒྱལ་བ་སྨན་རི་བའི་ཁྲི་འཛིན་སོ་གསུམ་པ་མཆོག་གི་སྐུ་གདུང་རིན་པོ་ཆེ་ཀུན་རིག་ལས་བཞི་རྒྱུན་ལྔའི་གོ་རིམ་ལྟར་གདུང་བསྲེགས་ཀྱི་མཆོད་འཕྲེང་རྒྱས་པར་བཤམས་ཏེ་ཆོ་ག་དངོས་སུ་དབུ་འཛུགས་གནང་བ།

༧སྐྱབས་རྗེ་སྨན་རིའི་དཔོན་སློབ་རིན་པོ་ཆེ་མཆོག་དང་༧ཁྲི་བརྟན་ནོར་རྩེའི་མཁན་པོ་བསྟན་པ་གཡུང་དྲུང་རིན་པོ་ཆེ། སྨན་རིའི་བཤད་སྒྲུབ་མཁན་སློབ་རྣམ་གཉིས། ཁྲི་བརྟན་ནོར་རྩེའི་སྒྲུབ་གྲྭ་མཁན་རིན་པོ་ཆེ། ཁྲི་བརྟན་ནོར་རྩེའི་བཤད་སྒྲུབ་མཁན་སློབ་རྣམ་གཉིས། དེ་བཞིན་སྨན་རི་དང་ཁྲི་བརྟན་ནོར་རྩེ་གཉིས་ཀྱི་བླ་སྤྲུལ་དགེ་བཤེས་རྣམས་དང་གྲྭ་པ་རྒན་གྲས་ཁག་ནས་ཀུན་རིག་ལས་བཞི་རྒྱུན་ལྔའི་ཆོ་ག་གསུང་བཞིན་པ།

༧དཔལ་གཤེན་བསྟན་སྨན་རིའི་གཙུག་ལག་ཁང་དུ་བླ་གྲྭ་དགེ་བཤེས་རྣམས་ཀྱིས་ཀུན་རིག་ལས་བཞི་རྒྱུན་ལྔའི་ཆོ་ག་དབུ་འཛུགས་གནང་བ།

༧དཔལ་གཤེན་བསྟན་སྨན་རིའི་གཙུག་ལག་ཁང་དུ་བླ་སྤྲུལ་དགེ་འདུན་རྣམས་ཀྱིས་ཀུན་རིག་ལས་བཞི་རྒྱུན་ལྔའི་ཆོ་ག་གསུང་བཞིན་པ།།

བོན་གཞིས་བཙུན་དགོན་རད་ན་སྨན་གླིང་གི་བཙུན་མ་རྒན་པ་རྣམས་ཀྱིས་༧སྐུ་གདུང་རིན་པོ་ཆེ་སྐུ་མདུན་དུ་ཚེ་དབང་བོད་ཡུལ་མ་གསུང་བཞིན་པ།

ཀུན་རིག་ལས་བཞི་རྒྱུན་ལྔའི་མཆོད་ཕྲེང་ལས་སྨོན་ལམ་ཤིང་རིང་གསེར་དངུལ་གྱིས་བྲིས་པ་ཅན།

ཀུན་རིག་ལས་བཞི་རྒྱུན་ལྔའི་མཆོད་ཕྲེང་མཆོད་སྤྲིན་རྒྱས་བཤམས།

དེ་རིང་དགོང་དྲོར་༧རྒྱལ་བ་སྨན་རིའི་བླ་བྲང་མདུན་དུ་མཆོད་འབུལ་སྨོན་ལམ་གསུང་བཞིན་པའི་རྣམ་པ།

པར་པ། གྱེར་ནག་ཚང་།