གཡུང་དྲུང་བོན་གྱི་དྲྭ་རྒྱ།

དབུས་གཡུང་དྲུང་བོན་འཛིན་སྐྱོང་ལྷན་ཚོགས་ནས་སྤེལ་བའི་གསལ་བསྒྲགས།

༄༅། །བསྟན་འགྲོའི་མཛད་རྗེས་རྨད་དུ་བྱུང་བའི་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་གནས་བཞུགས་བོན་ཚོགས་ཁག་གི་དབུ་འཛིན་མཁན་བླ་སྤྲུལ་རྣམ་པ་དང་ཉེ་གནས་སློབ་ཚོགས་ལྷན་རྒྱས་ཀྱི་དྲུང་དེར།
ཆེད་དུ་ཞུ་སྙིང་།

དགོངས་པར་མངའ་གསལ་བཞིན་ཉེ་ལམ་རང་རེ་གཡུང་དྲུང་བོན་གྱི་རབ་འབྱམས་དགེ་བའི་བཤེས་གཉེན་གསེར་རིའི་ཕྲེང་ཚོགས་ལྟ་བུའི་དབུས་ནས་༸བཤེས་གཉེན་ཆེན་མོ་དྲང་སྲོང་ཟླ་བ་དར་རྒྱས་མཆོག་བསྟན་སྲུང་དམ་ཅན་རྒྱ་མཚོས་༸ཞྭ་དཀར་བསྟན་པའི་གཙུག་རྒྱན་༸རྒྱལ་བ་སྨན་རི་བའི་ཁྲི་འཛིན་སོ་བཞི་པར་བསླུ་མེད་ལུང་རྟགས་སུ་བསྩལ་བ་བཞིན། རིང་མིན་ཕྱི་ལོ་༢༠༡༨ཕྱི་ཟླ་༠༢་ཚེས་༢༠་དང་། བོད་ས་ཕོ་ཁྱི་ལོའི་བོད་ཟླ་དང་པོའི་ཚེས་ལྔ་སྟེ་རྒྱལ་བ་གཉིས་པ་མཉམ་མེད་ཆེན་པོའི་སྐུ་ཡི་འཁྲུངས་ཚེས་དགེ་བའི་ཉིན་མོར་༸གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་༸དཔལ་གཤེན་བསྟན་སྨན་རིའི་གླིང་དུ་རིན་པོ་ཆེ་གང་ཉིད་༸རྒྱལ་བ་སྨན་རི་བའི་གསེར་ཁྲིར་ཁྲི་འདོན་མངའ་གསོལ་མཛད་སྒོ་སྤེལ་རྒྱུ་ཐུགས་གཏན་ཁེལ་ཟིན་པ་ལགས་ན། བླ་སློབ་ལྷན་རྒྱས་རྣམས་དེ་ལུགས་མཛད་སྒོར་ངེས་ཕེབས་ཡོང་བར་མཁྱེན་མཁྱེན་ཞུ།

༸དབུས་གཡུང་དྲུང་བོན་འཛིན་སྐྱོང་ལྷན་ཚོགས་ནས།
ཕྱི་ལོ་༢༠༡༨ ཟླ་༠༡ ཚེས་༡༥ ཉིན་ཕུལ།

༄༅། །རྒྱ་བལ་འབྲུག་གསུམ་ནང་གནས་འཁོད་༸སངས་རྒྱས་གཡུང་དྲུང་བོན་གྱི་རིང་ལུགས་འཛིན་པའི་དགོན་སྡེ་དང་བོན་ཚོགས་ཁག་གི་མཁན་བླ་སྤྲུལ་རྣམ་པ་གཙོས་པའི་འགན་ལས་ལྷན་དྲུང་དེར།
ཆེད་དུ་ཞུ་སྙིང་།

དགོངས་པར་མངའ་གསལ་བཞིན་ཉེ་ལམ་རང་རེ་གཡུང་དྲུང་བོན་གྱི་རབ་འབྱམས་དགེ་བའི་བཤེས་གཉེན་གསེར་རིའི་ཕྲེང་ཚོགས་ལྟ་བུའི་དབུས་ནས་༸བཤེས་གཉེན་ཆེན་མོ་དྲང་སྲོང་ཟླ་བ་དར་རྒྱས་མཆོག་བསྟན་སྲུང་དམ་ཅན་རྒྱ་མཚོས་༸ཞྭ་དཀར་བསྟན་པའི་གཙུག་རྒྱན་༸རྒྱལ་བ་སྨན་རི་བའི་ཁྲི་འཛིན་སོ་བཞི་པར་བསླུ་མེད་ལུང་རྟགས་སུ་བསྩལ་བ་བཞིན། རིང་མིན་ཕྱི་ལོ་༢༠༡༨ཕྱི་ཟླ་༠༢་ཚེས་༢༠་དང་། བོད་ས་ཕོ་ཁྱི་ལོའི་བོད་ཟླ་དང་པོའི་ཚེས་ལྔ་སྟེ་རྒྱལ་བ་གཉིས་པ་མཉམ་མེད་ཆེན་པོའི་སྐུ་ཡི་འཁྲུངས་ཚེས་དགེ་བའི་ཉིན་མོར་༸གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་༸དཔལ་གཤེན་བསྟན་སྨན་རིའི་གླིང་དུ་རིན་པོ་ཆེ་གང་ཉིད་༸རྒྱལ་བ་སྨན་རི་བའི་གསེར་ཁྲིར་ཁྲི་འདོན་མངའ་གསོལ་མཛད་སྒོ་སྤེལ་རྒྱུ་ཐུགས་གཏན་ཁེལ་ཟིན་པ་ལགས་ན། ལྷན་རྒྱས་རྣམས་དེ་ལུགས་མཛད་སྒོར་ངེས་ཕེབས་ཡོང་བར་མཁྱེན་མཁྱེན་ཞུ།

༸དབུས་གཡུང་དྲུང་བོན་འཛིན་སྐྱོང་ལྷན་ཚོགས་ནས།
ཕྱི་ལོ་༢༠༡༨ ཟླ་༠༡ ཚེས་༡༥ ཉིན་ཕུལ།