གཡུང་དྲུང་བོན་གྱི་དྲྭ་རྒྱ།

དད་ལྡན་བོན་འབངས་ཡོངས་ལ་གལ་ཆེའི་གསལ་བསྒྲགས།

འཆར་ལ་ཉེ་བའི་འདི་ལོའི་གནམ་ལོ་གསར་ཚེས་ལ་བོན་ཕྱོགས་དང་འབྲེལ་བའི་བྱེད་སྒོ་ཁག་མ་གཏོགས་དགའ་སྟོན་སྤྲོ་སྐྱིད་ཀྱི་ལོ་གསར་མེད་པར་ཉེ་སྔོན་༧དབུས་གཡུང་དྲུང་བོན་འཛིན་སྐྱོང་ལྷན་ཚོགས་ངོས་ནས་གསལ་བསྒྲགས་སྤེལ་བ་བཞིན་དགོངས་འཇགས་ཡོད་པ་དང་། དེ་འབྲེལ་བོད་ས་ཁྱི་ལོའི་ཚེས་གཅིག་ཞོགས་པར་༧དཔལ་ལྡན་སྨན་རིའི་བླ་བྲང་ནས་གྲྭ་ཚང་འདུས་མང་ཡོངས་ལ་མང་ཇ་གཏོང་གནང་དང་དེ་བཞིན་ཚིག་བཀྲའི་ཚོགས་བཤད་གྱེར་འདོན་མ་གཏོགས།
སྔར་རྒྱུན་བཞིན་༧སྐྱབས་རྗེ་མཁན་སློབ་རྣམ་པར་མཇལ་ཁ་ཞུ་རྒྱུ་དང་། དགོན་པར་འདུ་འཛོམས་ཀྱིས་འཚམས་འདྲི་ཞུ་བ་སོགས་ཀྱི་རིགས་མེད་པས་དེ་དོན་ཐུགས་འཇགས་འཚལ།
ཚེས་༣་ཞོགས་པར་བསང་གསོལ་དང་རླུང་དར་བསྒྲོན་འཛུགས་སོགས་རིམ་པས་དགེ་ལས་ཀྱི་མཛད་སྒོ་ཁག་སྔར་རྒྱུན་བཞིན་ཡོད་པས་དེ་ལུགས་སུ་དགོངས་བཞེས་ཡོང་བ་བཅས།

གདན་ས་ཆེན་མོ་༧དཔལ་གཤེན་བསྟན་སྨན་རིའི་གྲྭ་ཚང་ནས།

12/02/2018