གཡུང་དྲུང་བོན་གྱི་དྲྭ་རྒྱ།

སྨན་རིའི་བཀའ་རམས་པ་མར་ནང་ཁྲི་གཡུང་དྲུང་གི་དགེ་བཤེས་ཆེད་དེབ་དངོས་སུ་འགྲེམ་སྤེལ་བྱས་པ།

འདི་ག་སྨན་རིའི་གླིང་གི་དཔེ་མཛོད་ཁང་ནས་དཔར་དུ་བསྐྲུན་པའི་<<སྲིད་པ་སྨྲང་རྒྱུད་ཀྱི་མཛོད་>>ཅེས་པའི་དཔེ་དེབ་འདི་ནི། སྨན་རིའི་གླིང་གི་སྐབས་བཅུ་དགུ་པའི་བཀའ་རམས་པ་མར་ནང་ཚང་ཁྲི་གཡུང་དྲུང་ལགས་ནས་ལོ་མང་རིང་<<སྲིད་པའི་མཛོད་ཕུགས་>>དང་<<མཛོད་སྒྲ་འགྲེལ་>>སོགས་ཀྱི་ཕྱག་དཔེ་ཁག་ལ་སློབ་སྦྱོང་དང་ཞིབ་འཇུག་གནང་བའི་འབྲས་རྟགས་སུ་བརྩམས་གནང་བའི་བོད་ས་སྐྱེས་རྡོ་སྐྱེས་ཀྱི་རིག་པའི་གཞུང་ལུགས་ལྟ་བུ་ཞིག་སྟེ་སྲིད་པ་སྣོད་བཅུད་ཀྱི་ཆགས་རབས་སོགས་མཛོད་གནས་བཅུ་བདུན་དང་ཞང་ཞུང་བོན་གྱི་གནའ་བོའི།

མདོ་སྔགས་ཟུང་འབྲེལ་ཐེག་ཆེན་གཡུང་དྲུང་བོན།

མདོ་སྔགས་ཟུང་འབྲེལ་ཐེག་ཆེན་གཡུང་དྲུང་བོན་ཞེས་པའི་མཚོན་དོན་མདོར་བསྡུས། དེ་ཡང་གཡུང་དྲུང་གཉིས་ནི་འདུལ་བ་མདོ་ཡི་སྡེ་དང༌། གསང་བ་ཟབ་དཀར་སྔགས་ཀྱི་སྡེ་གཉིས་མཚོན་པར་བྱེད་པ་ད ང༌། བར་གྱི་ལྕུམ་བཞོགས་དེ་ནི་ཐེག་པའི་ཡོངས་རྩེ་རྫོགས་པ་ཆེན་པོ་སེམས་ཀྱི་སྡེ་བཅས་མདོར་ན་མི་ལོ་ཆིག་ཁྲི་བརྒྱད་སྟོང་གི་གོང་དུ་བྱོན་པའི་རྣམ་འདྲེན་ཚེ་ལོ་བརྒྱ་བའི་སྟོན་མཆོག་རྫོགས་པའི་སངས་རྒྱས་རྒྱལ་བ་གཤེན་རབ་མི་བོ་མཆོག་གིས་གཏན་ལ་ཕབས་པའི་བོན་སྒོ་བཞི་མཛོད་ལྔའམ་ཐེག་པ་རིམ་དགུ་མཚོན་པར་བྱེད་དོ།

གཡུང་དྲུང་བོན་གྱི་དྲ་རྒྱ་ངོ་སྤྲོད།

གཡུང་དྲུང་བོན་གྱི་དྲ་ཚིགས་ཆེན་མོ་འདི་ནི་༧སྐྱབས་རྗེ་རྒྱལ་བ་སྨན་རི་བའི་ཁྲི་འཛིན་སོ་གསུམ་པ་མཆོག་གི་བཀའ་འཁྲོལ་གཞིར་བཟུང་འོག་གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་དཔལ་གཤེན་བསྟན་སྨན་རིའི་གླིང་གི་དབུས་གཡུང་དྲུང་བོན་འཛིན་སྐྱོང་ལྷན་ཚོགས་ཀྱི་སྟངས་འཛིན་འོག་ཆེད་དུ་གསར་སྒྲུབ་བྱས་པའི་བོད་གནའ་བོའི་རིག་གཞུང་སྣ་ཚོགས་དང་འབྲེལ་བའི་གཡུང་དྲུང་བོན་སྤྱི་བའི་དྲ་ཚིགས་ཤིག་ཡིན།

གཡུང་དྲུང་བོན་གྱི་དྲྭ་རྒྱའི་ངོ་སྤྲོད།