གཡུང་དྲུང་བོན་གྱི་དྲྭ་རྒྱ།

༧སྐྱབས་རྗེ་རྒྱལ་བ་སྨན་རི་བའི་ཁྲི་འཛིན་སོ་བཞི་པ་མཆོག་སྐལ་བཟང་གསེར་ཁྲིར་མངའ་གསོལ་གྱི་མཛད་རིམ་ཁག་གཤམ་གསལ།

༡༽ བོད་ས་ཕོ་ཁྱི་ལོའི་བོད་ཟླ་དང་པོའི་ཚེས་ལྔ་དང་། ཕྱི་ལོ་ ༢༠༡༨ ཟླ་ ༠༢ ཚེས་ ༢༠ ཉིན་ཏེ་རྒྱལ་བ་མཉམ་མེད་ཆེན་པོའི་འཁྲུངས་མཆོད་དུས་ཚེས་བཟང་པོར་ཞོགས་པ་ཕྱག་ཚོད་ ༧ པའི་ཐོག་༸ཞྭ་དཀར་བསྟན་པའི་གཙུག་རྒྱན་༧སྐྱབས་རྗེ་རྒྱལ་བ་སྨན་རིའི་ཁྲི་འཛིན་སོ་བཞི་པ་མཆོག་སྐལ་བཟང་གསེར་ཁྲིར་མངའ་གསོལ་གནང་རྒྱུ།
༢༽ སྔ་དྲོའི་ཕྱག་ཚོད་ ༧།༣༠ ཐོག་མཛད་སྒོའི་སྐུ་མགྲོན་གཙོ་བོ་རང་གཞུང་ཆོས་རིག་བཀའ་བློན་མི་རྗེ་སྐུ་ངོ་གཡུ་ཐོག་ཀརྨ་དགེ་ལེགས་མཆོག་ནས་མཛད་སྒོ་དང་འབྲེལ་བའི་བཀའ་སློབ་བསྩལ་གནང་རྒྱུ།
༣༽ སྔ་དྲོའི་ཕྱག་ཚོད་ ༧།༤༠ ཐོག་༸ཞྭ་དཀར་བསྟན་པའི་གཙུག་རྒྱན་༸སྐྱབས་རྗེ་རྒྱལ་བ་སྨན་རིའི་ཁྲི་འཛིན་སོ་བཞི་པ་རིན་པོ་ཆེ་མཆོག་ནས་བཀའ་སློབ་གསོལ་བསྩལ་གནང་རྒྱུ།
༤༽ སྔ་དྲོའི་ཕྱག་ཚོད་ ༩ པའི་ཐོག་སྐབས་བཅུ་དགུ་པའི་བཀའ་རམས་པས་སྔོན་འགྲོའི་གཞུང་བཤད་གྱེར་གནང་རྒྱུ།
༥༽ སྔ་དྲོའི་ཕྱག་ཚོད་ ༡༠ པའི་ཐོག་བླ་སྤྲུལ་དགེ་བའི་བཤེས་གཉེན་རྣམས་དབུས་པའི་འདུས་སྡེ་རྒྱ་མཚོ་རྣམས་ནས་གསོ་སྦྱོང་གི་ཆོ་ག་གསུང་རྒྱུ་དང་དེ་རྗེས་གླིང་སྐོར་ལ་ཕེབས་གནང་རྒྱུ།
༦༽ ཉིན་གུང་ཕྱག་ཚོད་ ༡ ནས་ ༣ བར་༧སྐྱབས་རྗེ་སྨན་རིའི་ཁྲི་འཛིན་སོ་བཞི་པ་མཆོག་གསེར་ཁྲི་གཞན་རྣམས་ལ་ཞབས་བཀོད་གནང་རྒྱུ།
༧༽ ཕྱི་དྲོའི་ཕྱག་ཚོད་ ༣ ཐོག་བཀའ་རམས་པས་བཀྲ་ཤིས་གསོལ་གནང་རྒྱུ།
༨༽ ཕྱི་དྲོའི་ཕྱག་ཚོད་ ༦ ཐོག་འདུས་སྡེ་རྒྱ་མཚོས་སྨོན་ལམ་གསུང་གནང་རྒྱུ་བཅས་སོ།

 

གཤིན་གྱི་འབྱུང་ལྡན་ ༣༠༡ བོད་ཤིང་འབྲུག་ལོའི་བོད་ཟླ་བཞི་པ།

ཕན་བདེའི་འབྱུང་གནས་རྒྱལ་བསྟན་རིན་པོ་ཆེ། ། འཛིན་སྐྱོང་སྤེལ་ལ་གཅེས་པའི་སྐྱེ་བོ་གང་། ། ཚེ་བསོད་དཔལ་གྲགས་མངའ་ཐང་རྒྱས་པ་དང་། ། མཁའ་མཉམ་འགྲོ་བའི་བདེ་ལེགས་དཔལ་འབར་ཤོག།

ཐ་ཚན་མུ་ཙུག་སྨར་རོ།

༧སྐྱབས་རྗེ་རྒྱལ་བ་སྨན་རི་བའི་ཁྲི་འཛིན་སོ་བཞི་པ་མཆོག་སྐལ་བཟང་གསེར་ཁྲིར་མངའ་གསོལ་གྱི་མཛད་རིམ་ཁག་གཤམ་གསལ།