༧དབུས་གཡུང་དྲུང་བོན་འཛིན་སྐྱོང་ལྷན་ཚོགས་ཀྱིས་སྟངས་འཛིན་འོག་༧གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་༧དཔལ་གཤེན་བསྟན་སྨན་རིའི་གླིང་གི་དཔེ་མཛོད་ཁང་གིས་གོ་སྒྲིག་བྱེད་བཞིན་པའི་གཡུང་དྲུང་བོན་གྱི་སྐོར་བགྲོ་གླེང་ཐེངས་བཅུ་བདུན་པ་འཚོག་གཏན་ཁེལ་བ།
དེ་ཡང་“གཡུང་དྲུང་བོན་གྱི་སྐོར་བགྲོ་གླེང་”འདི་ཉིད། དབུས་ཝཱཎཱ་གཙུག་ལག་སློབ་ཆེན་དང་འབུམ་བཞིའི་མཐོ་སློབ་ཁང་། བོན་གཞིས་ཉིན་སློབ་ཀྱི་མཐོ་འབྲིང་སློབ་ཕྲུག་ཁག་དེ་བཞིན་ཕྱོགས་མཐའ་ཁག་ན་བཞུགས་པའི་གཡུང་དྲུང་བོན་གྱི་ཆོས་དང་རིག་གཞུང་སྐོར་ལ་ཐུགས་སྣང་ཟབ་པའི་མཁས་དབང་གཞོན་སྐྱེས་སློག་ཕྲུག་ཁག་གི་དབྱར་ཁའི་གུང་གསེང་དང་སྟབས་བསྟུན་ཏེ་ཆེད་དུ་གོ་སྒྲིག་ཞུ་བཞིན་ཡོད་པ་ལགས་ན། ད་ལོར་ཡང་སློབ་ཕྲུག་ཁག་གི་དབྱར་ཁའི་གུང་གསེང་དང་བསྟུན་ཏེ། གོང་ཟླ་ཚེས་ཉིན་ཏེ་ཉིན་གསུམ་གྱི་རིང་ལ་༧གཡུང་དྲུང་བོན་དཔེ་མཛོད་ཁང་དུ་འཚོག་གཏན་ཁེལ་ཟིན་པས་དེ་བཞིན་བོན་དང་བོན་གྱི་རིག་གཞུང་ལ་ཐུགས་སྣང་ཟབ་པ་རྣམས་དུས་ལྟར་དུ་ངེས་ཕེབས་ཡོང་བར་དགོངས་འཇགས་ཞུ།
༧གཡུང་དྲུང་བོན་གྱི་དཔེ་མཛོད་ཁང་གི་ཡིག་ཚང་ནས།
༢༠༡༨།༠༥།༠༥།