གཡུང་དྲུང་བོན་གྱི་དྲྭ་རྒྱ།

༧དཔལ་གཤེན་བསྟན་སྨན་རིའི་གླིང་དུ་མདོ་སྔགས་རྗོགས་གསུམ་གྱི་གཞུང་ཆེན་ཁག་གི་ལྗགས་ལུང་གནང་བ།

དེ་ཡང་༧ཞྭ་དཀར་གཡུང་དྲུང་བོན་གྱི་༧གདན་ས་ཆེན་མོ་དཔལ་གཤེན་བསྟན་སྨན་རིའི་གླིང་དུ་གསལ་བསྒྲགས་སྔོན་སོང་ལྟར་འདི་ལོའི་བོད་ཟླ་དང་པོ་གཉིས་བརྩེགས་དང་བསྟུན་ནས་དད་ལྡན་མང་ཚོགས་ཀྱི་རེ་བསྐུལ་ཞུས་དོན་བཞིན།  བོད་ས་ཕག་ལོའི་བོད་ཟླ་དང་པོ་ཕྱི་མའི་ཚེས་༩ ནས་ཚེས་༢༢བར་༧སྐྱབས་རྗེ་སྨན་རིའི་དཔོན་སློབ་ཡང་སྟོན་འཕྲིན་ལས་ཉི་མ་རིན་པོ་ཆེ་མཆོག་ནས་མདོ་སྔགས་རྫོགས་གསུམ་གྱི་གཞུང་ཆེན་ཁག་ལྗགས་ལུང་བཀའ་དྲིན་བསྩལ་རྒྱུའི་ཞལ་བཞེས་ཐོབ་དོན་ལྟར།

བོད་ཚེས་༩དེ་རིང་སྟེ་༧ཞྭ་དཀར་བསྟན་པའི་གཙུག་རྒྱན་༧སྐྱབས་རྗེ་རྒྱལ་བ་སྨན་རི་བའི་ཁྲི་འཛིན་རིན་པོ་ཆེ་མཆོག་དབུས་པའི་བཤད་སྒྲུབ་མཁན་སློབ་རྣམ་གཉིས་དང་དེ་བཞིན་དགེ་བའི་བཤེས་གཉེན་རྣམས་གཙོས་གྲྭ་མང་ཡོངས་དང་༧བཙུན་དགོན་རདྣ་སྨན་གླིང་གི་བཙུན་མ་རྣམས་དང་གསོ་རིག་འབུམ་བཞིའི་དགེ་སློབ་རྣམ་པ་དང་ཕྱི་རྒྱལ་ཡུལ་གྲུ་ཁག་ནས་ཕེབས་པའི་དད་ལྡན་པ་རྣམས་དང་གཞིས་ཆགས་དད་ལྡན་མི་མང་དང་བཅས་ལ་མདོ་སྔགས་རྫོགས་གསུམ་ལས་བླ་མེད་རྫོགས་པ་ཆེན་པོའི་གཞུང་ཆེན་<རྫོགས་ཆེན་བསྒྲགས་པ་སྐོར་གསུམ་>ལྗགས་ལུང་དབུ་འཛུགས་གནང་ཡོད་པའི་གནས་བསྡུས་ཙམ་དུ་ཁྱུངཿཁྲི་རྒྱལ་ནས་སྤེལ།