གཡུང་དྲུང་བོན་གྱི་དྲྭ་རྒྱ།

༧སྐྱབས་རྗེ་རྒྱལ་བ་སྨན་རིའི་ཁྲི་འཛིན་༣༤རིན་པོ་ཆེ་མཆོག་གིས་ཟླ་བ་གཉིས་རིང་ཨ་རི་དང་མེག་སུ་ཁོ་བཅས་སུ་མཛད་འཕྲིན་བསྐྱང་རྒྱུ་ཡིན་པ་བཅས་ཀྱི་གནས་བསྡུས།

སྤྱི་ལོ་༢༠༡༩ལོ་ཟླ་༥ཚེས་༢༠ ནས་ཟླ་དྲུག་པའི་ཚེས་༡༩ བར་༧ཞྭ་དཀར་བསྟན་པའི་གཙུག་རྒྱན་༧སྐྱབས་རྗེ་རྒྱལ་བ་སྨན་རི་བ་མཆོག་གིས་ཡོ་རོབ་ཕྱོགས་སུ་ཆིབས་སྒྱུར་བསྐྱངས་ནས་བསྟན་དང་འགྲོ་བའི་མཛད་འཕྲིན་ལེགས་པར་གྲུབ་སྟེ་སྤྱི་ཟླ་དྲུག་པའི་ཚེས༡༩ ཉིན་ཕ་རེ་སུའི་རྒྱལ་སྤྱིའི་གནམ་ཐང་ནས་མཁའ་ལམ་བརྒྱུད་ཨ་མེ་རི་ཁའི་ཝ་ཤིན་ཌོན་རྒྱལ་སྤྱིའི་གནམ་ཐང་དུ་བདེ་ལེགས་ངང་ཞབས་སོར་འཁོད་ཡོད་པ་དང་།

གནམ་ཐང་དུ་ཕེབས་བསུ་གནང་མཁན་ལིག་མི་རྐྱ་བོན་ཚོགས་ཀྱི་དབུ་བླ་བླ་མ་བསྟན་འཛིན་དབང་རྒྱལ་གཙོས་རྒྱུན་ལས་ཁག་དང་ས་གནས་དེ་གར་ཡོད་པའི་དད་ལྡན་བོན་འབངས་དག་ནས་ཕེབས་བསུ་གཟབ་རྒྱས་བྱས་ཡོད་པ་དང་།

སང་ཉིན་ནས་རིམ་བཞིན་བྱང་ཨ་རི་དང་མེག་སུ་ཁོ་བཅས་སུ་ཟླ་བ་གཉིས་དང་ལྷག་ཙམ་ལ་དད་ལྡན་སློབ་འབངས་རྣམས་ལ་ཐུན་མོང་སྔོན་འགྲོ་བསག་སྒྲུབ་དང་རིམ་པ་དང་། ཐུན་མིན་དངོས་གཞི་ལྟ་བའི་སྐོར་བཅས་ལ་བཀའ་ཁྲིད་བཀའ་དྲིན་བསྐྱང་རྒྱུ་དང་། གཞན་ཆོས་ཚོགས་ཁག་གི་དད་ལྡན་སློབ་འབངས་རྣམས་ནས་ཇི་ལྟར་གསོལ་བ་བཏབས་དོན་བཞིན་རིག་པའི་ལྷ་མཆོག་ཤེས་རབ་སྨྲ་བའི་སེང་གེ་དང་།

ཚེ་དབང་བྱ་རི་མ། སྒྲིབ་སྦྱོང་མུན་སེལ་འཁོར་བ་དོང་སྤྲུགས། ཡི་དམ་དབལ་ཁྱུང་དམར་པོ།སངས་རྒྱས་སྨན་ལྷ་བཅས་ཀྱི་བཀའ་དབང་ཟབ་མོ་བསྩོལ་འཆར་ཡོད་པའི་གནས་བསྡུས་སུ།

གནས་ཚུལ་མཁོ་འདོན་པ་སྐྱབས་རྗེ་མཆོག་གི་ཕྱག་ཞབས་ཚན་ཆུང་།