གཡུང་དྲུང་བོན་གྱི་དྲྭ་རྒྱ།

སྲིད་པའི་བོན་གྱི་ལེའུའི་ཡི་གེ་ལ་ཅུང་ཙམ་དཔྱད་པ། (1)

[ནང་དོན་གནད་བསྡུས ]  འདིར་སྲིད་པའི་བོན་གཞུང་སྤྱི་བཤད་བརྒྱུད།བོན་གྱི་ཡིག་ཚང་ཁྲོད་ཀྱི་ལེའུའི་ཡི་གེ་བཅུ་གསུམ་ཁོལ་དུ་ཕྱུང་ནས་གསེད་བཀྲོལ་བྱས་ཡོད།
[བརྡ་ཆད་གཙོ་བོ ]    སྲིད་པའི་བོན།   ལེའུ།   ལེའུ་ཡིག    ལེའུའི་ཡི་གེ
གླེང་གཞི།
སྔོན་ཆད་བོན་གྱི་ལེའུའི་ཡི་གེའི་སྐོར་ལ་དཔྱད་པ་སྟོང་ཞིང་རང་ལ་ཡང་དེ་འབྲེལ་གྱི་བློ་སྦྱོང་ཞན་པས་གསལ་བོར་འཆད་པར་མི་ནུས་ཀྱང་།བོད་ཀྱི་ཤེས་རིག་ཞིབ་འཇུག་ལ་བསྔོ་ཞིང་དགེ་བར་དམིགས་ཏེ།སྲིད་པའི་བོན་གྱི་དཔེ་རྙིང་ཁག་ལས་ལེའུའི་ཡི་གེ་བཅུ་གསུམ་ཟུར་དུ་ཕྱུང་སྟེ་དཔྱད་པ་ཞུ་རྒྱུ་ཡིན། བོན་གྱི་ལེའུའི་ཡི་གེ་དེ་དག་གསེད་བཀྲོལ་མ་བྱས་གོང་དུ། བོན་ལུགས་ལ་ཇི་ལྟར་གྲགས་པ་བཞིན་སྲིད་པའི་བོན་གཞུང་སྤྱི་བཤད་བརྒྱུད།  ཅི་ཞིག་ལ་ལེའུ་དང་ལེའུའི་ཡི་གེའི་གདགས་གཞི་གང་ཡིན་སྐོར་གླེང་བར་བྱ།དང་པོ། སྲིད་པའི་བོན་གཞུང་སྤྱི་བཤད། 

སྤྱིར་སྲིད་པའི་བོན་ནི་གཡུང་དྲུང་བོན་མ་དར་གོང་གི་བོད་ཀྱི་གདོད་མའི་ཆོས་ལུགས་ལ་ཟེར།བོན་ལུགས་སུ།སྲིད་པའི་བོན་གྱི་གཞུང་ནི་བོན་གྱི་ཐེག་དགུ་[①]ལྟར་ན་རྒྱུའི་ཐེག་པ་སྟེ་ཕྱྭ་སྣང་འཕྲུལ་སྲིད་བཞི་དང་།སྒོ་བཞི་མཛོད་ལྔ་[②]ལྟར་ན་སྲིད་པ་རྒྱུད་ཀྱི་བོན་སྒོ་དང་།ཕྱི་ནང་གསང་གསུམ་ལྟར་ན།ཕྱི་རྒྱུད་སྤང་ལམ་གྱི་ཁོངས་སུ་བསྡུས་ཡོད་ཅིང་།མིང་གི་རྣམ་གྲངས་ལ་ཆབ་ནག་སྲིད་པ་རྒྱུད་བོན་དང་།སྲིད་པའི་བོན།རྒྱུའི་བོན།ཆབ་ནག་བོན།ཡང་ན་སྲིད་པ་རྒྱུད་བོན་སོགས་བྱ།ད་ནི་སྲིད་པའི་བོན་གྱི་གཞུང་ཁོག་མདོ་ཙམ་སྤྲོས་ན།

དང་པོ་ཕྱྭ་གཤེན་ཐེག་པའི་བོན་ལ་དབྱེ་བ་མང་ཡང་།བསྡུས་ན་པྲ་ལྟས་མོ་དང་།རྣོ་མཐོང་རྩིས།ན་གསོ་གཏོ་དང་འཆི་བསླུ་དཔྱད་བཅས་རིགས་ཆེན་པོ་བཞི་དང་།རིགས་ཆུང་བ་བཅུ་དྲུག་སྟེ།ཡེ་སྲིད་འཕྲུལ་གྱི་ཇུ་ཐིག་དང་།ཡེ་མཁྱེན་སྒྲ་བླའི་མངོན་ཤེས།ཡེ་རྗེ་སྨོན་པའི་རྨི་ལམ་དང་།ཡེ་དབང་ལྷ་ཡི་བཀའ་བབ་བཅས་ཕྲ་ལྟས་མོ་ཡི་རིགས་བཞི།གབ་རྩེ་འཕྲུལ་གྱི་མེ་ལོང་དང་།སྤར་ཁམས་སྨེ་བ་གླིང་སྐོར།འབྱུང་བ་དུས་ཀྱི་འཁོར་ལོ་དང་།ཇུ་ཞག་རྟེན་འབྲེལ་ལས་རྩིས་བཅས་རྣོ་མཐོང་རྩིས་ཀྱི་རིགས་བཞི།འབྱུང་བ་འཁྲུག་པའི་ཡོ་གཏོ་དང་།མདོས་ཆ་རྟེན་འབྲེལ་བརྡེག་གཏོ།བག་ཉེན་བཟློག་པའི་ཐུན་གཏོ་དང་།མཉམ་གཉིས་བསོར་བའི་བརྗེ་གཏོ་བཅས་གཏོ་ཡི་རིགས་བཞི་དང་།རྒྱུ་རྐྱེན་མཐོང་ལ་དཔྱད་པ།ངོས་འཛིན་རྩ་ལ་དཔྱད་པ།ཕན་གནོད་ཆུ་ལ་དཔྱད་པ་དང་།འཆི་གསོས་ཁམས་ལ་དཔྱད་པ་བཞི་བཅས་ནང་གསེས་བཅུ་དྲུག་ཏུ་བཀར་ཡོད།

གཉིས་པ་སྣང་གཤེན་བོན་སྒོ་ལ་སྤྱི་རུ་ཆབ་ནག་ཆུ་བོ་སེལ་སྒོ།ཆབ་དཀར་འདྲེ་སྲིའི་སྒོ།འཕན་ཡུལ་མཉམ་བརྗེས་གླུད་སྒོ།དཔོན་གསས་ཕྱ་གཉན་གཏོའི་སྒོ་བཅས་རྣམ་པ་བཞི་དང་།བྱེ་བྲག་ཆབ་ནག་ཆུ་བོ་སེལ་སྒོ་ལ་སྲིད་པ་སྨྲང་ཆེན་སེལ་གཞུང་དང་།ཐུགས་དཀར་གཉེན་པོ་ལྷ་གཞུང་།སྒྲ་བླ་ཝེར་མ་དཔའ་ཁྲོམ་གཞུང་།སྲིད་པ་མིའུ་རྒྱུད་གཞུང་བཅས་སྨྲང་རྒྱུད་ཆུ་བོའི་གཞུང་བཞི་དང་།དེ་ལས་ཆབ་དཀར་འདྲེ་སྲིའི་སྒོ་ལ་འདྲེ་དགུ་སྐྱས་འདེབས་དང་།སྲི་བཅུ་ཐུར་གནོན་བཅས་གཉིས་དང་།འཕན་ཡུལ་མཉམ་བརྗེ་གླུད་སྒོ་ལ་ཕོ་གླུད་མོ་གླུད་ཆུང་གླུད་ཅེས་རིགས་ཆེན་པོ་གསུམ་དང་།དཔོན་གསས་ཕྱ་གཉན་གཏོ་སྒོ་ལ་དབྱིངས་ཀྱི་ལྷ་ཚོགས་ཚོགས་ཀྱིས་མཆོད་པ་དང་།མཁའ་ཡི་དབལ་མོ་བསྐང་གིས་མཆོད་པ།ཀློང་གི་དམ་ཅན་རྟེན་གྱིས་བརྟེན་པ་དང་།ས་བདག་ཀླུ་གཉན་གཏོ་ཡིས་བཅོས་པ་བཅས་ནང་གསེས་བཅུ་གསུམ་དུ་དབྱེ་ཡོད།

གསུམ་པ་འཕྲུལ་གཤེན་གྱི་བོན་སྒོ་འདི་ལ་སྤྱི་རུ་བསྙེན་དང་བསྒྲུབ་དང་ལས་སྦྱོར་རྣམ་པ་གསུམ་དུ་བསྟན་ཞིང་།དེ་ལས་བསྙེན་ཚུལ་ལ་ལུས་བསྐྱེད་དྲིན་ཅན་ཕ་མ་དང་།སེམས་བསྐྱེད་གཡུང་དྲུང་སློབ་དཔོན་དང་།མཐུན་པའི་གྲོགས་བསྐྱེད་ལྷ་སྲས་ལྕམ་བཅས་གསུམ་དང་།བསྒྲུབ་པ་ལ་གནས་དང་རྫས་དང་བཅའ་གཞི་གསུམ།ཏིང་འཛིན་སྙིང་པོ་ཕྱག་རྒྱ་གསུམ།ཚིག་བཤད་འཕྲིན་ལས་རྗེས་བྱ་བཅས་དབྱེ་བ་དགུ  སྦྱོར་བ་ལ་ཕྱི་རྒྱུད་ནང་རྒྱུད་གསང་རྒྱུད་གསུམ་སྟེ་ཕྱི་རྒྱུད་མཁའ་འགྱིང་དབལ་གྱི་རྒྱུད།ནང་རྒྱུད་དབལ་གསས་དྲག་པོའི་རྒྱུད།གསང་རྒྱུད་ལས་ཀྱི་ཐིག་ལེའི་རྒྱུད་བཅས་ནང་གསེས་བཅོ་ལྔ་ཡོད།

བཞི་བ་སྲིད་གཤེན་ལ་སྤྱི་རུ་ཤི་ཐབས་འདུར་ཐབས་གཉིས་ཡོད་ཅིང་།དེ་ལས་ཤི་ཐབས་རིགས་ལ་རྒན་གཞོན་བྱིས་པ་གྲི་རྒོད་དང་བཞི་ལ་ཕོ་མོ་གཉིས་སུ་ཕྱེ་བས་བརྒྱད་དམ།ཡང་ན།ཤི་ཐབས་གྱ་གཅིག་སྟེ།བར་ཆད་གདོན་གྱིས་ཤི་བ་དང་།འདུ་བ་ནད་ཀྱིས་ཤི་བ།གློ་བུར་རྐྱེན་གྱིས་ཤི་བ།རྣོ་གཅོད་མཚོན་གྱིས་ཤི་བ་བཅས་ལ་ཉི་ཤུ་ཉི་ཤུ་དང་།ཚེ་ཟད་ལས་ཀྱི་ཤི་བ་གཅིག་བཅས་གྱ་གཅིག་ལས་རིམ་གྱིས་སུམ་བརྒྱ་དྲུག་བཅུའི་གྲངས་སྲིད་པ་དང་།འདུར་ཐབས་ལའང་དོན་རྟགས་རྩིས་ཀྱི་བོན་བཅུ།གཏད་གནད་གཏོད་འཆིང་གི་བོན་བཅུ།སྲིད་པ་ཤི་རབས་ཀྱི་བོན་རྒྱུད་བརྒྱད།གཏོས་པ་ཐག་ཆོད་བོན་སྡེ་བཅུ་གཉིས། འཁོར་བ་གེགས་སེལ་གྱི་བོན་རྒྱུད་བཅུ།དཔོན་དོན་ཤི་རབས་ཀྱི་བོན་རྒྱུད་བདུན།བླ་ཡིད་སེམས་བསྡུས་ཀྱི་བོན་སྒོ་གསུམ།ཡུལ་ཤེས་འདོད་སྤྱོད་ཀྱི་བོན་སྒོ་བརྒྱད།གསོན་གཤིན་ཡུལ་བགོས་ཀྱི་བོན་སྒོ་བཅུ་གཉིས།ཕྱ་གཡང་གཡེན་ཁམས་དང་བཅས་བརྒྱད་བཅུ་རྩ་གཅིག་ཡོད་ཀྱང་།ཤི་ཐབས་དེ་རྣམས་དྲིལ་ན་བཀྲ་དང་བཀྲེའུ་གཉིས།གྲི་དང་མཚོན་བཅས་འདུར་སྒོ་བཞིར་བསྡུས་ཡོད།

གོང་དུ་སོང་བ་ནི་སྲིད་པའི་བོན་གྱི་གཞུང་ཁོག་སྤྱི་ཙམ་ཡིན། འོ་ན་ཅི་ཞིག་ལ་ལེའུ་ཡིག་དང་ལེའུའི་ཡི་གེའི་གདགས་གཞི་ཅི་ཡིན་ཞེ་ན།བོན་རིག་ཉམས་ཞིབ་པ་ངག་དབང་རྒྱ་མཚོས་གདོད་མའི་བོན་གྱི་ཆོ་ག་སྤེལ་མཁན་དག་ལ་ལེའུ་དང༌།ལྷ་བདག་ལེའུ།བོན་པོ་ལེའུ།ལེའུ་ལྷ་བདགསྲིད་པའི་ལེའུ།ཨ་མྱེས་ལེའུ།ཡུལ་སྐད་དུ་ལོད་པོ་དང་ལེ་ཀུ་སོགས་ཅི་རིགས་སུ་འབོད་སྲོལ་མཆིས་[③]ཞེས་གནའི་བོན་སྲོལ་ལ་སྲིད་པའི་བོན་གྱི་ཆོ་ག་སྤེལ་མཁན་གང་ཟག་གམ་སྲིད་པའི་བོན་གྱི་གཞུང་དེ་དག་རང་རྒྱུད་དུ་ཉམས་སུ་ལེན་མཁན་གྱི་སྐྱེས་བུ་དག་ལ་ལེའུ་དང་།བོན་པོ་ལེའུ།སྲིད་པའི་ལེའུ།ལེ་ཀུ།ལྷ་བདག་ལེའུ་སོགས་ཅི་རིགས་འབོད་ཅིང་།བོན་པོ་ལེའུ་དེ་དག་གིས་སྤྱོད་པའི་སྲིད་པའི་བོན་གྱི་འདོན་ཆའམ་ཆོ་ག་ཕྱག་ལེན་སྐོར་གྱི་ཡིག་ཆ་ལ་ལེའུ་ཡིག་ཟེར་སྲོལ་ཡོད། དེ་བས། གྱི་ན་བས་ཀྱང་འདྲ་བ་རྒྱུ་མཚན་དེ་ལ་བརྟེན་ནས་བོན་གྱི་ལེའུ་གཞུང་ངམ་སྲིད་པ་བོན་གྱི་ལེའུ་ཡིག་དེ་དག་ཁྲོད་ཀྱི་བོན་གྱི་ལེའུས་ཆེད་དུ་བཀོལ་སྤྱོད་བྱེད་པའི་ཡི་གེ་ཁྱད་པར་བ་དེ་རིགས་ལ་གང་ཟག་གི་ཆ་ནས་ལེའུའི་ཡི་གེ་དང་།ལེའུ་གཞུང་གི་ཆ་ནས་སྲིད་པའི་བོན་གྱི་ཡི་གེ་ཞེས་བྱ་བ་ཡིན།སྤྱིར་སྲིད་པའི་བོན་གྱི་ལེའུ་ཡིག་ཕལ་མོ་ཆེ་ནི།རྙིང་ཞིང་རལ་བའི་བོད་ཤོག་ཐོག་བྲིས་པའི་དབུ་མེད་ལག་བྲིས་ཡིན་པ་དང་།བྲིས་པའི་ཡིག་གཟུགས་སྣ་ཚོགས་སུ་སྣང་ཞིང་།སྐུང་ཡིག་དང་གྲངས་ཡིག་བསྡུས་ཆེ་བ།གཞན་སེམས་ཅན་སྣ་ཚོགས་ཀྱི་གཟུགས་རིས་དང་།འགྲེལ་བཤད་དཀའ་བའི་ལྐོག་གྱུར་རི་མོ་དག་གིས་ཟུར་བརྒྱན་ཏེ་བརྗོད་པ་ཡོངས་སུ་རྫོགས་པར་མཚོན་པ་སོགས་ཀྱིས་དཔྱད་པར་ཚེགས་ཆེ་ཞིང་།སྒོས་སུ་བོན་གྱི་ལེའུ་དེ་དག་གིས་འཇིག་རྟེན་འདི་ཕྱི་གཉིས་ལས་འཇིག་རྟེན་འདིའི་བདེ་སྡུག་གམ་འཕྲལ་གྱི་བྱ་བ་གཙིགས་སུ་བཟུང་སྟེ།ཡར་རྒན་གྱི་ལྷ་གསོལ་བ་དང་།བར་ཁྱིམ་གྱི་ཐབས་འདོན་པ།མར་འདྲེ་སྲི་གནོན་པ་བཅས་ལ་དམར་མཆོད་ཀྱི་ལས་ཀྱང་བྱེད་པས་ན།ཕྱིས་སུ་དར་བའི་གཡུང་དྲུང་བོན་གྱི་རྗེས་འཇུག་པ་དག་གིས་ལེའུ་ལྷ་ལོག་གམ་ལེ་གུ་ལྟ་ལོག་ཅེས་དམའ་འབེབས་མཛད་དེ་ལེའུ་བོན་པོར་མི་རྩི་བ་དང་། བོན་པོ་ལེའུ་རང་ལ་བོན་སྒོ་སྤེལ་སའི་ཐུན་མོང་གི་གསས་ཁང་ངམ་ལྷ་ཁང་ཉུང་བ་ སོགས་ཕྱི་ནང་གི་རྐྱེན་དུ་མའི་དབང་གིས། ད་ལྟ་བོད་ཡུལ་དུ་སྲིད་པ་བོན་གྱི་ཆོ་ག་སྤེལ་མཁན་གྱི་ལེའུ་དཀོན་ཞིང་བོན་གྱི་ལེའུ་ཡིག་མང་པོ་ཞིག་ཀྱང་བོད་ཀྱི་ཡུལ་མཐའི་གྲོང་དང་གྲོང་གསེབ་ན་འབྱུང་བཞིའི་བག་ལ་ཞ་བར་གྱུར་ཡོད།

གཉིས་པ། ལེའུའི་ཡི་གེ་གསེད་བཀྲོལ།

ད་ནི་སྲིད་པའི་བོན་གྱི་ལེའུ་ཡིག་ཏུ་འཁོད་པ་ཇི་བཞིན་ལེའུའི་ཡི་གེ་བཅུ་གསུམ་ཁོལ་དུ་ཕྱུང་ནས་བྲི་བྱ་ཞིང་།ལེའུ་ཡིག་ཁྲོད་ཀྱི་ཚིག་རྐང་སྔ་ཕྱི་ཕན་ཚུན་གོ་བསྡུར་ཏེ་རང་བློའི་དཔག་ཚོད་ཀྱིས་ལེའུའི་ཡི་གེ་སོ་སོའི་གཟུགས་རིས་དང་།སྒྲ་གདངས།མཚོན་དོན།སྦྱོར་ཚུལ་བཅས་ལ་དཔྱད་པ་ཅུང་ཙམ་བགྱིས་ན།

གཅིག   ལེའུའི་ཡི་གེ་བཅུ་གསུམ་ཁོལ་ཕྱུང་དཔེ་རིས།

   1       2         3 4      5  6  7
  8   9   10   11   12   13  

 གཉིས།  ལེའུའི་ཡི་གེ་བཅུ་གསུམ་གསེད་བཀྲོལ།

གཤམ་དུ་ལེའུའི་ཡི་གེའི་གདངས་དང་བསྟན་བྱ་དག་བོད་ལ་ཡོངས་སུ་གྲགས་པའི་ཐོན་མིའི་སྒྲ་སྦྱོར་ཡི་གེ་སྟེ་བོད་ཡིག་ལྟར་བྲིས་པ་ཕུད། དཔྱད་བདེ་བའི་ཕྱིར་ལེའུའི་ཡི་གེ་སོ་སོ་ནི་མ་ཡིག་དབུ་མེད་ལ་ཇི་ལྟར་ཡོད་པ་བཞིན་ཟུར་དུ་ཕྱུང་སྟེ་མ་ཡིག་ལ་A B C D I རྟགས་ཀྱིས་ཕྱག་བཏབ་ཏེ་འདྲ་བཤུས་བྱས་མཐར།ལེའུའི་ཡི་གེ་བཅུ་གསུམ་པོ་རེ་རེ་ནས་གསེད་དཀྲོལ་སྤྱི་ཙམ་བྱས་རྗེས་ཡི་གེ་སོ་སོའི་གཟུགས་རིས་དང་།སྒྲ་གདངས།མཚོན་དོན།སྦྱོར་ཚུལ་བཅས་མདོར་དྲིལ་ཏེ་རེའུ་མིག་ཏུ་བཀོད་ཡོད།

གཅིག  ལེའུའི་ཡི་གེ་“” “” སྐོར།

ཀ  མ་ཡིག་འདྲ་བཤུས།

ཁ  ལེའུ་ཡིག་གསེད་བཀྲོལ།
སྲིད་པའི་བོན་གྱི་དགྲ་བླ་གཉན་དང་།ཝེར་མ་གཉན།ཅང་སེང་གཉན་དང་།ཤུགས་མགོན་གཉན་བཅས་གཉན་གཞུང་ཆེན་མོ་བཞིར་གྲགས་པའི་ཡིག་ཆ་སོགས་སུ་ལེའུའི་ཡི་གེ“” འདི་རིགས་སྤྱོད་པ་ཅུང་མང་ཞིང་།ལེའུ་ཡིག་ཏུ་གཏོར་གཟུགས་ “”འདི་ལྟ་བུ་བྲིས་པ་ཡིན་ན་སྐབས་རེར་རི་བོ་དང་། ཕུར་བའི་དབྱིབས་ “”འདི་ལྟ་བུ་ནི་བོད་ཡིག་གི་“དྲག”་དང་“དགྲ”་ལ་འཇུག་ཅིང་། དེས་དགྲ་བགེགས་བཟློག་པའི་དོན་ཡང་ཤུགས་ལ་མཚོན།ཟུར་གསུམ་མམ་ཕུར་དབྱིབས་དེའི་དཀྱིལ་དུ་ནག་ཐིག་ཅིག་བྲིས་པ་ཡིན་ན་གཟུགས་འདི་“”གྲུབ་ཅིང་། དེས་དགྲ་བོ་མཐུ་ཅན་དང་། དྲག་པོའམ་གཉན་པོ་མཚོན། དེས་ན་གོང་གི་ལེའུའི་ཡི་གེ་དེ་དག་ཚིག་གི་ཕྲེང་བར་ཐོན་ཚེ་ཇི་ལྟར་བཀླག་དགོས་ཞེ་ན། མ་ཡིག་A་ལས་“”་ཞེས་པ་དེ“དགྲ་བགེགས་སྒྲོལ་”ཞེས་པའི་དོན་ཡིན་པས་ན། ལེའུའི་ཡི་གེ“”འདི་ལ་བོད་ཡིག་གི་“དགྲ dgar”ཞེས་པ་ལྟར་ཀློག་དགོས་པ་དང་། ཕུར་དབྱིབས་གཟུགས་ཅན་གྱི་ཡི་གེ་“”འདིའི་ཀླད་དུ་འཕྲེད་ཐིག་“─”་འདི་འདྲ་སྦྱར་ཚེ་ཡི་གེའི་གཟུགས་“”་འདི་གྲུབ་ཅིང་།དེས་ཅི་མཚོན་པ་དང་དེ་ཇི་ལྟར་བཀླག་ཅེ་ན། མ་ཡིག་C་ལས་“”ཞེས་པ་ནི་“དགྲ་བོའི་ཡུལ་དུ་དམག་སྣ་དྲོངས་”ཞེས་དང་།མ་ཡིག་D་ལས་“”ཅེས་པ་ནི“དམ་ཉམས་དགྲ་བོ་མ་ཤོར་ཅིག”ཅེས་པའི་དོན་སྟོན་ཕྱིར། མ་ཡིག་C་དང་D་ཡི་སྐབས་སུ་ཡི་གེ་“”་འདིའི་ཀླད་ཀྱི་འཕྲེད་ཐིག་དེ་དབྱངས་ན་རོའི་ཚུལ་གྱིས་བོད་ཡིག་གི་“དགྲ་བོdgar bo”ཞེས་པ་ལྟར་ཀློག་དགོས་ཤིང་།དེས་ “དགྲ་བོ”མཚོན།  མ་ཡིག་B་ལྟར་ན། ལེའུའི་ཡི་གེ་“་”ནི་གོང་གི་མ་ཡིག་C་དང་D་སྐབས་ཀྱི་“དགྲ་བོའི”་དོན་མ་ཡིན་པར་“དྲག་པོ”ལ་འཇུག་གི་ཡོད་དེ།མ་ཡིག་B་ལས་“”ཞེས་པ་ནི་“དྲག་པོའི་ཐོག་གི་མདའ་གཞུ་བསྣམས”ཞེས་པ་སྟོན་ཕྱིར། ལེའུའི་ཡི་གེ་“་”འདི་“དྲག་པོ”ལ་འཇུག་མོད། ལེའུ་ཡིག་ཕན་ཚུན་བསྡུར་ནས་བལྟས་ཚེ།ལེའུའི་ཡི་གེ་“”འདི་“ཁྲོ་བོ”ལའང་འཇུག་སྟེ། མ་ཡིག་མ་ཡིག་A་ལས“”ཞེས་པ་དང་།མ་ཡིག་I་ལས“”ཞེས་པ་སོ་སོ་ནི་“ཕུར་ནག་དྲག་པོའམ་ཁྲོ་བོའི་ལྷ་ཚོགས”ཞེས་པ་དང་།  “ཁྲོ་བོའམ་དྲག་པོའི་དབལ་ཕུར་ལྷ་ཚོགས་ཐམས་ཅད”ཅེས་པར་འགྲེལ་དགོས་པས་ན། ལེའུ་ཡིག་“”ལ་བོད་ཡིག་གི་“དྲག་པོ darg po”འམ་“ཁྲོ་བོ khro bo ་”ཞེས་པ་ལྟར་ཀློག་དགོས་ཤིང་དོན་ཡང་དེ་བཞིན་སྟོན།
མདོར་ན།སྲིད་པའི་བོན་གྱི་ལེའུའི་ཡི་གེ“”དང་“”འདི་གཉིས་དྲག་པོའི་“དྲག”་དང་། དགྲ་བོའི་“དགྲ”་དང་། ཡི་གེ་“”དང་“”  སོ་སོས་“དགྲ་བོ” འམ་“དྲག་པོ” །  ཡང་ན་“ཁྲོ་བོ” མཚོན་ནོ།

ཡིག་གཟུགས          སྒྲ་གདངས།     མཚོན་དོན།                              སྦྱོར་ཚུལ། 
  ①Dgar     ②darg ①དགྲ   ②དྲག  
  ①    dgar bo    ②darg po②    khro bo ①དགྲ་བོ།    ②དྲག་པོ།③ཁྲོ་བོ།  

གཉིས ལེའུ་ཡིག་”སྐོར།

ཀ  མ་ཡིག་འདྲ་བཤུས།

ཁ  ལེའུ་ཡིག་གསེད་བཀྲོལ། 

ལེའུའི་ཡི་གེ་““ འདི་རིགས་སྤྱིར་བོན་གྱི་སྲིད་རྒྱལ་མ་དང་། དབལ་མོའི་དམག་ཚོགས་སོགས་ཁྲོ་བོའི་བསྐང་འཕྲིན་སྐོར་གྱི་ཡིག་ཆར་འབྱུང་བ་མང་ཞིང་རེས་མོས་ཀྱིས་འབྲི་སྲོལ་ཡང་ཡོད།ལེའུའི་ཡི་གེ་དེ་གཉིས་ཀྱི་སྒྲ་དོན་ཅི་ཡིན་ཞེ་ན། མ་ཡིག་A་ལས“ ”ཞེས་པ་ནི“སྐྱེ་རྒ་ན་འཆི་བདུད་བཞི་འདུལ། ཁྲོ་བོ་ལྷ་མོ་འབུམ་གྱིས་བསྐོར་”ཅེས་པའི་དོན་ཡིན་པས་ན། ཡི་གེ“”འདིས“ཁྲོ་བོ”མཚོན་ཞིང་བཀླག་ཀྱང་དེ་བཞིན་བོད་ཡིག་གི་“ཁྲོ་བོ་khro bo”ལྟར་ཀློག་དགོས།ཟུར་གསུམ་བསྣོལ་མ་དེའི་དཀྱིལ་དུ་ནག་ཐིག་ཅིག་བྲིས་ཚེ། གཟུགས་“ ”འདི་གྲུབ་ཅིང་། དེས་“ཁྲོ་བོ་མཐུ་ཅན”ནམ་“དྲག་པོ་གཉན་པོ”་མཚོན་པར་མ་ཟད། ཟུར་གསུམ་བསྣོལ་མ་དེ་ལ་“བཟློག”པའི་དོན་ཡང་ཡོད་པ་ཤུགས་ལ་གོ་དགོས།གང་ཞིག་བརྗོད་པའི་ཚིག་གི་ཕྲེང་བར་བསྟར་བའི་ཚེ་ན། སྐབས་བསྟུན་གྱིས་བོད་ཡིག་གི་“ཁྲོ་བོ khro bo”འམ་“དྲག་པོ darg po”་ལྟར་ཀློག་དགོས་མོད། སྤྱིར་“ཁྲོ་བོ khro bo”ཞེས་བཀླག་པ་ཁྱབ་ཆེ། ཟུར་གསུམ་བསྣོལ་མ་““འདི་གཉིས་གང་རུང་ཀླད་དུ་དབྱངས་གི་གུ་སྦྱར་བ་ཡིན་ན་ཟུར་གསུམ་བསྣོལ་མ་དེ་རང་སོར་བཞག་ཐོག་ཡིག་གཟུགས་འདི་“”གྲུབ་ཅིང་།  འདོན་སྟངས་དང་བསྟན་བྱ་ནི་གོང་གི“ཁྲོ་བོ་”ཞེས་པ་མ་ཡིན་པར་“ཞི་ཁྲོ”ཞེས་པར་འཇུག་སྟེ།དེ་ཡང་མ་ཡིག་B་ལས“”ཞེས་པ་ནི་“ཞི་ཁྲོ་ཕྱི་ནང་གསང་གསུམ་གྱི་ལྷ་ཚོགས།ཞི་ཁྲོ་དབང་གི་ལྷ་ཚོགས།ཡེ་ཤེས་ཁྲོ་བོའི་ལྷ་ཚོགས། དབལ་མོ་དམག་ཚོགས”ཞེས་པའི་དོན་སྟོན་པས་ན། ཡི་གེ་“”འདི་ལ་བོད་ཡིག་གི་“ཞི་ཁྲོ zhi khro”ཞེས་ཀློག་དགོས་ཤིང་ཤུགས་ལ་“ཞི་ཁྲོའི་ལྷ་ཚོགས་ཀྱིས་གདོན་བགེགས་མ་ལུས་བཟློག་”ཅེས་པ་མཚོན་ནོ།།

ཡིག་གཟུགས།    སྒྲ་གདངས།      མཚོན་དོན།                      སྦྱོར་ཚུལ། 
  ①   khro bo
②   darg po
①ཁྲོ་བོ།②དྲག་པོ།  
  zhi khro ཞི་ཁྲོ།  

གསུམ། ལེའུ་ཡིག་”་གྱི་སྐོར།

ཀ  མ་ཡིག་འདྲ་བཤུས།

ཁ   ལེའུ་ཡིག་གསེད་བཀྲོལ།

སྤྱིར་སྲིད་པའི་བོན་ལུགས་སུ་གཉན་གྱི་རིགས་ལ་ཉི་གཉན་དང་།ཟླ་གཉན།སྐར་གཉན།གཟའ་གཉན།འཇའ་གཉན།སྤྲིན་གཉན།རྫི་གཉན།རླུང་གཉན།གངས་གཉན་དང་།བྲག་གཉན།ནགས་གཉན།ས་གཉན།ཆུ་གཉན།རྡོ་གཉན།ཤིང་གཉན་སོགས་དབྱེ་བ་མང་དུ་ཡོད་ལ། ལེའུའི་ཡི་གེ་འདི་རིགས་སྲིད་པ་གཉན་དང་འབྲེལ་བའི་ཡིག་ཆར་མཐོང་རྒྱུ་ཅུང་མང་། ལེའུ་ཡིག་གི་ཚིག་རྐང་སྔ་ཕྱི་གུང་བསྒྲིགས་ནས་བལྟས་ཚེ། ཡི་གེ་འདི་ལ་གཉནགྱི་སྒྲ་ཐོན་ཞིང་འཇུག་བྱ་ཡང་གཉན་སྟེ། མ་ཡིག་A་ལས་གིས་རྒྱོལ། སི་རྒྱལ་མོ། ཤར་ ་ཐུ་བ་ཁྲི་སངས་དང་། ལྷོ་ ་སོ་བ་གཡུའ་རྩེ་དང་། ནུབ་ ་སོ་བ་ལྕཌ་རྩེ་དང་།  བྱང་་ཀྱིས་དང་མཚལ་རྩེཞེས་པ་ནི་གཉན་གྱི་རྒྱལ་བོ།གཉན་གྱི་རྒྱལ་མོ།ཤར་གཉན་ཐུ་བ་ཁྲི་སངས་དང་།ལྷོ་གཉན་སོ་བ་གཡུ་རྩེ།ནུབ་གཉན་སོ་བ་ལྕགས་རྩེ་དང་།བྱང་གཉན་ཀྱིས་ཏང་མཚལ་རྩེཞེས་པའི་དོན་དང་། དེ་བཞིན་མ་ཡིག་A་ལས་རི་་དང་ནས་ལུང་་དང་། ཕུ་་དང་ནི་མདོའ་་དང་། ཉིན་་་དང་ནི་སྲིད་་དང་། ཤེང་་དང་ནི་རྡོ་་དང་། ཆུ་་དང་ནི་ལམ་་་དང་། གནམ་་དང་ནི་ས་ཞེས་པ་ཡང་རི་གཉན་ལུང་གཉན་དང་། ཕུ་གཉན་མདོ་གཉན་དང་།ཉིན་གཉན་སྲིབ་གཉན་དང་།ཤིང་གཉན་རྡོ་གཉན་དང་།ཆུ་གཉན་ལམ་གཉན་དང་།གནམ་གཉན་ས་གཉན་ཞེས་པའི་དོན་དང་།གཞན་མ་ཡིག་B་ལས་ཕློ་མྱི་འཛིན་སྐུ་རྟེན་དེ་།བྱ་རྡང་་ལ་དཔའ་ཆེས་གསོལ་ཞེས་པ་ཡང་བྱ་རྡང་གཉན་ལ་དཔའ་ཆས་གསོལ་ཞེས་པའི་དོན་སྟོན་ཕྱིར།གོང་གི་མ་ཡིག་AB་ལས་འབྱུང་བའི་ལེའུའི་ཡི་གེའདི་གཉན་ཞེས་པར་འཇུག་ཅིང་། བོད་ཡིག་གི་“གཉན་ gnyan” ཞེས་པ་ལྟར་ཀློག་དགོས་སོ།།

ཡིག་གཟུགས།  སྒྲ་གདངས།    མཚོན་དོན།                                         སྦྱོར་ཚུལ། 
  Gnyan གཉན རི་་།  ལུང་་།  ཕུ་་།  མདོ་་།  ཉིན་་།  སྲིབ་་།  ཤེང་་།    རྡོ་་།

བཞི།   ལེའུ་ཡིགསྐོར།

ཀ  མ་ཡིག་འདྲ་བཤུས།

 ཁ  ལེའུ་ཡིག་གསེད་བཀྲོལ། 

ཡི་གེ”་རྐྱང་བ་འདི་ལ་དབྱངས་ན་རོ་ཞུགས་པ་ཡིན་ན་ཡིག་གཟུགས་འདི་ལྟར་འབྲི་ཞིང་། སྒྲ་དོན་ཅི་ཡིན་ཞེ་ན། མ་ཡིག་A་ལསཞེས་དང་། མ་ཡིག་B་ལས་ཞེས་དང་། ཡང་ན་མ་ཡིག་C་ལས་ཞེས་པ་སོ་སོ་ནི་མགོན་པོ་ལྷ་སྲུང་གཉན་པོ་རྣམསཞེས་དང་།བདུད་འདུལ་བྱ་རྡང་གཉན་པོ་བཞེངསཞེས་དང་།མཐུ་ཆེན་སྲུང་མ་གཉན་པོ་རྣམསཞེས་པའི་དོན་ཡིན་པས་ན།ཡི་གེ་”འདི་ལ་བོད་ཡིག་གི་གཉན་པོ gnyan poའམ་གཉན་མོ gnyan mo་ཞེས་པའི་སྒྲ་ཐོན་ཞིང་།དོན་ཡང་གཉན་པོ”་ལ་འཇུག་ཅིང་།   ཡི་གེ་དེ་ལ་དབྱངས་འགྲེང་བུ་སྦྱར་ན་གཟུགས་རིསའདི་ལྟར་འགྱུར་ཞིང་། དོན་ནི་མ་ཡིག་D་ལས་ ཞེས་སྐབས་འདིར་ཡི་གེའདིས་གཉན་ཆེནནམ་གཉན་རྗེམཚོན་ཞིང་།སྒྲ་གདངས་ཀྱང་བོད་ཡིག་གི་གཉན་ཆེན gnyan chenནམ་གཉན་རྗེ gnyan rge”ཐོན་པ་དང་།  འདི་ལ་ཡ་བཏགས་དང་གི་གུ་གཉིས་ཀ་སྦྱར་ཚེ་ཡིག་གཟུགས་འདི་ལྟར་གྲུབ་ཅིང་།བསྟན་དོན་ནི་མ་ཡིག་D་ལས་ཞེས་པ་ནི་་གཉན་གྱི་རྗེ་བློནཞེས་པ་ཡིན་པས་ན།ཡི་གེ་འདིས་“གཉན་གྱི”ཞེས་རྣམ་དབྱེ་དྲུག་པའི་གྱི་སྒྲ་ཡང་བསྡུས་ནས་བསྟན་ཡོད་པས་ན། བོད་ཡིག་གི་“གཉན་གྱི gnyan gyi” ཞེས་པ་ལྟར་ཀློག་དགོས་སོ།།

ཡིག་གཟུགས།    སྒྲ་གདངས།         མཚོན་དོན།                         སྦྱོར་ཚུལ། 
  ①gnyan rge
②gnyan chen
①གཉན་རྗེ།②གཉན་ཆེན།  
  ①   gnyan po
②   gnyan mo
 ①གཉན་པོ།②གཉན་མོ།  
  gnyan gyi གཉན་གྱི  

ལྔ།  ལེའུ་ཡིག་”ཡི་སྐོར། 

ཀ  མ་ཡིག་འདྲ་བཤུས།

ཁ  ལེའུ་ཡིག་གསེད་བཀྲོལ།

སྤྱིར་བོན་ལུགས་སུ་ལྷ་མཁར་དང་ལྷ་ཡི་རྟེན་མཁར་ལ་གསས་མཁར་བྱ། ལེའུའི་ཡི་གེ་“”འདི་གང་ལ་འཇུག་པ་དང་། ཇི་ལྟར་བཀླག་པར་བྱ་ཞེ་ན། མ་ཡིག་A་ལས་“  ”ཞེས་པ་ནི་“འཕྲིན་ལས་མཐའ་རུ་ཕྱིན་པར་གསས་མཁར་ནས་”སམ་“འཕྲིན་ལས་མཐའ་རུ་ཕྱིན་པར་སྒོ་བཞི་ནས་”ཞེས་པའི་དོན་དང་། མ་ཡིག་B་ལས་“”ཞེས་པ་ནི་“ས་འདི་སྲུངས། ཧེ་དབྱེ་རོག་གསེར་འོད་འབར་བའི་གསས་མཁར”་རམ་“སྒོ་བཞི”་ཞེས་པའི་དོན་དུ་གོ་བས་ན།  ཡི་གེ“”་འདི“གསས་མཁར”་རམ་“སྒོ་བཞི”གང་རུང་ལ་འཇུག་ཅིང་།བོད་ཡིག་གི་“གསས་མཁར་gsas mkhar”རམ་“སྒོ་བཞི་sgo bzhi”ལྟར་ཀློག་དགོས་མོད། ལེའུ་ཡིག་གང་མང་བསྡུར་ནས་བལྟས་ཚེ་ཡི་གེ་“”འདི་“གསས་མཁར”་ལ་འཇུག་པ་ཁྱབ་ཆེའོ།།

ཡིག་གཟུགས།    སྒྲ་གདངས།    མཚོན་དོན།                       སྦྱོར་ཚུལ།
  ①   gsas mkhar
②   sgo bzhi
①གསས་མཁར།
②སྒོ་བཞི།
 

གསུམ་པ། ལེའུའི་ཡི་གེའི་ཁྱད་ཆོས་དང་མདོ་བསྡུ་བའི་གཏམ།

སྲིད་པའི་བོན་ནི་གཡུང་དྲུང་བོན་མ་དར་གོང་གི་བོན་སྣ་མི་འདྲ་བ་སུམ་ཅུ་རྩ་གསུམ་[④]གཙོས་པའི་བོན་དང་།  ལྷག་པར་གཡུང་དྲུང་བོན་གྱི་ཐེག་དགུ་ལས་རྒྱུའི་བོན་ནི་སྲིད་པའི་བོན་དེ་བསྒྱུར་བཅོས་བསྣུབས་གསུམ་བྱས་པའི་རྨང་ཐོག་ནས་མ་ལག་ཆ་ཚང་དུ་བསྒྱུར་བའི་བོན་ཡིན་པས་ན།  སྲིད་པའི་བོན་ནི་དུས་ཀྱི་ཆ་ནས་བྱུང་སྔ་ལ་དོན་གྱི་ཆ་ནས་ཟབ་ཅིང་ཡངས་པ་ཞིག་རེད། གཤམ་དུ་གོང་གི་བོན་གྱི་ལེའུའི་ཡི་གེའི་ཁྱད་ཆོས་དང་དེ་འབྲེལ་གྱི་རང་གི་ལྟ་ཚུལ་མདོ་ཙམ་བརྗོད་ན།ལེའུའི་ཡི་གེ་ལ་ཁྱད་ཆོས་འདི་འདྲ་ཞིག་ཡོད་དེ།

གཅིག  བརྗོད་བྱའི་དངོས་པོ་གང་ཞིག་ལ་རྗོད་བྱེད་ཀྱི་སྒྲ་རེ་སྦྱར་ཏེ་དོན་སྟོན་པ་ནི་ལེའུའི་ཡི་གེ་བྱིངས་ཀྱི་ཁྱད་ཆོས་ཤིག་ཏུ་སྣང་མོད། ཡི་གེ་ཁ་ཤས་ཀྱི་གདངས་ཀྱི་ཕྱི་མོར་གཏན་ཆགས་མེད་པར་འདོན་སྟངས་མི་འདྲ་བ་དང་། ཡིག་གཟུགས་གཅིག་ཉིད་དོན་དུ་མར་འཇུག་སྟེ། དཔེར་ན།“”དང་“”གཉིས་ནི་སྐབས་འགར་བོད་སྐད་ཀྱི་“དགྲ”་དང་། སྐབས་རེར“དྲག”་ཞེས་ཀློག་དགོས་ཤིང་སོ་སོའི་དོན་ཡང་དེ་བཞིན་ “དགྲ”་དང་“དྲག”་ལ་འཇུག་པ་ལྟ་བུ།

གཉིས།  ཡི་གེ་སྤྱིའི་འཕེལ་རིམ་ངོས་ནས་བལྟས་ན།བོན་གྱི་ལེའུའི་ཡི་གེ་ནི་བརྗོད་བྱའི་དངོས་པོ་གང་ཞིག་གི་གཟུགས་དབྱིབས་སམ་རྣམ་པ་སོགས་ཇི་བཞིན་རི་མོར་བྲིས་ནས་རྗོད་བྱེད་ཀྱི་སྒྲ་རེ་སྦྱར་བའི་འདྲ་གཟུགས་ཡི་གེ་རྐྱང་བ་ཙམ་མ་ཡིན་པར།  དོན་གྱི་ངོ་བོ་ཙམ་སྟོན་པས་ན་དོན་མཚོན་ཡི་གེའི་ཁྱད་ཆོས་ཐོན་ཡོད་ལ། ཡི་གེ་བྱིངས་བྲི་བདེ་འཛིན་སླ་བ་ཞིག་རེད།

གསུམ། ཚིག་འབྲུ་བསྡུས་ནས་སྟོན་ཆེ་བ་སྟེ།སྔོན་འདོགས་རྗེས་གསུམ་སོགས་དབྱངས་གསལ་མང་པོ་ཞིག་ཡིག་གཟུགས་གཅིག་གི་ནང་དུ་བསྡུས་ཡོད་པ།དཔེར་ན་ཡི་གེ་“”འདིས་“ཞི་ཁྲོ་དང་།ཡི་གེ་ “”འདིས་“སྒོ་བཞི”འམ་“གསས་མཁར”་བསྡུས་ནས་སྟོན་པ་ལྟ་བུ།

བཞི།  ལེའུའི་ཡི་གེ་བཅུ་གསུམ་པོ་སོ་སོར་ཕྲལ་ནས་བལྟས་ན།  རྩ་བའི་ཐིག་རིས་“△”དང་ “▽”དང་“<  ”དང་ “>”དང་ “+”་བཅས་ལ་བརྟེན་ནས་ཡི་གེའི་གཟུགས་གྲུབ་ཅིང་། ཚིག་གི་ཕྲེང་བར་ཡིག་གཟུགས་གང་ཉིད་ལ་དབྱངས་དང་འདོགས་ཅན་སོགས་སྦྱར་ཚེསྒྲ་དོན་གཉིས་ཀ་འགྱུར་བཞིན་ཡོད་པ།

ལྔ། བན་བོན་གཉིས་ཀྱི་ཡིག་ཚང་དུ། བོན་གྱི་ལེའུའི་ཡི་གེ་ནི་དུས་ནམ་ཞིག་ལ་ཡུལ་གང་དུ་བྱུང་བ་དང་།གང་གིས་མཛད་པ།ཇི་ལྟར་འཕེལ་རྒྱས་བྱུང་བ་སོགས་ཀྱི་སྐོར་ལ་གསལ་ཁ་མེད་ཀྱང་།ད་ནས་ཡར་བརྩིས་པའི་སྤྱི་ལོའི་སྔོན་གྱི་ལོ་༣༥༠༠་དུས་ནས་སྤྱི་ལོའི་སྔོན་གྱི་དུས་རབས་བཅུ་གཅིག་པའི་ནང་བྱུང་བའི་ད་ལྟའི་དབྱི་རག་གི་ཆུ་གཉིས་འབབ་ཡུལ་གྱི་སོའི་མེར་ 苏美尔 གྱི་དབུ་ཆེན་ནམ་འཛེར་ཡིག་丁头字དང་།  ནེས་ལེ་གཙང་བོའི་ 尼罗河འབབ་ཡུལ་གྱི་གནའ་རབས་ཨེ་ཅིབ་མིའི་埃及་ལྷ་ཡིག་圣书字ཅེས་པའི་ཡི་གེ་དང་། སྤྱི་ལོའི་སྔོན་གྱི་ལོ་༡༣༠༠་སྔོན་བྱུང་བའི་ལྷོ་ཨེ་ཤའི་རྨ་ཆུའི་འབབ་ཡུལ་གྱི་རུས་བརྐོས་ཡི་གེ甲骨文སོགས་སུ་“མཁར”་ལ་ཡི་གེ་“”དང་“” དང་།  “སྨན”་ནམ་“བུད་མེད”་ལ་ཡི་གེ་འདི་“”དང་“”ལྟ་བུ་བྲི་སྲོལ་ཡོད་པ་དེ་རིགས་བོན་གྱི་ལེའུའི་ཡི་གེ་དང་བསྡུར་ན།ཡིག་གཟུགས་གཅིག་མཚུངས་སུ་སྣང་བའམ་དོན་ལ་ཡང་འདྲ་བའི་ཆ་ཤིན་ཏུ་མང་པས་ན། བོད་ཀྱི་ཡི་གེའི་བྱུང་འཕེལ་དེ་ཡང་འཛམ་གླིང་སྤྱི་བའི་ཡི་གེ་བྱུང་འཕེལ་ངོས་ནས་དཔྱད་པ་བགྱི་ཚེ་བོད་ལ་ཡང་ཡི་གེ་ནམ་བྱུང་དང་། བར་དུ་འཕེལ་རྒྱས་ཇི་ལྟར་སོང་བ་སོགས་ཀྱི་སྐོར་ལ་ངེས་ཤེས་གསར་བ་རྙེད་ཐུབ། ཕྲན་གྱི་དཔྱད་རྩོམ་ཐུང་ངུ་འདི་ཡང་དགེ་བ་དེ་ལ་དམིགས་ཏེ་བྲིས་ན་ཡང་།ཞིབ་ཏུ་བརྟག་ཚེ་དཔྱད་རྩོམ་རང་ལ་ཡང་མ་རྟོག་ལོག་རྟོག་གི་སྐྱོན་དུ་མ་མཐོང་བས་དཔྱོད་ལྡན་རྣམ་པས་ཡོ་བསྲང་ཡོད་པར་ཞུའོ།།

དཔྱད་རྩོམ་འདིའི་མ་ཡིག་PDFཅན་འདིར་མནན་ནས་ཕབ་ལེན་བྱས་ཆོག

དཔྱད་གཞིའི་ཡིག་ཆ།

1.《བོད་གངས་ཅན་གྱི་ཡུལ་དུ་ཡི་གེ་བྱུང་འཕེལ་གྱི་རིམ་པ་བརྗོད་པ་རིག་པའི་སྒྲོན་མེ་》ལྕགས་ཐར་རྒྱལ་གྱིས་བརྩམས། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་།   ༢༠༠༥ལོའི་ཟླ་༡༢་པ།

2.《བོད་གངས་ཅན་ཡིག་སྲོལ་འཕེལ་རིམ་སྐོར་གྱི་གླེང་གཏམ་ཡིད་ཀྱི་རང་སྒྲ》གྲོང་ཁང་ཚེ་རིང་ཆོས་རྒྱལ་གྱིས་བརྩམས།བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་།   ༢༠༡༠ལོའི་ཟླ་༡༠པ།

3.གངས་ཏི་སེ་བོན་གཞུང་རིག་མཛོད་དཔེ་ཚོགས། གཙོ་སྒྲིག་པ། ཚེ་རིང་ཐར། མི་རིགས་དཔེ་སྐྲུན་ཁང་། ༢༠༡༠ལོ།

4.བོན་གྱི་ལོ་རྒྱུས་ཡིག་ཆ་ཕྱོགས་སྒྲིག བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ༢༠༡༠ལོ།

5.《世界文字发展史》周有光 著上海教育出版社  1997年4月出版 6.《文字的产生和发展》 【俄】B.A.伊斯特林 著左少兴  译北京大学出版社2002.9月 斯巴苯教莱坞文字研究 (1)               ——莱坞文十三字考释

ཐེབས་རྩ་རྣམ་གྲངས། རྩོམ་ཡིག་འདི་ནི་རྒྱལ་ཁབ་སྤྱི་ཚོགས་ཚན་རིག་ཞིབ་འཇུག་རྣམ་གྲངས་《མདོ་ཁམས་རྟ་དཀར་དམག་སྡེའི་ཡུལ་གྱི་བོན་གྱི་གནའ་དཔེ་དག་སྒྲིག་དང་། དཀར་ཆག དཔྱད་ཞིབ》(ལས་གཞིའི་རྣམ་གྲངས་15BMZ020)་ཀྱི་གྲུབ་འབྲས་ནང་གསེས་ཤིག་ཡིན།

[①] བོན་ལུགས་ཀྱི་ཐེག་པ་རིམ་དགུ་ལ་དབྱེ་སྲོལ་གསུམ་ཡོད། ལྷ་གཏེར་གྱི་ཐེག་པ་རིམ་དགུ་དང་། དབུས་གཏེར་གྱི་ཐེག་པ་རིམ་དགུ། བྱང་གཏེར་གྱི་ཐེག་པ་རིམ་དགུ་བཅས་གསུམ་དུ་ཡོད་པ་ལས།ལྷོ་གཏེར་གྱི་ཐེག་པ་རིམ་དགུ་ནི། ཕྱྭ་སྣང་འཕྲུལ་སྲིད་བཞི་ལ་རྒྱུའི་ཐེག་པ་བཞི་དང་། དགེ་བསྙེན་དྲང་སྲོང་ཨ་དཀར་ཡེ་གཤེན་གྱི་ཐེག་པ་ལ་འབྲས་བུའི་ཐེག་པ་བཞི། དེའི་སྟེང་དུ་བླ་མེད་ཐེག་པ་བཅས་དང་དགུ   འདིར་ལྷོ་གཏེར་གྱི་ཐེག་དགུ་ལྟར་བཞག་པ་ཡིན།

[②] སྒོ་བཞི་མཛོད་ལྔ་ནི།དཔོན་གསས་མན་ངག་ལུང་གི་བོན།ཆབ་ནག་སྲིད་པ་རྒྱུད་ཀྱི་བོན།ཆབ་དཀར་དྲག་པོ་སྔགས་ཀྱི་བོན།འཕན་ཡུལ་རྒྱས་པ་འབུམ་གྱི་བོན།མཐོ་ཐོག་སྤྱི་རྒྱུག་མཛོད་ཀྱི་བོན་དང་ལྔའོ།།

[③]《ཀྲུང་གོའི་བོད་རིག་པ》 ༢༠༠༨ལོའི་དེབ་གསུམ་པ།ངག་དབང་རྒྱ་མཚོའི་《མདོ་སྨད་ལྷོ་རྒྱུད་དུ་དར་བའི་ཆབ་ནག་སྲིད་པ་རྒྱུད་བོན་གྱི་ཆོ་ག་སྤེལ་མཁན་ལཻ་བདག་ལེའུ་ལ་ཅུང་ཙམ་དཔྱད་པ་》ཤོག་ངོས་༢༩་ན་གསལ།

[④] སྤྱིར་བོན་གཞུང་དུ་བོན་སྣ་མི་འདྲ་བ་སུམ་ཅུ་རྩ་གསུམ་པོ་ལ་འབྲི་སྟངས་མི་འདྲ་དུ་མ་ཡོད་པ་ལས་འདིར་《མདོ་དྲི་མེད་གཟི་བརྗིད》ལྟར་བྲིས་ན་འདི་ལྟ་སྟེ། དབལ་བོན། ཡོག་བོན། ཁྲིན་བོན། གཉེར་བོན། འོ་བོན། འཚམས་བོན། དམུ་བོན། བདུད་བོན།  བཙན་བོན། སྲིད་བོན།སྐོས་བོན། ཕྱྭ་བོན། ལྷ་བོན། ཟླ་བོན། ཉི་བོན། སྐར་བོན། སྤྲིན་བོན།  གཞའ་བོན། དལ་བོན།  ཟེར་བོན། ལོ་བོན། རྫི་བོན། ཀླུ་བོན། གཉན་བོན། རྒྱལ་བོན། སྨན་བོན། གཟེད་བོན། སྲིན་བོན།བྱུར་བོན། འདྲེ་བོན། སྲི་བོན།  གཤིན་རྗེའི་བོན།  ཆུད་བོན་ནོ།།