གཡུང་དྲུང་བོན་གྱི་དྲྭ་རྒྱ།

༧གསང་གསུམ་བོན་གྱི་མཛོད་འཛིན་ཡོངས་འཛིན་སྨྲ་བའི་དབང་པོ་མཆོག་གི་གོ་ལྔའི་བརྟན་བཞུགས་སུ་སྨན་རིའི་གླིང་དུ་སྲིད་རྒྱལ་ཁྲི་ཚོགས་ཕུལ་བའི་གནས་བསྡུས།

དེ་རིང་སྟེ་ཕྱི་ཚེས་༢༧ཉིན་གཡུང་དྲུང་བོན་གྱི་༧གདན་ས་ཆེན་མོ་དཔལ་གཤེན་བསྟན་སྨན་རིའི་གླ྄྄ིང་དུ་༧སྐྱབས་རྗེ་སྨན་རིའི་ཁྲི་འཛིན་༣༤ལུང་རྟོགས་ཟླ་བ་དར་རྒྱས་རིན་པོ་ཆེ་མཆོག་གི་བཀའ་དགོངས་གཞི་བཟུང་འོག
འདུས་མང་ཡོངས་་ནས་གསང་གསུམ་བོན་གྱི་མཛོད་འཛིན་༧སྨན་རིའི་ཡོངས་འཛིན་སྨྲ་བའི་དབང་པོ་མཆོག་དགུང་གྲངས་གོ་ལྔར་ཕེབས་པའི་བརྟན་བཞུགས་མཆོད་སྤྲིན་དུ་བསྟན་སྲུང་ཡོངས་ཀྱི་གཙོ་མོ་མ་གཅིག་སྲིད་པའི་རྒྱལ་མོ་བདེ་འགྲོ་གསང་ཡུམ་གཙོས་བསྟན་སྲུང་དམ་ཅན་རྒྱ་མཚོར་ཁྲི་ཚོགས་རྒྱས་འབུལ་དང་། མགོན་པོ་གང་གི་ཐུགས་བཞེད་ལྷུན་འགྲུབ་དང་། སྐུ་ཚེ་མཐའ་ཡས་པའི་ངོ་བོ་ཞབས་བརྟན་བཞུགས་གསོལ་གྱི་འཕྲིན་ལས་ཆོ་གའི་གཞུང་བསྲིངས་ཡོད་པ་བཅས་ཀྱི་གནས་བསྡུས་སུ།

གཤིན་གྱི་འབྱུང་ལྡན་ ༣༠༡ བོད་ཤིང་འབྲུག་ལོའི་བོད་ཟླ་བཞི་པ།

ཕན་བདེའི་འབྱུང་གནས་རྒྱལ་བསྟན་རིན་པོ་ཆེ། ། འཛིན་སྐྱོང་སྤེལ་ལ་གཅེས་པའི་སྐྱེ་བོ་གང་། ། ཚེ་བསོད་དཔལ་གྲགས་མངའ་ཐང་རྒྱས་པ་དང་། ། མཁའ་མཉམ་འགྲོ་བའི་བདེ་ལེགས་དཔལ་འབར་ཤོག།

ཐ་ཚན་མུ་ཙུག་སྨར་རོ།

༧གསང་གསུམ་བོན་གྱི་མཛོད་འཛིན་ཡོངས་འཛིན་སྨྲ་བའི་དབང་པོ་མཆོག་གི་གོ་ལྔའི་བརྟན་བཞུགས་སུ་སྨན་རིའི་གླིང་དུ་སྲིད་རྒྱལ་ཁྲི་ཚོགས་ཕུལ་བའི་གནས་བསྡུས།