གཡུང་དྲུང་བོན་གྱི་དྲྭ་རྒྱ།

༧རྒྱལ་བ་སྨན་རིའི་ཁྲི་འཛིན་༣༤མཆོག་ནས་ཏོག་དབྱིབས་ནད་ཡམས་ཞི་ཆེད་ཐུགས་བསྐྱེད་སྨོན་འདུན་གནང་བ།

གདུང་སེམས་མཉམ་བསྐྱེད།

ཉེ་ཆར་རྒྱ་ནག་ཝུ་ཧན་ནས་མཆེད་པའི་ཏོག་དབྱིབས་ཅན་དུ་གྲགས་པའི་གློ་བའི་གཉན་ཚད་ཀྱི་ནད་རིམས་ཤིག་འཛམ་གླིང་གང་སར་ཁྱབ་བདལ་འགྲོ་བཞིན་པའི་སྐབས་སུ་རྒྱལ་སྲས་སེམས་དཔའི་སྤྱོད་པ་འཁུར་དུ་བཞེས་པའི་ལྷ་རྗེ་སྨན་པ་དང་སྨན་ཞབས་པ་རྣམས་གཙོས། དེ་ལ་དངོས་ཤུགས་བརྒྱུད་གསུམ་ནས་ཐུགས་འཁུར་རོགས་རམ་གྱི་གདུང་སེམས་མཉམ་བསྐྱེད་གནང་མཁན་ཡོངས་ལ་རྗེ་སུ་ཡི་རངས་ཞུ་བཞིན་ཡོད། དེ་བཞིན་ནད་ཡམས་དེའི་རྐྱེན་པས་འདས་པོ་རྣམས་ལ་བསྔོ་སྨོན་དང་ནད་པ་རྣམས་ནད་དེ་ལས་མྱུར་དུ་གྲོལ་བར་སྨོན་འདུན་ཤུགས་དྲག་དང་སྐྱབས་གནས་ཡུལ་མཆོག་བཞི་སོགས་ལ་གསོལ་འདེབས་ཞུ་བཞིན་ཡོད་པ་བཅས།

སྨན་རིའི་ཁྲི་འཛིན་སོ་བཞི་པས།

༢༠༢༠།༠༢།༢༢