གཡུང་དྲུང་བོན་གྱི་དྲྭ་རྒྱ།

གྲུབ་ཆེན་ནམ་མཁའ་རྒྱལ་མཚན་མཆོག་གི་སྐུ་གདུང་ཞུགས་འབུལ་ཉིན་སྨན་རིའི་གླིང་དུ་གདུང་སེམས་མཉམ་སྐྱེད་ཀྱི་མར་མེ་སྒྲོན་འབུལ་ཞུས་པའི་གནས་བསྡུས།


དེ་རིང་སྟེ་ཕྱི་ལོ་༢༠༢༠ལོའི་ཕྱི་ཟླ་༤ཚེས་༢༢རེས་གཟའ་ལྷག་པའི་ཉིན་སྙིགས་དུས་ཀྱི་འདྲེན་པ་ཆེན་མོ་གྲུབ་དབང་ནམ་མཁའ་རྒྱལ་མཚན་རིན་པོ་ཆེ་སྐུའི་བཀོད་པ་བོན་དབྱིངས་སུ་བསྡུས་ནས་སྐུ་གདུང་ཞུགས་འབུལ་གྱི་དུས་འདིར།

སྤྱིར་རྒྱ་གར་རྒྱལ་ཡོངས་ཐེམ་སྤང་བཀའ་རྒྱའི་འོག་ཚོགས་འཆད་སོགས་མི་མང་འདུ་འཛོམས་ཀྱི་བྱེད་སྒོ་གང་ཡང་སྤེལ་མི་ཆོག་ཀྱང་༧སྐྱབས་རྗེ་མཁན་སློབ་ཟུང་ནས་གྲུབ་ཆེན་ཞིང་གཤེགས་ཁོང་གིས་སྐུ་ཚེ་ཧྲིལ་བོར་ཉམས་ལེན་གྱི་གནད་མ་ལྷོད་པར་བསྟན་པ་འདིར་དབུ་དཔུང་མཉམ་འདེགས་ཞུས་པའི་བཀའ་དྲིན་རླབས་པོ་ཆེ་རྗེས་སུ་ཡི་རངས་དང་།
གདུང་སེམས་མཉམ་སྐྱེད་མཚོན་ཕྱིར་ངེད་གདན་ས་ཆེན་མོ་དཔལ་གཤེན་བསྟན་སྨན་རིའི་གླིང་དུ་མར་མེ་དང་སྤོས་དུད་ཀྱི་མཆོད་པས་ཞིང་གཤེགས་ཁོང་གི་བསྟན་དང་
འགྲོ་བའི་དོན་མ་ལུས་ཡོངས་སུ་འགྲུབ་པར་ཐུགས་སྨོན་གནང་དགོས་ཀྱི་བཀའ་སློབ་ཕེབས་དོན་ལྟར་མཆོད་པར་མར་མེ་སྒྲོན་འབུལ་ཞུས་ཡོད་པའི་གནས་བསྡུས་སུ།