༄༅།། བན་བོན་གཉིས་ཀྱི་མཛོད་རྩའི་སྐོར་ལ་དབྱེ་ཞིབ་གསལ་བའི་མེ་ལོང་བཞུགས།
དང་པོ་བོན་སྲིད་པའི་མཛོད་ཕུགས་ཀྱི་བྱུང་རབས་ལོ་རྒྱུས་མདོར་བསྡུས། ༧སངས་རྒྱས་གཡུང་དྲུང་བོན་གྱི་མཛོད་གཞུང་༼སྲིད་པའི་མཛོད་ཕུགས་༽འདི་ཉིད་ཕྱི་ལོ་དུས་རབས་སྔོན་གྱི་མི་ལོ་(༡༦༠༡༧)མཚམས་སུ་སྐུ་བལྟམས་པའི་བདག་ཅག་གི་༧སྟོན་པ་རྣམ་འདྲེན་བརྒྱད་པ་རྒྱལ་བ་གཤེན་རབ་མི་བོ་ཀུན་ལས་རྣམ་པར་རྒྱལ་བ་མཆོག་གིས།