གཡུང་དྲུང་བོན་གྱི་དྲྭ་རྒྱ།

༧དཔལ་གཤེན་བསྟན་སྨན་རིའི་གླིང་གི་བོད་ལྕགས་བྱི་ལོའི་བོན་གཞིས་སྤྱི་རིམ་ཆེན་མོ་མཁའ་ཀློང་གསང་མདོས།

དེ་ཡང་འཆར་ཅན་ལྟར་བོད་ཟླ་ལྔ་པའི་ཚེས་བཅུ་གཉིས་ནས་བཟུང་ཉིན་ལྔའི་རིང་གདན་ས་ཆེན་མོ་དཔལ་གཤེན་བསྟན་སྨན་རིའི་གླིང་དུ་བོན་གཞིས་གཞིས་དགོན་གྱི་སྤྱི་རིམ་ཆེན་མོའི་བཅའ་གཞི་སྒྲིག་བཟོ་དབུ་འཛུགས་གནང་སྲོལ་ཡོད་པ་བཞིན།

ད་ལོ་ཡང་སྔར་ལྟར་བོད་ཚེས་༡༢།༡༣ཉིན་གཉིས་རིང་སྒྲུབ་གཤེན་རྣམ་པས་གསང་སྔགས་སྒོམ་སྒྲུབ་གླིང་གི་ཚོགས་ཁང་དུ་ཡི་དམ་བོན་སྐྱོང་སྲུང་མ་དང། མགྲོན་བཞིའི་སྡེ་ཚོགས་མ་ཚང་བ་མེད་པའི་བཀོད་ཚོགས་སྟེང་ཕྱོགས་བོན་ཉིད་ཁྱུང་གིས་མཚོན་པའིབཀོད་པ་དང་།

བང་རིམ་བཞི་ལྡན་ཁོང་གསེང་དང་བཅས་པའི་ཚངས་རྒྱུངས་འཇིག་རྟེན་གྱི་བཀོད་པ་བཞེངས་སྐྲུན་ལ་ནམ་རྒྱང་ཤིང་རིས་སྣ་ཚོགས་ཀྱིས་བརྒྱན་པའི་མཁའ་ཀློང་གསང་བའི་མདོས་ཆེན་བཅའ་གཞི་གྲུབ་རྗེས།
ཚོགས་གྲལ་ཕྱོགས་གཉིས་སུ་བྱས་ནས་བྱིངས་འདྲེན་རྣམ་པ་གཉིས་དབུས་སྒྲུབ་གཤེན་རྣམ་པའི་མཁའ་ཀློང་གསང་བའི་མདོས་ཆེན་དང་། ཁྲོ་བོ་དམར་ཆེན་གྱི་ཟློག་པའི་གཞུང་བསྲང་བ་དང་།
དཔལ་གཤེན་བསྟན་སྨན་རིའི་གླིང་གི་གཙུག་ལག་ཁང་ཆེན་མོར་ཡི་དམ་ཁྲོ་བོ་གཙོ་མཆོག་མཁའ་འགྱིང་གི་གཞུང་བསྲང་སྟེ་གདངས་དབྱངས་འབྲུག་མོ་ལྡིར་བའི་དབྱངས་རྟ་ལ་དྲངས་པའི་ཚོགས་འཁོར་རྒྱས་འབུལ་དང་།

ཁྲོ་བོའི་ལྷ་ཁང་དུ་གདུགས་དཀར་སྟོང་ཟློག་དང་། རྣམ་རྒྱལ་ལྷ་ཁང་དུ་གཤེན་རབ་རྣམ་པར་རྒྱལ་བའི་སྟོང་མཆོད་རྒྱས་འབུལ། བཤད་སྒྲུབ་འདུས་སྡེའི་མཆོད་ཁང་དུ་རྣམ་འཇོམས་སྟོང་ཟློག

སྒྲུབ་ཁང་དབང་དྲག་འབར་བའི་ཕོ་བྲང་དུ་དགེ་བཤེས་བཅུ་ཕྲག་གཅིག་ཙམ་གྱིས་ཡི་དམ་གསས་མཁར་མཆོག་ལྔ་དང་བོན་སྐྱོང་བསྟན་སྲུང་རྒྱ་མཚོའི་བསྐང་འབུམ་རྣམས་སྐད་ཀྱི་གཅོང་དགུ་སོགས་ཀྱི་འགྱུར་ཁུག་ལ་དྲངས་ནས་གསུང་བཞིན་པ་ཡོད་པ་དང་།

བོད་ཚེས་བཅོ་ལྔ་འཛམ་གླིང་སྤྱི་བསང་ཉིན་ལྷ་རྒྱལ་རིར་བོན་སྐྱོང་རྟེན་མཁར་དྲུང་༧སྐྱབས་རྗེ་རྒྱལ་བ་སྨན་རིའི་མཁན་སློབ་ཉི་ཟླ་ཟུང་དབུ་བཞུགས་ཀྱིས་འདུས་མང་

ཡོངས་ནས་བསང་གསོལ་རྒྱས་འབུལ་གནང་རྒྱུ་ཡིན་པའི་གནས་བསྡུས་སུ་གཡུང་དྲུང་བོན་གྱི་དྲྭ་ཚིགས་གཙོ་སྒྲུབ་ཁང་ནས།

གཤིན་གྱི་འབྱུང་ལྡན་ ༣༠༡ བོད་ཤིང་འབྲུག་ལོའི་བོད་ཟླ་བཞི་པ།

ཕན་བདེའི་འབྱུང་གནས་རྒྱལ་བསྟན་རིན་པོ་ཆེ། ། འཛིན་སྐྱོང་སྤེལ་ལ་གཅེས་པའི་སྐྱེ་བོ་གང་། ། ཚེ་བསོད་དཔལ་གྲགས་མངའ་ཐང་རྒྱས་པ་དང་། ། མཁའ་མཉམ་འགྲོ་བའི་བདེ་ལེགས་དཔལ་འབར་ཤོག།

ཐ་ཚན་མུ་ཙུག་སྨར་རོ།

༧དཔལ་གཤེན་བསྟན་སྨན་རིའི་གླིང་གི་བོད་ལྕགས་བྱི་ལོའི་བོན་གཞིས་སྤྱི་རིམ་ཆེན་མོ་མཁའ་ཀློང་གསང་མདོས།