དཔལ་ལྡན་བླ་མའི་བསྟོད་པ་རང་ཤར་རིག་པའི་སྒྲ་དབྱངས།
དགུན་གྱི་བུ་ཆུང་རབ་ཏུ་ཁྲོས་ཏེ་གྲང་ངར་སྤུ་གྲི་ཕྱོགས་སུ་གཡུག། ཆབ་ཀྱི་བུ་མོ་སྨྲ་བ་བསྡམས་ཏེ་རེ་ཞིག་སྒོམ་ཆེན་ངང་ཚུལ་བསྐྱངས།། གོས་དཀར་གྱོན་པའི་རི་ཚོགས་དག་ནི་ཤེལ་གྱི་མཆོད་རྟེན་ཞིག་དང་མཚུངས།། ནམ་ཟླ་དགུན་གྱི་དུས་ཚིགས་ཤིག་སྟེ་བདག་ཉིད་ཕྱོགས་སུ་གནས་པའི་དུས།།