གཡུང་དྲུང་བོན་གྱི་དྲྭ་རྒྱ།

སྨན་རིའི་གླིང་དུ་ཏོག་དབྱིབས་རིམས་ནད་༡༩པའི་འགོག་ཁབ་དང་པོ་བསྐྱོན་འགོ་ཚུགས་པ།

དེ་རིང་སྟེ་ཕྱི་ལོ་2021ཟླ་5ཚེས་24ཉིན་གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་དཔལ་གཤེན་བསྟན་སྨན་རིའི་གསོ་རིག་འབུམ་བཞིའི་མཐོ་སློབ་ཏུ། ཏོག་དབྱིབས་རིམས་ནད་༡༩བའི་འགོག་ཁབ་དང་པོ་བསྐྱོན་འགོ་ཚུགས་ཡོད་ཅིང་།

དེ་ཡང་Sirmaurརྫོང་ཁོངས་སུ་ཏོག་དབྱིབས་རིམས་ནད་ཀྱི་འགོག་ཁབ་ལོ་༡༨-༤༥བར་རིན་མེད་འགོག་ཁབ་བསྐྱོན་སའི་ས་ཚིགས་བཅུ་བདུན་གཏན་འཁེལ་བྱས་ཡོད་ཅིང་།

སྨན་རིའི་གཡུང་དྲུང་བོན་འཛིན་འཛིན་སྐྱོང་ལྷན་ཚོགས་གཙོས་པའི་ཛ་དྲག་ཚོགས་ཆུང་གིས་ས་གནས་རྫོང་ལ་སྙན་ཞུ་རིམ་པར་ཕུལ་ནས། ས་གནས་གཞུང་གིས་ཀྱང་བླ་གྲྭ་ཁག་གི་སྐུ་གཟུགས་འཕྲོད་བསྟེན་ཐུགས་འཇགས་ཀྱིས་བོན་གཞིས་རྡོ་ལན་ཇི་ས་གནས་བཅུ་བདུན་གྱི་ནང་དུ་བཙུད་ཡོད་ཅིང་།

ས་གནས་ཁག་ཏུ་དེ་རིང་སྔ་དྲོའི་ཆུ་ཚོད་༩།༣༠ནས་བསྐྱོན་འགོ་ཚུགས་ཡོད་ཅིང་། དེ་ཡང་སྤྱི་ཚོགས་རྒྱང་བཀྱེད་ཀྱི་བྱེད་ནུས་སྤྱད་དེ་འགོག་ཁབ་བསྐྱོན་ཡོད་པ་བཅས་ཀྱི་གནས་བསྡུས་སུ།