གཡུང་དྲུང་བོན་གྱི་དྲྭ་རྒྱ།

དབུས་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་མཆོག་སྨན་རིའི་གླིང་དུ་ཕེབས་པ།

ཁ་སང་སྟེ་ཕྱི་ལོ་༢༠༢༡ལོའི་ཟླ་༩ཚེས་༧ཉིན་དབུས་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྐུ་ངོ་སྤེན་པ་ཚེ་རིང་མཆོག་དབུས་ཤེས་རིག་དྲུང་ཆེ་སྐུ་ངོ་འཇིགས་མེད་རྣམ་རྒྱལ། དབུས་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱི་ཁྱབ་ཁོངས་སཾ་བྷོ་ཊའི་སྤྱི་ཁྱབ་འགན་འཛིན་ཚེ་རིང་དོན་འགྲུབ། སྒེར་དྲུང་ངག་དབང་དགེ་ལེགས་བཅས་བོན་གཞིས་སུ་འཚམས་གཟིགས་སུ་ཕེབས་ཡོད་པ་དང་། བོན་གཞིས་ས་གནས་འགོ་འཛིན་དང་བོན་གཞིས་སཾ་བྷོ་ཊའི་སློབ་སྤྱི་རྣམ་རྒྱལ་ཡར་འཕེལ་གཉིས་SoLanདུ་ཕེབས་བསུ་བཅར་ཡོད་པ་རེད།

གོང་ཚེས་ཕྱི་དྲོའི་ཆུ་ཚོད་༤།༡༨སྟེང་བོན་གཞིས་སུ་ཕེབས་འབྱོར་བྱུང་མཚམས་བོན་གཞིས་ཐོབ་རྒྱལ་གསར་པའི་ལ་མགོར་བོན་གཞིས་མི་མང་གིས་བསྟར་ཕྲེང་སྒྲིག་ནས་ཕེབས་བསུ་གཟབ་རྒྱས་བྱས་ཤིང་། 

༧གདན་ས་ཆེན་མོ་དཔལ་གཤེན་བསྟན་སྨན་རིའི་སྐུ་མགྲོན་ཁང་གི་མདུན་དུ། དབུས་གཡུང་དྲུང་བོན་འཛིན་སྐྱོང་ལྷན་ཚོགས་ཀྱི་དྲུང་ཆེ་གཙོས། གྲྭ་ཚང་གཉེར་བ། གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེའི་ཚོགས་གཞོན། གཡུང་དྲུང་བོན་གྱི་དཔེ་མཛོད་ཁང་གི་འགན་འཛིན་དང་རྒྱུན་ལས། གསོ་རིག་འབུམ་བཞིའི་མཐོ་སློབ་ཀྱི་སློབ་སྤྱི་དང་འགན་འཛིན་དགེ་སློབ་བཅས། མདོ་སྨད་ས་གནས་རྒྱུན་ལས། སྨན་རིའི་འཕྲོད་བསྟེན་ཛ་དྲག་ཚོགས་ཆུང་གི་ལས་ཀྱི་སྣེ་མོ་དང་གསང་སྔགས་སྒོམ་སྒྲུབ་གླིང་གི་གཉེར་བ་བཅས་ཀྱིས་ཕེབས་བསུ་ཞུས།

 སྐུ་མགྲོན་ཁང་དུ་ཕེབས་ནས་བཀྲ་ཤིས་བྱོན་ཇ་གསོལ་རྗེས། ཞྭ་དཀར་བསྟན་པའི་གཙུག་རྒྱན་༧སྐྱབས་རྗེ་རྒྱལ་བ་སྨན་རིའི་ཁྲི་འཛིན་༣༤པ་རིན་པོ་ཆེར་མཇལ་བཅར་ཕེབས་ནས་བཀའ་མོལ་གསོལ་ཇ་མཆོད།  རིན་པོ་ཆེ་མཆོག་ནས་སྐུ་དངོས་སུ་༧སྐྱབས་རྗེ་ཞིང་ཁམས་པའི་༼གཟིམ་ཆུང་འོད་འབར་རྗེས་དྲན་དད་རྟེན་ཁང་།༽རྟེན་བཤད་གྲུབ་མཚམས་སྨན་རིའི་འདུལ་ཁང་དུ་མཆོད་མཇལ་ཞུས།

ཕྱི་དྲོའི་ཆུ་ཚོད་༥།༣༠སྟེང་བོན་གཞིས་སཾ་བྷོ་ཊའི་ཉིན་སློབ་ཏུ་སློབ་སྤྱི་རྣམ་རྒྱལ་ཡར་འཕེལ་གཙོས། སློབ་དགེ་རྣམ་པས་ཕེབས་བསུ་བཅས་སློབ་གྲྭར་གཟིགས་སྐོར་གྲུབ་རྗེས། དཔལ་ལྡན་སྲིད་སྐྱོང་སྐུ་ངོ་སྤེན་པ་ཚེ་རིང་མཆོག་ནས་སློབ་གྲྭའི་སློབ་དགེ་ཚང་འཛོམས་ཐོག་བཀའ་སློབ་དང་དྲི་བ་དྲིས་ལན་བྱས་ནས་དགོང་མོའི་ཆུ་ཚོད་༧།༡༣ཐོག་མཇུག་གྲུབ་ནས་དཔལ་ལྡན་སྲིད་སྐྱོང་དང་ཤེས་རིག་དྲུང་ཆེ་དབུས་སློབ་དགེ་མཉམ་པར་བསྒྲོན་ནས་ཕྱིར་སྨན་རིའི་སྐུ་མགྲོན་ཁང་དུ་ཕེབས་ནས་དགོང་མོའི་གསོལ་ཚིགས་བཞེས་ཤིང་། དེ་རིང་སྟེ་༢༠༢༡ལོའི་ཟླ་༩ཚེས་༨ཉིན་ཞོགས་པའི་ཆུ་ཚོད་༥།༠༠སྟེང་སྨན་རིའི་གླིང་ནས་ཕེབས་ཐོན་གྱིས་Herbertpurཆས་ཡོད་པ་བཅས་ཀྱི་གནས་བསྡུས་སུ།

གཤིན་གྱི་འབྱུང་ལྡན་ ༣༠༡ བོད་ཤིང་འབྲུག་ལོའི་བོད་ཟླ་བཞི་པ།

ཕན་བདེའི་འབྱུང་གནས་རྒྱལ་བསྟན་རིན་པོ་ཆེ། ། འཛིན་སྐྱོང་སྤེལ་ལ་གཅེས་པའི་སྐྱེ་བོ་གང་། ། ཚེ་བསོད་དཔལ་གྲགས་མངའ་ཐང་རྒྱས་པ་དང་། ། མཁའ་མཉམ་འགྲོ་བའི་བདེ་ལེགས་དཔལ་འབར་ཤོག།

ཐ་ཚན་མུ་ཙུག་སྨར་རོ།

དབུས་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་མཆོག་སྨན་རིའི་གླིང་དུ་ཕེབས་པ།