གཡུང་དྲུང་བོན་གྱི་དྲྭ་རྒྱ།

༧སྐྱབས་རྗེ་རྒྱལ་བ་སྨན་རིའི་ཁྲི་འཛིན་རིན་པོ་ཆེ་མཆོག་ནས་ད་ལོ་བོན་ཕྱོགས་ཀྱི་མཛད་སྒོ་ཁག་ལས་སྤྲོ་སྐྱིད་སོགས་མི་གཏོང་བའི་ནན་སྐུལ་ཞུས་པ།

དེ་ཡང་ད་ལོར་རྒྱལ་བ་གཤེན་གྱི་གདུང་སྲས་ཆེན་མོ་སྐུ་མི་རྟག་དགོངས་པ་བོན་དབྱིངས་སུ་གཟིམ་པར་གཡུང་དྲུང་བོན་ལུགས་འཛིན་པ་ཡོངས་ཀྱིས་མདོ་དབུས་ཁམས་གསུམ་གཙོས།

གདུང་མཆོད་རྒྱ་ཆེན་འབུལ་ཕུལ་ནས་བོན་གྱི་སྐྱེས་ཆེན་དུ་མས་རིན་པོ་ཆེ་ཉིད་ཀྱི་ཐུགས་དགོངས་མཐའ་དག་གཤེན་བསྟན་འཛིན་པ་ཡོངས་ཀྱི་བསྒྲུབ་དགོས་ཀྱི་བཀའ་གསུང་ནན་སྐུལ་ཞུས་པ་དང་། དེ་ཡང་བོད་ཚེས་༢༥ཉིན་སྟེ་སྐུ་གདུང་ཞུགས་འབུལ་ཉིན་༧དཔལ་གཤེན་བསྟན་སྨན་རིའི་གྲྭ་ཚང་དང་བཙུན་དགོན་རཏྣ་སྨན་གླིང་ནས་བླ་མེད་མཆོད་པ་སོགས་གསུང་ནས་གདུང་མཆོད་རྒྱ་ཆེན་ཕུལ་ཡོད་པ་དང་།

དེ་ཡང་ཞྭ་དཀར་བསྟན་པའི་གཙུག་རྒྱན་༧སྐྱབས་རྗེ་སྨན་རིའི་ཁྲི་འཛིན་རིན་པོ་ཆེ་མཆོག་ནས་ལོ་གསར་ལ་ཆོས་ལུགས་ཀྱི་བྱེད་སྒོ་ཁག་ལས་ལོ་སར་སྤྲོ་སྐྱིད་སོགས་གང་ཡང་མི་གཏོང་བའི་བཀའ་གསུང་ནན་སྐུལ་དང་། དེ་མཚུངས་སུ་བོན་གཞིས་ས་གནས་འགོ་འཛིན་སོགས་ནས་ཀྱང་རིན་པོ་ཆེ་ཉིད་ཀྱི་བཀའ་གསུང་སྤྱི་བོར་བླངས་ནས་མཆོད་མཇལ་རིགས་ལས་སྤྲོ་སྐྱིད་སོགས་མིིིིིིིིི་གཏོང་བའི་གསལ་བསྒྲགས་སྤེལ་ཡོད་པ་རེད།