གཡུང་དྲུང་བོན་གྱི་དྲྭ་རྒྱ།

སྨན་རིའི་དགེ་བཤེས་བླ་ཁྲི་མཁན་པོ་དགེ་བཤེས་ཉི་མ་གྲགས་པ་ལགས་ནས་༧སྐྱབས་རྗེ་ཞིང་གཤེགས་དམ་པ་སྨན་རིའི་ཁྲི་འཛིན་༣༣པ་མཆོག་གིས་སྐུ་ངལ་སྐྱོན་སྟངས་དང་སྨན་རིའི་ཚོགས་དང་སྒྲིག་ལམ་སྐོར་ནས་གསུང་བཤད་གལ་ཆེན་གནངས་པ།

དེ་ཡང་ཁ་སང་སྟེ་ཕྱི་ཚེས་༦ཉིན་༧ཞྭ་དཀར་བསྟན་པའི་གཙུག་རྒྱན་སྐྱབས་རྗེ་རྒྱལ་བ་སྨན་རིའི་ཁྲི་འཛིན་རིན་པོ་ཆེས་བཀའ་དགོངས་གཞིར་བཟུང་ཐོག  སྨན་རིའི་གྲྭ་ཚང་ལས་སྣེ་ལྷན་རྒྱས་ནས་བཀོད་སྒྲིག་གིས་གཡུང་དྲུང་བོན་གྱི་དཔེ་མཛོད་ཁང་དུ་སྨན་རིའི་དགེ་བཤེས་བླ་ཁྲི་མཁན་པོ་དགེ་བཤེས་ཉི་མ་གྲགས་པ་ལགས་ནས་༧སྐྱབས་རྗེ་ཞིང་གཤེགས་དམ་པ་སྨན་རིའི་ཁྲི་འཛིན་༣༣མཆོག་གིས་སྐུ་ངལ་སྐྱོན་སྟངས་དང་སྨན་རིའི་ཚོགས་དང་སྒྲིག་ལམ་སྐོར་ནས་གསུང་བཤད་གོ་སྒྲིག་ཞུས་ཡོད་པ་དང་།

ཚོགས་མགོན་དུ་སྨན་རིའི་ཁྲི་འཛིན་རིན་པོ་ཆེ་དབུས་བཤད་སྒྲུབ་མཁན་པོ་དགེ་བཤེས་ཉི་མ་དོན་འགྲུབ་བཅས་འདུས་མང་ལྷན་འཛོམས་ཐོག་གནང་ཡོད་པ་དང་། དེ་ཡང་ཐོག་མར་༧སྐྱབས་རྗེ་ཞིང་གཤེགས་དམ་པ་མཆོག་སྨན་རིའི་ཁྲི་འཛིན་འཁོད་སྟངས་དང་།

དེ་ནས་རིམ་བཞིན་རིན་པོ་ཆེ་མཆོག་ནས་བླ་མ་དགེ་སྐོས། མ་བྱན་བཅས་སྐུ་རང་ཉིད་ནས་གནངས་ནས། སྐུ་ངལ་དཀའ་ཚེགས་བསྐྱོན་སྟངས་སོགས་ནས་ངོ་སྤྲོད་གནད་སྨིན་དུ་གནངས་པ་དང་། དེང་ཁྲ་སྤུངས་སྤུངས་དང་འོད་ཆེམ་ཆེམ་བཅས་ཕྱིའི་ཁོར་ཡུག་དང་ནང་གི་སློབ་སྦྱོང་སོགས་ཅི་ལྟར་དཀའ་ངལ་བསྐྱོན་ནས་མེད་པ་ནས་ཡོད་པ་བཅས་ཀྱི་བརྒྱུད་རིམ་ཁག་ཞལ་གསལ་གོ་བདེ་ངང་ནས་ངོ་སྤྲོད་གནངས་ཡོད་པ་བཅས་ཀྱི་གནས་བསྡུས་སུ།

བླ་ཁྲི་མཁན་པོ་དགེ་བཤེས་ཉི་མ་གྲགས་པའི་ལོ་རྒྱུས་མདོ་བསྡུས།

ཡབ་བླ་ཁྲིའི་སྤྲུལ་སྐུ་གཡུང་དྲུང་རྒྱལ་མཚན་ཉི་མ་དང་། ཡུམ་ཁྱུང་བཟའ་གཡུང་དྲུང་བཟང་མོ་གཉིས་ཀྱི་སྲས་སུ་འཁྲུངས། རྒྱལ་བ་སྨན་རིའི་བའི་མཁན་སློབ་ཀྱི་མདུན་ནས་རབ་ཏུ་བྱུང་ཞིང་༧དཔལ་གཤེན་བསྟན་སྨན་རིའི་གླིང་གི་བཤད་གྲྭར་ཞུགས། ༡༩༨༧ལོར་དགེ་བཤེས་བཏང་། ཐོག་མར་རབ་བྱུང་བསྒྲུབས་པ་ནས་བཟུང་བོན་བུ་ཁྱིམ་ཁང་གི་ལས་ཀའི་དབང་གིས་ལས་ཤག་ཟུར་དུ་མ་བཟུང་བར་རྩ་བའི་བླ་མ་ཁྲི་འཛིན་རིན་པོ་ཆེའི་གཟིམ་གཡོག་དང་། ཡས་མར་ཕྱོགས་མཐའ་ཁག་ལ་སྐུ་ཚབ་དང་། བཀའ་འབྲེལ་ལས་དོན་སྒྲུབ་སྒོ་གང་ཡོད་ཞབས་ཕྱི་ཞུས། ༡༩༨༨ལོ་ནས་བཟུང་ད་ལྟའི་བར་རིན་པོ་ཆེའི་བཀའ་མངག་ཇི་བཞིན་བོན་བུ་ཁྱིམ་ཁང་གི་ཕྱི་ནང་འཛིན་སྐྱོང་གི་ཞབས་ཕྱི་ཞུས་དང་ཞུ་བཞིན་ལགས། ༡༩༨༧།ལོ་ནས་༢༠༠༣བར་བོན་སྒོ་རྩོམ་སྒྲིག་པ་དང་། བོན་སྒོ་པར་སྐྲུན་གྱི་འགྲོ་གྲོན་ཐབས་འཚོལ་ཞུས། ༡༩༨༨ཡས་མར་ནས་ས་གནས་བོན་གཞིས་ཉིན་སློབ་ཀྱི་སློབ་སྟོན་པའི་ཚོགས་གཞོན་བྱས། གཞན་ཡང་ས་གནས་ཉིན་སློབ་འཛིན་གྲྭ་དྲུག་པ་ནས་བཅུ་གཉིས་བར་འཛིན་རིམ་གནས་སྤོར་ཆེད། རྒྱ་གར་གཞུང་གི་དབུས་བོད་སློབ་འཛིན་ཚོགས་ཀྱི་དྲུང་ཆེ་སོགས་གོང་འོག་ལས་བྱེད་ཁག་ལ་རྒྱུ་ཚེགས་འགྲོ་གྲོན་གང་དགོས་བཏང་ནས་འཛིན་རིམ་སྤར་ཆའི་ལས་དོན་མཐའ་འཁྱོངས་བྱས། གཞིས་ཆགས་ཀྱི་ཚོགས་ཁང་ཆེན་མོ་ཐོག་བརྩེགས་ཅན་དང་། སློབ་གྲྭའི་འཛིན་ཁང་དང་ལས་ཤག་ཁོར་ཡུག་ལྕགས་རི་རྩེད་ཐང་དང་བཅས་པའི་འགྲོ་གྲོན། གཞིས་ཆགས་ལས་ཁང་ནས་སློབ་གྲྭའི་བར་ཨར་འདམ་ཅན་གྱི་མོ་ཏྲི་འཁོར་ལམ་སོགས་ཀྱི་འགྲོ་གྲོན་ཐབས་འཚོལ་ཞུས། ༡༩༩༠ནས་ཕྱི་རྒྱལ་ཁག་ལ་ཕྱི་སྐྱོད་བྱེད་ཞོར་གཡས་རུ་བོན་གྱི་སྒྲུབ་སྡེ་དང་། ཤར་རྫ་གླིང་སོགས་བོན་གྱི་སྒྲུབ་སྡེ་གསར་འཛུགས་ཞུས་པ་རྣམས་སུ་བོན་ཁྲིད་བྱས་དང་བྱེད་བཞིན་ཡོད་པ་བཅས་ངོ་སྤྲོད་མདོར་བསྡུས་ཙམ་མོ།

ལོ་རྒྱུས་མཁོ་སྤྲོད་གནང་མཁན་ལྷ་ཐོགས་དགེ་བཤེས།