གཡུང་དྲུང་བོན་གྱི་དྲྭ་རྒྱ།

༧སངས་རྒྱས་གཡུང་དྲུང་བོན་གྱི་བསྟན་པའི་མངའ་བདག་ ༧སྨན་རིའི་ཁྲི་འཛིན་༣༤པ་མཆོག་ལ་ཕུལ་བའི་ཤིས་ཚིག

རྫོགས་པ་ཆེན་པོའི་སྙན་རྒྱུད་བདུད་རྩིའི་རྒྱུན།།
ཞང་བོད་རིག་གཞུང་སྤེལ་བའི་གསེར་རིའི་ཕྲེང་།།
གཡུང་དྲུང་བསྟན་པའི་ཁྲི་རབས་མཚོ་མེ་བ།།
ཟླ་བ་དར་རྒྱས་ཕེབས་པར་བཀྲ་ཤིས་ཞུ།།

བོད་འབངས་ཡོངས་ལ་རིག་པའི་སྒྲོན་མེ་སྤར།།
དེང་རབས་མཁའ་ལ་བོན་གྱི་ཉི་ཟེར་འཆར།།
སྲིད་འབྱོར་རིག་གསུམ་སྤེལ་བའི་ལམ་སྟོན་པ།།
སྔོན་མེད་རྣམ་འདྲེན་གསར་པའི་དཔལ་འཛིན་ཤོག།

རྒྱལ་ཁམས་པ་ཐུབ་བསྟན་ཕུན་ཚོགས་ནས།།          
          2022/11/10