གཡུང་དྲུང་བོན་གྱི་དྲྭ་རྒྱ།

བོད་ཆུ་སྟག་ལོའི་༧གདན་ས་ཆེན་མོ་༧སྨན་རིའི་གླིང་གི་ལོ་འཁོར་ཡིག་རྒྱུགས་ཆེན་མོ་གྲུབ་པའི་གནས་བསྡུས།

དེ་ཡང་གཤེན་གྱི་འབྱུང་ལྡན་༣༠༡བོད་ཆུ་སྟག་ལོའི་༧དཔལ་གཤེན་བསྟན་སྨན་རིའི་གླིང་གི་ལོ་འཁོར་ཡིག་རྒྱུགས་ཆེན་མོ་བོད་ཟླ་༡༡པའི་བོད་ཚེས་༡༧དང་༡༨བཅས་ཉིན་གཉིས་རིང་བཏངས་ཡོད་པ་དང་། ཕྱི་ལོ་༢༠༢༣ལོའི་ཕྱི་ཟླ་༠༡ཕྱི་ཚེས་༠༨དང་༠༩བཅས་སུ་འཁེལ་ཡོད་འདུག་ལ། ཉིན་གཉིས་རིང་གི་ཞོགས་པའི་ཆུ་ཚོད་༨།༣༠སྟེང་། ཞྭ་དཀར་བསྟན་པའི་གཙུག་རྒྱན་༧སྐྱབས་རྗེ་སྨན་རིའི་ཁྲི་འཛིན་རིན་པོ་ཆེ་མཆོག་དང་། སྐྱབས་རྗེ་༧སྨན་རིའི་དཔོན་སློབ་འཕྲིན་ལས་ཉི་མ་རིན་པོ་ཆེ་རྣམ་གཉིས་ཀྱི་ཐུགས་རྗེ་དང་གཟིགས་རྟོག་འོག

 ཉིན་གཉིས་རིང་གི་སྔ་དྲོའི་ཕྱག་ཚོད་༨།༣༠སྟེང་དཔལ་གཤེན་བསྟན་སྨན་རིའི་གླིང་གི་གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེའི་སློབ་གཉེར་བ་ཡོངས་དང་། བཙུན་དགོན་རདྞ་སྨན་གླིང་གི་བཤད་སྡེའི་བཙུན་མ་ཡོངས། དེ་མིན་གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེའི་གཞི་རིམ་འཛིན་གྲྭའི་སློབ་མ་བཅས་འཆམ་རའི་མདུན་གྱི་སྐས་འཛེག་རྩར་གསལ་བསྒྲགས་སྔོན་སོང་བཞིན་བསྟར་འཕྲེང་གནང་ཡོད་པ་དང་།

གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེའི་བཤད་སྒྲུབ་མཁན་སློབ་རྣམ་གཉིས་དང་། དགེ་བའི་བཤེས་གཉེན་རྣམས་ནས་རྒྱུགས་ཞུགས་སློབ་གཉེར་པ་རྣམས་ཀྱི་ཡིག་རྒྱུགས་ཚགས་ཚུད་ཡོང་བའི་སླད་དུ། འཛིན་གྲྭ་སྦྲགས་སྤེལ་གྱི་བཞུགས་རིམ་ལྟར་དགེ་བའི་བཤེས་གཉེན་རྣམས་ནས་ཀུན་ལ་ལུས་བཤེར་གྲུབ་རྗེས་གདན་གྲལ་དུ་འཁོད་ནས་ཡིག་རྒྱུགས་གཏོང་བའི་མདོ་འཛུགས་བྱས་ཡོད་པ་དང་། 

དེ་ཡང་རྒྱུགས་ལེན་ཡུལ་ངོས་༧གདན་ས་ཆེན་མོ་དཔལ་གཤེན་བསྟན་སྨན་རིའི་གླིང་གི་ཚོགས་ཁང་འཆམ་རར་ཞོགས་པའི་ཆུ་ཚོད་༠༧ནས་བཤད་སྡེའི་ལས་ཀྱི་སྣེ་མོ་རྣམས་ནས་རྒྱུགས་ཞིབ་པ་དགེ་བའི་བཤེས་གཉེན་རྣམས་བཞུགས་ས་དང་མདུན་ཅོག དེ་བཞིན་གསོལ་ཇ་བཅས་གྲ་སྒྲིག་གནང་བའི་ཐོག་རེབ་འདིའི་ཡིག་ཚད་རེ་ཞིག་གྲུབ་པའི་གནས་བསྡུས་སུ་ཕུལ་བ་ལགས་སོ། །

པར་པ། དགེ་བཤེས་ཤེས་རབ་དབང་རྒྱལ།།

གཤིན་གྱི་འབྱུང་ལྡན་ ༣༠༡ བོད་ཤིང་འབྲུག་ལོའི་བོད་ཟླ་བཞི་པ།

ཕན་བདེའི་འབྱུང་གནས་རྒྱལ་བསྟན་རིན་པོ་ཆེ། ། འཛིན་སྐྱོང་སྤེལ་ལ་གཅེས་པའི་སྐྱེ་བོ་གང་། ། ཚེ་བསོད་དཔལ་གྲགས་མངའ་ཐང་རྒྱས་པ་དང་། ། མཁའ་མཉམ་འགྲོ་བའི་བདེ་ལེགས་དཔལ་འབར་ཤོག།

ཐ་ཚན་མུ་ཙུག་སྨར་རོ།

བོད་ཆུ་སྟག་ལོའི་༧གདན་ས་ཆེན་མོ་༧སྨན་རིའི་གླིང་གི་ལོ་འཁོར་ཡིག་རྒྱུགས་ཆེན་མོ་གྲུབ་པའི་གནས་བསྡུས།