སྨན་རིའི་གླིང་དུ་སྐབས་ ༢༥ བའི་གཡས་རུའི་འཆད་རྩོད་ཆེན་མོ་མཇུག་ལེགས་པར་གྲུབ་པ།
སྤྱི་ལོ་ ༢༠༢༣ ལོའི་ཟླ་ ༡༠ ཚེས་ ༡༥ ནས་ཟླ་ ༡༡ པའི་ཚེས་ ༦ ཉིན་གྱི་བར་གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་༧དཔལ་གཤེན་བསྟན་སྨན་རིའི་གླིང་དུ་གཡས་རུ་འཆད་རྩོད་ཆེན་མོ་ཐེངས་ཉེར་ལྔ་པ་དེ་ཉིད་འཚོགས་ཤིང་མཇུག་ལེགས་པར་གྲུབ་ཡོད་པ་རེད།