གཡུང་དྲུང་བོན་གྱི་དྲྭ་རྒྱ།

སྨན་རིའི་སྒྲུབ་ཆེན་ཉིན་ ༡༡ པ་དང་ ༡༢ པའི་གནས་བསྡུས།

དེ་རིང་སྨན་རིའི་སྒྲུབ་ཆེན་ཉིན་ ༡༢ པར་ཕྱོགས་མཐའ་ཁག་ནས་ཕེབས་པའི་དད་ལྡན་སེར་སྐྱ་ཡོངས་དང་གཉུག་མར་གནས་པའི་དད་འབངས་ཀུན་ལ་གཡུང་དྲུང་བོན་གྱི་དཔེ་མཛོད་ཁང་གི་ཕྱི་ནང་གི་ཁོར་ཡུག་དང་། ཐུན་མོང་མ་ཡིན་པའི་ཐེག་པ་རིམ་དགུའི་མཆོད་རྫས་ཡོ་བྱད་ངོ་སྤྲོད་ཀྱི་འགྲེམ་སྟོན་ཁང་སོགས་གཟིགས་འབུལ་ཞུས་གནང་སོང་།

སྔ་དྲོ་ཕྱག་ཚོད་ ༩ ཐོག་དཔེ་མཛོད་དུ་ཡོད་པའི་ཕྱི་ནང་གསང་གསུམ་གྱི་མདོས་དང་། ཐེག་པ་རིམ་དགུའི་སོ་སོའི་ཕྱག་ཆ་སོགས་བཤམ་སྒྲིག་བྱས་པའི་འགྲེམ་སྟོན་ཁང་གཙོས་བཀའ་རྟེན་འགྱུར་གྱི་ཁང་དང་། དཔེ་དེབ་ཁང་། ལས་ཁུངས་ཁག་བཅས་ངོ་སྤྲོད་གཟིགས་འབུལ་གནང་ཡོད་པ་རེད་།

ཁ་རྩང་སྨན་རིའི་སྒྲུབ་ཆེན་ཉིན་བཅུ་གཅིག་པར་ཨུ་རུ་སུའི་བོན་དགོན་གསང་སྔགས་བདུད་འདུལ་གླིང་གི་སློབ་མ་རྣམས་གཙོས་ཨུ་རུ་སུ་ནས་ཕེབས་པའི་མི་མང་དྲུག་ཅུ་མ་ཟིན་ཙམ་ནས་༧ གདན་ས་སྨན་རིའི་གཤེན་གྱི་གསང་སྔགས་སྒོམ་སྒྲུབ་གླིང་དུ་མ་མཆོག་སྲིད་པ་རྒྱལ་མོའི་ཚོགས་མཆོད་ཕུལ་གནང་སོང་།