༸རྒྱལ་བ་སྨན་རིའི་བླ་བྲང་དུ་འབྲེལ་ཡོད་དད་ལྡན་མི་མང་དང་ལྷ་སྡེ་སོགས་ཀྱིས་གསོལ་འདེབས་ཞུས་དོན་བཞིན་བླ་མ་ཁྲི་པའི་ཁྲི་བཞེངས་གནང་སྲོལ་ལྟར།


བལ་ཡུལ་གཡུང་དྲུང་བདེ་ཆེན་གླིང་བོན་ཚོགས་ནས་༧ རྒྱལ་བ་སྨན་རིའི་བླ་བྲང་ལ་སྨན་རིའི་དགེ་བཤེས་མཁའ་སྣ་དྲང་སྲོང་སྐལ་བཟང་ཟླ་བ་རྣམ་རྒྱལ་མཆོག་བླ་མ་ཁྲི་བཞེངས་གནང་རྒྱུའི་གསོལ་འདེབས་རེ་བསྐུལ་འབྱོར་བར་ཞལ་བཞེས་ཀྱིས་སྤྱི་ལོ་ ༢༠༢༥ ཟླ་ ༡ ཚེས་ ༧ ཏེ་སྣང་སྟོན་ཟླ་བ་རྒྱལ་མཚན་གྱི་འདས་མཆོད་ཉིན་སྔ་དྲོའི་ཆུ་ཚོད་༨།༣༠ ཐོག་ྋདཔལ་གཤེན་བསྟན་སྨན་རིའི་གླིང་གི་འདུལ་ཁང་ནང་དུ་བླ་མར་ཁྲི་བཞེངས་མངའ་གསོལ་དང་མཎྜལ་སྐུ་གསུང་ཐུགས་རྟེན་འདེགས་འབུལ་ཞུས་གནང་སོང་ལ།



བླ་མ་ཁྲི་པའི་ཁྲི་བཞེངས་ཀྱི་ལམ་སྲོལ་ལྟར། ༸སྨན་རིའི་བླ་བྲང་དང་སྨན་རིའི་གྲྭ་ཚང་དང་། བོད་ཀྱི་བོན་པོ་ཚོགས་པ། བལ་ཡུལ་གཡུང་དྲུང་བདེ་ཆེན་གླིང་བོན་ཚོགས་སོགས་དགོན་སྡེ་དང་ཚོགས་པ་ཆེ་ཆུང་ཁག་ནས་མཎྜལ་སྐུ་གསུང་ཐུགས་རྟེན་འདེགས་འབུལ་དང་། དེ་རྗེས་གཡུང་དྲུང་བདེ་ཆེན་གླིང་བོན་ཚོགས་ནས་འདུས་མང་ཡོངས་ལ་འགྱེད་མང་ཇ་དང་། སེར་སྐྱ་མི་མང་ལ་འབྲས་སིལ་སོགས་འདེགས་འབུལ་ཞུས་གནང་སོང་།

